མིང་དང་མིང་གི་ཁྱད་ཆོས་གླུ་རུ་ལེན།
མགོ་གི་ནམ་མཁའ་སྔོན་པོ་སྔོ་ཐིང་ཐིང་།།
ནམ་མཁའི་ཉི་མ་སེར་པོ་སེར་ལམ་ལམ།།
ཕར་ན་གྲོང་ཁྱེར་ཆེན་པོ་ཁྲ་སྤུངས་སེ།།
སྣང་བ་སྐྱིད་པོ་འདི་ན་དགའ་ཡལ་ལེ།།
མཐའ་ན་མེ་ཏོག་དཀར་དམར་ཁྲ་ཆིལ་ཆིལ།།
གཡས་ན་སྡོང་རྒན་ཆེན་པོ་འདར་སིག་སིག།
གཡོན་ན་གཡུ་མཚོ་སྔོན་མོ་སྔོ་ལྡེམ་ལྡེམ།།
ནང་ན་ངེད་གཉིས་གྲིབ་གཟུགས་ནག་ཡོམ་ཡོམ།།
མདུན་ན་བདུད་རྩི་སྨུག་པོ་དམར་དྭངས་ངེ།།
འཁྲིས་ན་སྙིང་སྡུག་མཛེས་མ་གཉོམ་དུངས་ངེ།
སེམས་ན་སྙིང་གཏམ་ཟབ་མོ་ལྗིད་ཏིག་གེར།།
གསེང་ན་འདོད་པ་ཁོལ་མ་ཚ་སོབ་བེ།།
ཆགས་པའི་བཞིན་མདངས་དམར་མོ་དམར་གོ་རེ།།
འདོད་པའི་མིག་ཟུང་རྣོན་མོ་ཁྲ་གོར་རེ།།
ངག་གི་སྐད་ཆ་སྙན་མོ་འདར་ཁྲུལ་ལེ།།
ནང་གི་འདུན་པ་ཆེན་མོ་གསལ་ལྷང་ངེ་།།
གཅིག་གིས་གཅིག་ལ་འཁྱུད་ན་བཟི་འཐོམས་མེ།།
མཆུ་སྒྲོས་མཆུ་སྒྲོས་ཐུག་ན་དྲོད་ལམ་མེ།།
དབང་བོས་དབང་བོ་རེག་ན་བདེ་ཆམས་མེ།།
ཆགས་པའི་མེ་དཔུང་དྲག་པོ་ཚ་ལམ་མེ།།
གདོང་ན་རྔུལ་བའི་དོག་པ་ཁྲུམ་ཁྲུམ་ཁྲུམ
བྲང་གི་དཀར་ཟླུམ་ནུ་མ་མཁྲེགས་རིལ་རིལ།།
ལུས་ཀྱི་བ་སྤུ་འཇམ་པོ་མགོ་ཟིང་ཟིང་།།
འདོམས་ཀྱི་ཆུ་སྐྱེས་ཆུ་ཅན་བརླན་ནེམ་ནེམ།།
ང་ཡི་ཕོ་མཚན་མཁྲེགས་པོ་ངར་ལམ་ལམ།།
ཤ་ཁུང་བདེ་དྲོད་འབར་བར་མདུང་ཟུག་ཟུག།
བདེ་ཟུག་མ་བཟོད་འཁུན་སྐད་སྒྲ་ལྷང་ལྷང་།།
བདེ་བོ་ཆེན་པོ་རྒྱ་མཚོའི་རླབས་གཡོ་གཡོ།།
དར་ཅིག་དྲན་པ་སྒོ་ཁའི་ནོར་བརླག་བརླག།
ཡུན་ཅིག་ཕྱོགས་བཞི་མ་མཐོང་གཉིད་ཤོར་ཤོར།།
དག་པའི་ཞིང་ནས་ད་ལྟ་རང་སླེབས་སླེབས།།
ནམ་མཁའ་ད་ལངས་ཉི་མ་ད་ཤར་ཤར།།
བྱེའུ་སྙིང་རྗེ་ཁྱུ་གཅིག་དགའ་ཀྲོག་ཀྲོག།
ཌོལ་ཕིན་ཆེན་པོ་ཆ་གཉིས་མྱོ་འཚུབ་འཚུབ།།
ས་འབུ་ནག་རིང་གཅིག་གི་ཡིད་ཚིམ་ཚིམ།།
དགའ་བའི་ལྟད་མོ་མཐོང་མཁན་གཞན་ཨེ་ཡོད།།
ཁ་བརྡ་ནི་བོད་རིགས་གྲོགས་པོ་སྐོར་གཅིག་གིས་མཉམ་རུབ་ཀྱིས་བཏོན་པའི་གླེང་སྟེགས་ཤིག་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༠ གི་ཆུ་ཚོད་ ༡༨ སྐར་མ་ ༡༩
ཨ་རོ་མདའ་ཚན་པ།
ཁྱེད་རང་གིས་འཛགས་སའི་བུད་མེད་དེ་རང་གི་རིག་མ་རེད་དམ། གཞན་གྱི་ཆུང་མ་རེད། ཨ་ལ་ཀུ་རེ་ཡིན་ད།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༠ གི་ཆུ་ཚོད་ ༢༢ སྐར་མ་ ༢༥
རྩོམ་རྩལ་ངར་གི ད་སྐབས་འདི་མོ་འབྲི་མཁན་ཡོད་པར་དགའ་ནས་བསྡད་ཡོད།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡༠ སྐར་མ་ ༡༤
སྔོ་ཐིང་ནམ་མཁའ་ཀླད་མེད་མགོ་ན་འཐིབས།།
སེར་སེར་ཉི་་མ་འཆར་བའི་རེ་བ་བྲལ།།
ཆེན་པོའི་གྲོང་ཁྱེར་ཕ་གིའི་མི་རྒན་དེ།།
སྐྱོ་གདུང་སེམས་པས་བྲང་ལ་རྔ་བཞིན་བརྡུང།།
དཀར་དམར་ཁྲ་ཆིལ་མེ་ཏོག་ཆར་གྱིས་བརྡུངས།
རྩ་རུལ་སྡོང་རྒན་འདར་བཞིན་ས་ལ་གྱེལ།།
སྔོན་མོའི་གཡུ་མཚོ་རྙོག་མའི་འདམ་དང་འདྲེས།
སེམས་ངན་མི་གཅིག་དེ་མུར་ཀློང་དུ་འཁྱེར།།
མདུན་གྱི་སྨུག་པོའི་མདུད་རྩི་ས་ལ་འཕོ།།
འཁྲིས་ཀྱི་ཁྲེལ་མེད་མཛེས་མ་དགའ་ལྷང་ངེ་།།
བརྗིད་མེད་སྙིང་གཏམ་ལོ་མ་རླུང་གིས་བདས།།
ཚ་སོབ་འདོད་པ་ད་ཡོད་ད་མ་མཆིས།།
ཆགས་པས་དམར་བའི་བཞིན་ནི་སྐྱ་བོར་གྱུར།།
འདོད་པས་དམར་བའི་མིག་ཟུང་གཏན་དུ་ཟུམ།།
སྙན་མོའི་སྐད་ཆ་བྲག་ཆ་བཞིན་དུ་ཡལ།།
བརྟན་པོའི་འདུན་པ་ད་ནི་མ་བརྟན་ཐལ།།
བཟི་བཟི་འཐོམ་འཐོམ་རྣམ་པར་ཤེས་པ་དེ།།
དྲོད་མེད་མཐུག་པོའི་ལུས་ནས་ཡུད་ཀྱིས་བྲལ།།
ཉ་དང་སྲིན་བུས་ཡང་ནས་ཡང་ཕུག་ཀྱང་།།
བདེ་སྡུག་ཚོར་མེད་ཀྱེ་མ་འདི་ཅི་ཞིག །
ཨོྃ་མ་ཎི་པདྨེ་ཧུྃ།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡༠ སྐར་མ་ ༣༢
ཆོས་འཕེལ་འཆལ་བོས་མྱང་ནས་བྲིས་པ་དང་།། མི་ཕམ་བཙུན་པས་མྱང་ནས་བྲིས་པ་གཉིས།། བྱིན་རླབས་གནད་ཀྱི་ཚན་ཁ་མི་འདྲ་བ།། ཆགས་ལྡན་ཕོ་མོས་ཉམས་སུ་བླང་ན་ཤེས།། ཟེར་ནོ་ཅི་མ་བདེན་ནས། ཀློག་རྒྱུ་ལ་ཡང་ངོ་འདྲ་ཚ་ནས་ཡོང་གི
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡༠ སྐར་མ་ ༥༤
གལ་སྲིད། ང་ལ་རྩོམ་རྩལ་ཞིག་ཡོད་པ་ཡིན་ན། བོད་ལ་མིང་གི་ཁྱད་ཆོས་སྟོན་བྱེད་ཕུན་སུམ་ཚོགས་པོ་ཡིན་པས་ཡིན་རྒྱུ་རེད། དངོས་པོ་ཞིག་གི་རྣམ་པ། གནས་སྐབས། དབྱིབས། འགུལ་སྐྱོད་སོགས་སྟོན་པའི་ཁྱད་མིང་ཅི་འདྲའི་ཕུན་སུམ་ཚོགས་པ་མང་པོ་ཞིག་ཡོད་པ་རེད་ཨང་།
སྔོན་མའི་གཞུང་ལུགས་དག་གི་ཚིག་སྐམ་དང་། བརྡ་རྙིང་དང་སྔོན་བརྗོད་གྱོང་རུ་རེ་ལ་འཇུས་འདུག་པ་ལས་ཕ་སྐད་མ་སྐད་ཀྱི་རྒྱ་མཚོའི་ནང་ཞུགས་དང་མིང་དང་ཚིག་ལ་མཛད་མཐའ་ཡོད་པ་མ་རེད། ད་ལྟའི་རྩོམ་པ་པོ་ཚོས། གཤམ་གསལ་གྱི་འདི་ལྟ་བུས་མཚོན་པའི་བོད་སྐད་རྣལ་མ་མང་པོ་ཞིག་བེད་སྤྱོད་མང་པོ་མི་་གཏོང་བ་དེ་ཅི་ཡིན་ན།
མིང་དང་བྱ་བའི་ཁྱད་ཆོས་སྟོན་པར་དངོས་པོ་དཀར་པོ་གཅིག་པོའི་ཐོག་ནས་ངས་ཁྱེད་ཚོར་དཔེ་མཚོན་འགའ་ཤས་དྲངས། ཚིག་རེ་རེ་བཞིན་ཞིབ་མོས་ཐེངས་གཅིག་ཀློག་དང་།
དཀར་མདོང་། དཀར་མདོང་མདོང་། དཀར་མདོང་ངེ། དཀར་མདོང་ངེ་བྱེད། དེ་བཞིན་དུ།
དཀར་རིལ། དཀར་རིལ་རིལ། དཀར་རིལ་ལེ། དཀར་རིལ་རིལ་བྱེད།
དཀར་ལེབ། དཀར་ལེབ་ལེབ། དཀར་ལེབ་བེ། དཀར་ལེབ་ལེབ་བྱེད།
དཀར་ནར། དཀར་ནར་ནར། དཀར་ནར་རེ། དཀར་ནར་རེ་བྱེད།
དཀར་ལམ། དཀར་ལམ་ལམ། དཀར་ལམ་མེ། དཀར་ལམ་ལམ་བྱེད།
དཀར་ལེམ། དཀར་ལེམ་ལེམ། དཀར་ལེམ་མེ། དཀར་ལེམ་མེ་བྱེད།
དཀར་འཚུབ། དཀར་འཚུབ་འཚུབ། དཀར་འཚུབ་བེ། དཀར་འཚུབ་བེ་བྱེད།
དཀར་འཚོམ། དཀར་འཚོམ་འཚོམ། དཀར་འཚོམ་མེ། དཀར་འཚོམ་མེ་བྱེད།
དཀར་འཁྱུག དཀར་འཁྱུག་འཁྱུག དཀར་འཁྱུག་གེ དཀར་འཁྱུག་གེ་བྱེད།
དཀར་ཐར། དཀར་ཐར་ཐར། དཀར་ཐར་རེ། དཀར་ཐར་རེ་བྱེད།
དཀར་ཐོར། དཀར་ཐོར་ཐོར། དཀར་ཐོར་རེ། དཀར་ཐོར་རེ་བྱེད།
དཀར་ཡུག དཀར་ཡུག་ཡུག དཀར་ཡུག་གེ དཀར་ཡུག་གེ་བྱེད།
དཀར་ལྷབ། དཀར་ལྷབ་ལྷབ། དཀར་ལྷབ་བེ། དཀར་ལྷབ་བེ་བྱེད།
དཀར་དྭངས། དཀར་དྭངས་དྭངས། དཀར་དྭངས་ངེ། དཀར་དྭངས་ངེ་བྱེད།
དཀར་ཐང་། དཀར་ཐང་ཐང་། དཀར་ཐང་ངེ། དཀར་ཐང་ངེ་བྱེད།
དཀར་ཐིང་། དཀར་ཐིང་ཐིང་། དཀར་ཐིང་ངེ། དཀར་ཐིང་ངེ་བྱེད།
དཀར་སོབ། དཀར་སོབ་སོབ། དཀར་སོབ་བེ། དཀར་སོབ་བེ་བྱེད།
དཀར་སིག དཀར་སིག་སིག དཀར་སིག་གེ དཀར་སིག་གེ་བྱེད།
དཀར་ཉོག དཀར་ཉོག་ཉོག དཀར་ཉོག་གེ དཀར་ཉོག་གེ་བྱེད།
དཀར་འདག དཀར་འདག་འདག དཀར་འདག་གེ དཀར་འདག་གེ་བྱེད།
དཀར་བོངས། དཀར་བོངས་བོངས། དཀར་བོངས་ངེ། དཀར་བོངས་ངེ་བྱེད།
དཀར་ཆེམས། དཀར་ཆེམས་ཆེམས། དཀར་ཆེམས་མེ། དཀར་ཆེམས་མེ་བྱེད།
དཀར་ཤར། དཀར་ཤར་ཤར། དཀར་ཤར་རེ། དཀར་ཤར་རེ་བྱེད།
དཀར་ལྷོག དཀར་ལྷོག་ལྷོག དཀར་ལྷོག་གེ། དཀར་ལྷོག་གེ་བྱེད།
དཀར་ལོག དཀར་ལོག་ལོག དཀར་ལོག་གེ དཀར་ལོག་གེ་བྱེད།
དཀར་མེར། དཀར་མེར་མེར། དཀར་མེར་རེ། དཀར་མེར་རེ་བྱེད།
དཀར་མོག དཀར་མོག་མོག དཀར་མོག་གེ དཀར་མོག་གེ་བྱེད།
དཀར་རིགས། དཀར་རིགས་རིགས དཀར་རིགས་གེ དཀར་རིགས་གེ་བྱེད།
དཀར་ཤངས། དཀར་ཤངས་ཤངས། དཀར་ཤངས་ངེ། དཀར་ཤངས་ངེ་བྱེད
དཀར་ཡོམ། དཀར་ཡོམ་ཡོམ། དཀར་ཡོམ་མེ། དཀར་ཡོམ་མེ་བྱེད།
དཀར་ཞིག དཀར་ཞིག་ཞིག དཀར་ཞིག་གེ དཀར་ཞིག་གེ་བྱེད།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡༠ སྐར་མ་ ༥༧
སྔོན་བརྗོད་ནོར། མངོན་བརྗོད།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡༡ སྐར་མ་ ༡༢
མྱངས་ནས་བྲིས་པ་མ་ཡིན་བསམས་ནས་བྲིས།།
མིང་གི་ཁྱད་ཆོས་ཁྱད་ཡོན་སྟོན་ཕྱིར་བྲིས།།
ཁྱད་ཆོས་གཅིག་པོ་བརྗོད་ན་ཉོབ་སྲིད་པས།།
ཁོར་ཡུག་མི་སྣ་རང་གིས་བཞེངས་ནས་སྦྱར།།
དགེ་སློང་ངོ་ཚ་བྱུང་ན་མཐོ་ལོ་བཤགས།།
ཡ་རབས་ཐུགས་དང་འགལ་ན་མཐོ་ལོ་བཤགས།།
བསམ་པ་བཟང་བོས་སྦྱར་བས་རང་གནོངས་མེད།།
ངན་པའི་གྲལ་དུ་གཡུག་ན་འགྱོད་པ་མེད།།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡༡ སྐར་མ་ ༢༩
ཕ་བུའི་འབྲེལ་བ་ཆད་ལ་ཁད་དེ་བུ་ལོན་སྒྲུབ་འཇལ་ཙམ་ལ་ཐུག།
ཕུ་ནུའི་འབྲེལ་བ་ཡལ་ཡལ་ཆོག་སྟེ་སྐུད་པ་ཁེར་སྐྱ་ཞིག་ལ་བརྟེན།།
གྲོགས་ཀྱི་འབྲེལ་བ་ད་ཡོད་ད་མེད་ཆུ་ལ་གཉེར་རིས་ལངས་པ་བཞིན།
ཕོ་མོའི་འབྲེལ་བ་མི་ཚེ་གཅིག་སྟེ་མཇེ་དང་རྙ་མས་དམ་ལ་བཏགས།།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡༡ སྐར་མ་ ༤༥
ཁ་བརྡ་དྲ་ཁང་ཉུལ་ནས་མང་ཙམ་ཕྱིན།།
སེམས་པ་ཀྲོག་སེ་གཏོང་མཁན་རྩོམ་མི་འདུག
ལུས་སེམས་ཉོབ་སྣང་དཀྲོགས་བྱེད་ཆགས་སྲེད་གཏམ།།
རབ་གསལ་དཔོན་གྱིས་མཐོང་ན་གསུབ་འཇོག་གི།།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡༢ སྐར་མ་ ༡༢
མདའ་ཚན་པ་འདི་སྐྲག་ཤོར་སྙིང་ཆུང་ཞིག་ཡིན་ཤག
ད་གསང་ལས་ཕྱི་བསྒྲགས་བྱས་པ་བཟའ་ཟླས་ཧ་གོ་ཡོང་བར་ཞེད་ནས་མྱངས་ནས་བྲིས་པ་མ་ཡིན་བསམས་ནས་བྲིས་པ་ཡིན་ལབ་མི་འདུག་གེ།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡༧ སྐར་མ་ ༥༧
རེད་རེད། བོད་ཀྱི་བུ། ནོར་མི་འདུག ཆེས་སྐྲག་ས་དེ་སྐྱེས་སྨན་ཡིན། སྐྱེས་སྨན་ཞིམ་མེ་དང་ང་ཙི་ཙི་རེད།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡ གི་ཆུ་ཚོད་ ༢༣ སྐར་མ་ ༥༤
མདའ་ཚན་པ་ལགས་
མིང་དང་མིང་གི་ཁྱད་ཆོས་གླུ་རུ་ལེན་ཞེས་་པ་དེ་ཧ་ཀྱང་ཡག་པོ་འདུག་
རྩོམ་རྩལ་དང་ཕྱོགས་ཡོངས་ནས་ང་ལྟ་བུ་ཞིག་གིས་ལོ་འཁོར་གཅིག་རིང་བྲིས་ན་མ་གཏོགས་རྩོམ་དེ་འདྲ་ཞིག་འབྲི་ཐུབ་ས་མ་རེད།
ང་བུ་མོ་ཞིག་ཡིན་ན་ཁྱེད་ངས་ཁྱོ་ག་ཨེ་རེག་གི་ཐབས་ཤེས་བྱེད་ས་རེད།མ་ལོན་ན་དགའ་རོགས་ཡིན་རུང་བསྒྲིག་ཨེ་ཐུབ་བལྟ་ས་རེད།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢ གི་ཆུ་ཚོད་ ༧ སྐར་མ་ ༢༠
རྒན་མདའ་ཚན་པ་ཁྱེད་ལ་བསྟོད་ན་ཁྱོའི་དབུ་དང་མཇེ་མགོ་གཉིས་ཇེ་སྦོམ་རུ་འགྲོ་རྒྱུ་ལས་མེད་བསམ་མོད། སྙན་ངག་འདི་འདྲའི་ཚིག་དོན་གཉིས་ཀ་ཟབ་མོ་དང་སྙན་མོ་བྲིས་ན་མི་བསྟོད་རང་བསྟོད་རེད།
དར་ཆེ་ལ་གོ་སླ་བའི་མིང་ཚིག་འདི་དག རང་རེའི་སྙན་ངག་པར་རློམ་པ་མང་པོའི་སོ་འོག་ནས་སྙི་ལ་མིག་འོག་ནས་ཕྲ་བ་འདི་ཚོས་ཉིད་ཀྱིས་བློས་བསླངས་པའི་སྣོད་བཅུད་དང་ལུས་སེམས་ཀྱི་ཚོར་བ་རྣོན་པ་དེ་ཚོ་སེམས་ལ་ཁྲ་ལམ་མེར་ཁྱེར་ཡོང་གི ཀློག་པ་པོའི་དབང་པོ་ལྔར་ཚོར་ཤེས་སྦྱིན་ཐུབ་པའི་ནུས་པ་འདི་རྒྱུ་རྐྱེན་མང་པོ་ཞིག་འཛོམ་པས་ལོས་ཡིན། བོད་ཀྱི་ཕུན་སུམ་ཚོགས་པའི་མིང་ཚིག དེ་བེད་སྤྱོད་ཐུབ་པའི་ཤེས་འཇོན། རང་བྱུང་ཁམས་དང་མིའི་འཚོ་བར་བཅངས་པའི་ཞིབ་དཔྱོད་ཤེས་ཚོར། རྟོག་བཟོ་འམ་བློས་བསླང་བྱེད་ཐུབ་པའི་ནུས་པ་ཆེན་པོ། བུ་རང་གི་ལྷན་སྐྱེས་ཀྱི་ཤེས་རབ། མི་ཚེ་དང་སློབ་གསོ་བརྒྱུད་ནས་ཐོབ་པའི་སྦྱངས་སྟོབས་ཀྱི་ཡོན་ཏན་ཞེས་པ་དེ། གཞན་ཀློག་པ་པོའི་ཐ་སྙད་དང་བསམ་བློའི་འཇིག་རྟེན་སོགས་མང་པོ་ཞིག་ལ་རག་ལས་ཡོད།
གང་ལྟར་སྙན་ངག་ཅི་ཙམ་བཏོན་ན་དེ་ཙམ་འདོན་སྙིང་བྲོ་བ་ཞིག་བྲིས་འདུག འཚམས་འཚམས་ལ་ངའི་གསང་བ་ཁྱོས་ཤེས་ཡོད་ས་རེད་བསམ་ནས་དྭོགས་པའང་སྐྱེ་འཇུག་གི འཚམས་རེར་”མཛེས་མ་གཉོམ་དུངས་ངེ་”ཞིག་དང་ལྷན་དུ་འདི་འདྲ་ཞིག་བྱེད་ཐུབ་རྒྱུའི་ལུང་བསྟན་ཡིན་རྒྱུ་རེད་བསམ་ནས་ཧམ་སེམས་འང་སྐྱེ་གི ངས་ཡང་འདི་འདྲ་ཞིག་འབྲི་ཐུབ་ན་བསམ་ནས་ཁྱེད་ལ་ཕྲག་དོག་འང་སྐྱེ་གི ཁྱོའི་སྙན་ངག་འདི་ཉམས་ལེན་བྱེད་མ་ཐུབ་ནའང་སྨན་བུ་མོ་ཁ་ཤས་ཀྱི་སྙན་ལམ་དུ་འཇོག་ཁག་ཐག་ཡིན།
མི་མཐུད་དུ་འབྲི་རོགས་གནང་། ཁྱོའི་སྐུ་ཚེ་རིང་། ཁྱོའི་སྙན་ངག་གི་སྐུ་ཚེ་རིང་།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢ གི་ཆུ་ཚོད་ ༩ སྐར་མ་ ༥༨
ཡ་ཡ་ཡ། ཁ་ཡག་མི་འཕྲོད་དེ། ཁྱེད་ཚོ་རེ་ཟུང་གིས་བསྟོད་པ་གནང་བ་དགའ་ནི་ཡིན། བསྟོད་པ་དང་ལེན་བྱེད་གི་ཡིན།
སྐུ་ཚེ་རིང་བ་དང་སྙན་ངག་གི་སྐུ་ཚེ་རིང་ཟེར་བ་འདི་ངོས་ལེན་ཡོངས་སུ་བྱེད་དཀའ་སེ་བ་ཞིག་གདའ།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢ གི་ཆུ་ཚོད་ ༡༠ སྐར་མ་ ༣༩
མདའ་ཚན་པ་ཁྱོས་ལབ་མ་རྒྱག།
ཁ་ཡག་མི་འཕྲོད་སུ་ཞིག་ཡོད།།
བོད་ཀྱི་རྒྱལ་བ་པཎ་ཆེན་ཡང་།།
ཉི་ཟླ་འདྲ་ཞེས་བརྗོད་ན་མགུ།།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༣ གི་ཆུ་ཚོད་ ༥ སྐར་མ་ ༠༤
ཁ་ཡག་མིན། བུ་རང་གི་བསམ་ཚོར་ཡིན།
ད་དུང་བཤད་རྒྱུ་ཞིག་ལ། གཟུགས་བརྙན་(images)ཡང་ཡག་མོ་མང་པོ་བཞེངས་འདུག གཟུགས་བརྙན་གྱི་ལམ་ནས་ཁྱེད་ཀྱི་སྙན་ངག་གི་བརྗོད་བྱ་དེ་ཚོ་མིག་ལ་ཁྲ་ཆིལ་ལེ་ཤར་ཡོང་བ་ཞིག་བྲིས་འདུག དཔེར་ན་ཀློག་སྟངས་གཞན་ཞིག་ནས་ཀློག་ན་ཤ་ཁུང་ལ་མདུང་ཟུག་ཟུག་བྱེད་མཁན་གྱི་ཕོ་མཚན་མཁྲེགས་པོ་དེ། འཁྲིག་སྤྱོད་ཀྱི་བདེ་བ་ཐོབ་རྗེས་སུ་ཡིད་ཚིམ་པའི་ས་འབུ་ནག་རིང་ཞིག་ལ་འཐིམ་འགྲོ་གི་འདུག་ག བདེན་པ་ལ་་་
“ཁྱོའི་སྐུ་ཚེ་རིང་། ཁྱོའི་སྙན་ངག་གི་སྐུ་ཚེ་རིང་།”ཞེས་པ་དེ་ངོས་ལེན་བྱེད་དཀའ་ན་ཡང་། ཁྱེད་གསོན་བསྡད་ན་སྙན་ངག་འདི་འདྲ་མང་པོ་མཇལ་ཐུབ་རྒྱུ་རེད་བསམ་ནས་རང་དོན་གྱི་ཆེད་དུ་ཁྱོ་ཚེ་རིང་ཞུས་པ་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༣ གི་ཆུ་ཚོད་ ༢༡ སྐར་མ་ ༢༤
མདའ་ཚན་པ་ཡིས་གླུ་ཞིག་བླངས།
འབུམ་གཅིག་རྒད་པོའི་སེམས་པ་བཀུག
གླུ་དེ་ཚར་རེ་མ་བཏོན་ན།
མཚན་མོའི་ཉལ་ས་མི་བདེ་གི།།
མེ་དང་ཉོན་མོངས་འདོད་ཆགས་གཉིས།
བསྲོས་ནས་བསྲོས་ན་ཚིམ་པ་མེད།
ཟེར་པའི་གནའ་མོའི་གཏམ་དཔེ་དེ།
དེ་རིང་རྒད་པོ་ང་ཡིས་མྱོང་།།
ཁྱེད་ཀྱི་སྙན་པོ་གླུ་ཚིག་གིས།
ང་ཡི་སེམས་པ་བགས་མར་བསུས།
བྲང་ཁོག་ཕ་མས་མ་བྱིན་པས་།
ཁ་སང་མཚན་མོར་བྲོས་མོ་སོང་།།