རྨོག་རུ་ཚང་ཤེས་རབ་རྡོ་རྗེ། (རྒྱལ་ས་ལྡི་ལི།)
—–(དཔྱད་བརྗོད་ཐུང་བུ་འདི་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་ཏེ་བགྲང་བྱ་༢༥ འཁོར་བར་ལེགས་སྐྱེས་སུ་ཕུལ་བ་དགེའོ།)
དཀའ་སྡུག་དང་སྙིང་སྟོབས་ཀྱི་དུས་སྐབས།
ཐོག་མར་སྤྱི་ལོ་༡༩༥༩ ལོར་དགྲ་བོ་རྒྱ་དམག་གིས་བོད་ཀྱི་རྒྱལ་ས་ལྷ་ས་བཙན་བཟུང་བྱས་ཏེ། ཕོ་བྲང་པོ་ཏཱ་ལ་དང་བཞུགས་སྒར་ནོར་བུ་གླིང་ཀ་སོགས་དྲག་ཆས་དམག་མིས་བསྐོར། བོད་ཀྱི་ཆབ་སྲིད་གནས་བབ་ནི་ཆེས་མཐའ་མཇུག་གི་ཤི་གསོན་ཐག་གཅོད་ལ་ཐུག་པའི་དུས་དེར།