རྡོ་རྗེ་རིན་ཆེན།(སྐྱ་རེངས)
ཐོས་བྱུང་། ངས་མཚམས་མེད་པར་ཐོས་བྱུང་།
རྒྱ་མཚོའི་ཕ་རོལ་ནས་འཕྱོ་འོངས་པའི་རླབས་སྒྲ་ཞིག་ཐོས་བྱུང་།
དེ་ནི། སུན་སྣང་གིས་དཀྲུགས་པའི་ངའི་ཡ་ཆུང་ལ་ཟུག་ཅིང་།
ཁེར་རྐྱང་གིས་གདུང་བའི་ངའི་བྲང་གཞུང་ལ་འདྲེས།
དངུལ་ཆུ་བཞིན། འོད་ཁྲིག་ཁྲིག་གི་རྒྱ་མཚོ།
ཟིལ་ཐིགས་ལྟར། གྲང་བསིལ་བསིལ་གྱི་མཚོ་རླུང་།
དེ་ལས་མང་བ་། “འོད་ཁྲིག་ཁྲིག་གི་རྒྱ་མཚོ། གྲང་བསིལ་བསིལ་གྱི་མཚོ་རླུང་།” »