གཡུ་ཐོག་བུ།
སྲིད་འབྱོར་རིག་གསུམ་སྲིད་པའི་རྩེ་མོར་གྲགས་ཤིང་། ས་གསུམ་དབང་དུ་བསྒྱུར་མྱོང་བར་ཁས་འཆེས་པའི་བོད་པ་ཚང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་དགའ་བ་ཞིག་སྒོམ་ནས་དེ་རིང་སྐྱ་ཟད་འུ་ཐུག་གི་གནད་དོན་ཞིག་མི་གླེང་ཀ་མེད་རེད། རང་རེའི་བོད་ལ་རྒྱ་དམར་གྱི་བཙན་འཛུལ་བྱས་རྗེས་བོད་མི་མང་ལ་བཟོད་ཐབས་མེད་པའི་གྱོང་གུན་ཚབས་ཆེན་བྱུང་བ་ནི་ང་ཚོའི་གངས་དཀར་སེམས་ཀྱི་ངོས་སུ་གསལ་གསལ་ཐིང་ཐིང་རེད། རིག་གནས་གསར་བརྗེའི་དར་ཆའི་འོག་ཏུ་བོད་ཀྱི་བསམ་བློའི་གཤིས་ཀ་དང་། རིག་པའི་གཞུང་ལུགས་ཕལ་ཆེར་དམིགས་མེད་ཤི་གསོན་གྱི་གནས་དུ་གྱར་ཡོད།