Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཅིན་མངར་གྱི་ན་ཚ་ཡོད་ན་ཚལ་རིགས་འདི་གཉིས་བསྟེན་ན་ལེགས།

Posted on 2015-07-232015-07-24 By ཡེ་ཤེས་ 3 Comments on གཅིན་མངར་གྱི་ན་ཚ་ཡོད་ན་ཚལ་རིགས་འདི་གཉིས་བསྟེན་ན་ལེགས།

ཀླུ་སྨྱོན།

དེང་སང་བོད་པའི་ནང་དུ་གཅིན་པ་མངར་འགྱུར་རམ་གཅིན་སྙི་ཞེས་པའི་ན་ཚ་འདི་ཡོད་མཁན་ཧ་ཅང་མང་པོ་ཞིག་འདུག རྒྱུ་མཚན་ནི་མི་མང་པོ་ཞིག་གི་འཚོ་བའི་ཆ་རྐྱེན་ཅུང་ཇེ་ལེགས་སུ་སོང་བར་བརྟེན་སྔོན་ཆད་ལྟ་བུར་ལུས་ཤུགས་ངལ་རྩོལ་བྱེད་མི་དགོས་པའི་འཚོ་བ་ཞིག་རོལ་ཐུབ་པ་དང་། ཡང་ཟས་རིགས་མངར་མོའི་རིགས་མང་པོ་ཞིག་ངམ་ངམ་ཤུགས་ཀྱིས་ཟོས་དང་བཟའ་བཞིན་པ་སོགས་ཀྱི་དབང་གིས་ཡིན། དེར་བརྟེན་བོད་མི་མང་པོ་ཞིག་གིས་ལོ་རེ་བཞིན་རང་ལུས་ཀྱི་ཁྲག་ལ་བརྟག་དཔྱད་བྱས་རྗེས་སྨན་པས་གཅིན་པ་མངར་འགྱུར་གྱི་ན་ཚ་འདུག་ཅེས་བརྗོད་ཡོད་པ་དང་། དེ་མ་ཐག་ལ་ལ་ཞིག་དངངས་སྐྲག་ལངས་ཡོང་གིན་ཡོད། དེ་ནི་འཆི་བར་འཇིགས་པ་ཙམ་མ་ཡིན་པར་སྨན་མང་པོ་ཞིག་ཉིན་རེ་བཞིན་ཟོས་ན་དེའི་དངུལ་གྱི་འགྲོ་སོང་ཡང་ཚད་མཐོན་པོ་ཆགས་འགྲོ་བ་དེ་ཡང་སེམས་འཚབ་ཀྱི་གཞི་རྩ་གཅིག་རེད།
རྒྱ་རིགས་ཀྱི་འཚོ་བའི་ཁྲོད་དུ་གནའ་སྔ་མོ་ནས་ཟ་མ་འདི་དང་དེ་ཟོས་ན་གཟུགས་པོའི་འཕྲོད་བརྟེན་དེ་དང་གན་ལ་ཕན་ཞེས་མི་མང་ཤོས་ཀྱིས་བརྗོད་སྲོལ་དང་ཉོ་སྲོལ་ཡོད་འདུག་ཅིང་། ཟ་མ་དེ་དང་དེའི་ཕན་ནུས་ཀྱི་དབང་གིས་ལུས་ཀྱི་ན་ཚ་མང་པོ་ཞིག་སྔོན་འགྲོ་བྱེད་པར་ཕན་རླབས་ཀྱང་ཧ་ཅང་ཆེན་པོ་ཞིག་ཐོན་ཡོད། ཐ་ན་རྒྱ་རིགས་ཀྱི་འཚོ་བའི་ཁྲོད་དུ་ཆུ་ཁོལ་འཐུང་བའི་ལུགས་སྲོལ་བཟང་པོ་ཞིག་ཡོད་པ་འདི་ཁོ་ནས་ཀྱང་ལུས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་ཧ་ཅང་ཆེ།
ངའི་ངོ་ཤེས་རྒྱ་མོ་ནང་ཆོས་དད་ལྡན་པ་ལོ་དྲུག་ཅུར་ཉེ་བ་ཞིག་ཡོད་པ་དེས་ནམ་རྒྱུན་ཟ་མ་གང་ཞིག་བཟའ་ཡང་འཕྲོད་བསྟེན་ལ་དེ་ཕན་འདི་ཕན་མ་གཏོགས་གང་བྱུང་གི་ཟ་མ་གཏན་ནས་མི་བཟའ། ཕར་བལྟས་ཚོད་ཀྱིས་མོ་རང་ལོ་བཞི་བཅུར་སོན་ཙམ་གྱི་ཕྱི་ཚུལ་ལྡན་པ་མ་ཟད། དེ་བཞིན་ཕྱག་འཚལ་སྐོར་གསོག་སོགས་ཆོས་ལྡན་གྱི་བྱ་བ་གང་ལ་ཡང་དར་མ་སྤྱི་དང་མཚུངས་པར་འཇུག་ཐུབ་པ་ཞིག་ཡིན། ཉེ་ཆར་ང་ཚོ་འདི་གར་བླ་མ་ཞིག་ཕེབས་པའི་སྐབས་སུ་མཉམ་འཛོམས་བྱུང་སྟེ་འཕྲོད་བསྟེན་སྐོར་བརྗོད་རེས་བྱེད་སྐབས་མོ་རང་ལ་གཅིན་མངར་གྱི་ན་ཚ་རིམ་པ་གཉིས་པ་དེ་ཡོད་ཀྱང་སྔོ་ཚོད་གཉིས་ཞོགས་པ་རྟག་པར་བཟའ་བཞིན་ཡོད་པས། ལོ་བཞིའི་རིང་སྨན་རིལ་གཅིག་ཀྱང་བཟའ་མི་དགོས་པར་འདུག་ཅེས་བརྗོད་བྱུང་བས། རང་རིགས་གཅིན་མངར་ན་ཚ་དེ་ཡོད་མཁན་ཚོར་ཕན་དུ་རེ་ནས། སྔོ་ཚལ་དེ་གཉིས་གང་ཡིན་ཡང་ཇི་ལྟར་བསྟེན་དགོས་ལུགས་ཐད་དྲི་བ་དྲིས་པར་ལན་འདི་ལྟར་བཏབ་བྱུང་།
སྔོ་ཚལ་དང་པོ། མཛུབ་ཚལ། དབྱིན་སྐད་དུ་Okara,秋葵 འམ་ཡང་ན་Lady finger ཟེར་བ་དེ་རྐང་གསུམ་ཡུ་རྐང་བཅད་རྗེས་ཆུ་དྲོད་འཇམ་ཕོར་བ་ཕྱེད་ཙམ་ཞིག་དང་མཉམ་དུ་ཞིབ་མོར་བཏགས་ཏེ་ཞོགས་པར་ལྟོ་སྟོང་ལ་འཐུང་དགོས། ཞིབ་བཏགས་བྱེད་སྤྱད་མེད་ན་དེ་རིང་དགོང་མོར་ཆུ་ཁོལ་ནང་སྦངས་རྗེས་སང་ཞོགས་ལྟོ་སྟོང་ལ་ཆུ་ཁོལ་དང་འཐུང་ན་ཡང་འགྲིག ladyfinger
སྔོ་ཚལ་གཉིས་པ། ཀ་པེད་ཏིག་མོ། Bitter melon, 苦瓜 ཞེས་པ་འདིའི་ཕྱེད་ཀ་གཏུབས་པ་དང་། ཡང་སྐྱར་དེ་གྲི་གཞོག་སྲབ་བུར་གཏུབས་རྗེས་ཆུ་ཚ་བོའི་ནང་སྐར་ཆ་སུམ་ཅུ་ཙམ་ལ་སྦངས་རྗེས་ཞོགས་ཇ་དང་མཉམ་དུ་བཟའ་དགོས། Bitter
གྲོགས་པོ་གཅིན་མངར་གྱི་སྙུང་གཞི་ཡོད་མཁན་ཚོས་གོང་གསལ་ཚལ་རིགས་འདི་གཉིས་བསྟེན་ན་ལེགས་པ་ཐུགས་འཇག་ཞུ་བ་དང་ཆབས་ཅིག གྲོགས་པོ་རང་ཉིད་ལ་ན་ཚ་འདི་མེད་ན་ཡང་སྐད་འཕྲིན་སོགས་སུ་བརྒྱུད་བསྐུར་གནང་ན་རང་རིགས་ན་ཚ་འདི་ཡོད་མཁན་གང་ན་སུ་བཞུགས་ཚང་མར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པས། སྤྱོད་འཇུག་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང་། །ཕན་འདོགས་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་འགྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་མེད་དུ། །བསྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཞེས་གསུངས་པ་བཞིན། ལུས་ཅན་ཀུན་གྱི་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་སེལ་ཐབས་ཅི་རིགས་ལ་བརྩོན་པར་འཚལ།།

འཕྲོད་བསྟེན།

Post navigation

Previous Post: དབུས་གཞོན་ལྷན་དང་མཉམ་ལས་བྱེད་མི་ཐུབ་པའི་ཡི་གེ
Next Post: བློ་བཟང་ཡེ་ཤེས་ལགས་བཙོན་ཁང་ནང་འདས་གྲོངས་སུ་གྱུར་པ།

Comments (3) on “གཅིན་མངར་གྱི་ན་ཚ་ཡོད་ན་ཚལ་རིགས་འདི་གཉིས་བསྟེན་ན་ལེགས།”

  1. ཁྱུང་སེ། says:
    2015-07-23 at 2:17 pm

    འཕྲོད་བསྟེན་གྱི་སྐོར་ལ་གསལ་བཤད་དང་བསླབ་བྱ་གནང་བར་དགའ་བོ་བྱུང།
    ༡༽ སྔོ་ཚལ་དང་པོ་དེ་ལ་་་དབྱིན་སྐད་དོན་བསྒྱུར་བྱེད་ན། བུ་མོའི་མཛུབ་མོ་ཞེས་བསྒྱུར་ན་ལེགས།
    ༢༽ སྔོ་ཚལ་གཉིས་པ་དེའི་མིང་ལ། བོད་ཀྱི་སྨན་་གཞུང་ནས། གསེར་གྱི་ཕུད་བུ་ཞེས་མིང་དེ་ནི་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ཡོད་ཡོད་པ་ཡིན་པས་མིང་གསར་འདོགས་དགོས་པ་མ་མཆིས། དེ་ནི་མཁྲིས་པའི་སྨན་མཆོག་ཏུ་གྱུར་པ་ཞིག་ཡིན། གསེར་གྱི་ཕུད་བུ་ཟེར་བའང་བོད་སྐད་དག་མ་ཡིན་པ་སྟེ། གསེར་ཅེས་པ་ནི་སྔོ་ཚལ་དེའི་དང་པོ་མེ་ཏོག་གི་ཁ་དོག་གསེར་གྱི་མདོག་ལྟར་སེར་པོ་ཞིག་ཤར་གྱི་ཡོད། དེ་ནས་ཕུད་བུ་ཞེས་པའང་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་སྟེ། ཕུད་བུ་ཞེས་པ་ནི་བུད་མེད་རྣམས་ཀྱིས་སྣམ་བུའི་སྤུན་བལ་སྐུད་འཁེལ་བྱེད་ཀྱི་འཕང་ལ་བཀལ་རྗེས་ཀྱི་སྐུད་པའི་ཚོམ་བུ་ལ་བཤད་བོད་སྟོད་ཕྱོགས་པ་རྣམས་ཀྱི་ཁ་སྐད་དུ་ད་ལྟའང་བརྗོད་བཞིན་ཡོད། སྔོ་ཚལ་དེ་སྨིན་དུས་དབྱིབས་ཕུད་བུའམ་ཙི་ཙི་དང་འདྲ་བ་ཞིག་ཡོད་ཅིང་ཙི་ཙིའི་རྔ་མ་དང་འདྲ་བའི་རྩེ་ལ་སྔོ་ཡི་བ་ཐག་ཅན་ཅིག་ཡོད། རྒྱ་གར་བས་དེ་ལ་ཀ་རེ་ལ་ཞེས་ཟེར་སྲོལ་འདུག བོན་གྱི་དཔེ་རྙིང་ནས་ཀྱང། སོན་ཤིང་ཕུད་བུ་བཞིན་དུ་ཕྲ་ལ་མང་བར་དཀྲིས། ཞེས་གསུངས་པ་ལྟར་རོ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-07-24 at 12:37 pm

    ཨ་བླ་ཀླུ་སྨྱོན་གྱིས་འགྲོ་བ་མི་རིགས་ཕན་པའི་སྐོར་བྲིས་མཛད་པ་དང་། སྐད་ཀྱི་ཐོག་ནས་རང་གི་ཕལ་སྐད་ཆེས་ཆེར་ཉུང་དུ་སོང་ཡོད་པར་སྤྲོ་བ་འཕེལ། གོང་གསལ་ཚོད་མ་གཉིས་པོ་བོད་འབྲོག་ཡུལ་དང་། ལ་དྭགས་གྲོང་ཡུལ་སོགས་སུ་འབྱོར་དཀའ་བས། གཅིན་སྙི་ནད་རིགས་ཡོད་པ་རྣམས་ཀྱིས་སྔ་དགོངས་དུས་ཀྱི་ཉི་མདངས་སུ་འཕྱན་འཕྱན་དང་། ཆོས་པ་ཡིན་ན་མཆོད་རྟེན་སོགས་ལ་བསྐོར་བ་རྒྱབ་པ་ཆེས་ཕན་ཐོགས་ཆེ། ནད་འདི་ཉིད་ཡོད་པའི་ལ་དྭགས་པ་ཞིག་གིས་གཞན་གཅིན་མངར་ནད་ཡོད་པ་ཞིག་ལ་འགྲུལ་རྒྱབ་པ་ཕན་ཐོགས་འདུག་ཅེས་བཤད་པ་ཐོས། གོང་གསལ་སྔོ་ཚལ་གཉིས་པོ་ངས་རྒྱ་གར་སོགས་སུ་མཐོང་མྱོང་ཡང་བོད་གཙང་དང་། ལ་དྭགས་སུ་་ས་ལ་བཏབ་ནས་སྐྱེས་པ་ཞིག་མཐོང་མྱོང་མེད།
    ་
    སྐད་ཡིག་ལ་རྟོག་དཔྱོད།
    ཕྱི་ཚུལ་ལྡན་པ་མ་ཟད། ཅེས་པར་ཕྱི་ཚུལ་ལྡན་པར་མ་ཟད། ཅེས་འབྲི་ན། ཁ་ན་ཐོན་པ་གཙོ་བོ་མ་ཡིན་པར་མཁས་པས་བྲིས་པའི་ཡིག་སྐད་དང་བསྟུན་པའི་བྱ་བར་ཕན། ཞོགས་པར་ཞེས་པར་སྔ་དྲོ་ཞེས་ཁྱབ་ཆེ་བ་འབྲི་ན། བོད་རིགས་ཡོངས་ཀྱི་གོ་བ་ལ་ཕན། དགོང་མོ། ཞེས་པར་དགོངས་མོ། ཞེས་འབྲི་ན། སྔོན་གྱི་མཁས་པས་བྲིས་པའི་བསྟན་བཅོས་ཀྱི་སྐད་ལ་བག་ཆགས་འཇོག་པ་སོགས་དགེ་མཚན་ཆེའོ།

  3. བེ་རེ་གདོང་ནག says:
    2015-07-27 at 7:17 am

    ཀླུ་སྨྱོན་ཟེར་བའི་སྐྱ་མིན་སེར་མིན། གསར་མིན་རྙིང་མིན་དེ་རྫོགས་པ་ཆེན་པོདང་། དབྱིན་མོ་མགོ་སེར་ཚོ་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པ་མ་ཟད་འཕྲོད་བསྟེན་ཐོག་འང་ཞིབ་་འཇུག་པ་ཞིག་ཡིན་ས་རེད། ངོ་མ་ཧྲ་གི། ཀུ་རེ་དགོངས་དག། གང་ལྟར་གྲུབ་ཐུབ་ཆུངཆུང་་ཞིག་རེད་ཟེར་ཆོག་གི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (65)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (30)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme