http://finance.yahoo.com/video/china-views-protests-hong-kong-000700360.html?soc_src=copy
བོད་རིཊ་སློབ་མ་ ༣ བསད་པ།
ཟླ་འདིའི་ཕྱི་ཚེས་༢༥ ཉིན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་བོད་རིགས་སློབ་མ་༤ ལ་རླངས་འཁོར་གྱིས་བརྡུངས་ཏེ་སློབ་མ་༣ བསད་ཡོད་སྟབས། འདས་པོའི་ཁྱིམ་མི་སོགས་ཀྱིས་སྲིད་གཞུང་གིས་དྲང་བདེན་སྐྱོང་དགོས་པའི་ཞུ་སྐུལ་བྱེད་བཞིན་འདུག འདི་གར་དགེ་བཤེས་སེར་སྨད་བློ་དགའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༥ ཉིན་རྒྱལ་མོ་ཚ་བ་རོང་ནས་ཡིན་པའི་བོད་རིགས་སློབ་མ་༤ ་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་གཞུང་ཞབས་པར་རྒྱུགས་སྤྲོད་དུ་ཕྱིན་ཏེ། གནས་ཚུལ་ཞིབ་གསལ་འདིར་གཟིགས་http://www.tibettimes.net/news.php?showfooter=1&id=9351
བདེ་སྡུག་དང་བདེན་དོན་གྱི་ཚབ་མཚོན་འཕེར་བར་བསྙོན་དུ་མེད།
བྱ་གཞུང་འཇམ་བྷེ།
༧གོང་ས་མཆོག་གིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་བདེན་དོན་གྱི་ཚབ་མཚོན་འཕེར་བར་བསྙོན་དུ་མེད།
ཆབ་དཔལ་རིག་གསུམ་གྱི་སྟོབས་ཤུགས་དར་རྒྱས་ཕྱིན་མིན་གྱི་སྤྱི་ཚོགས་ཆེ་ཆུང་གང་ཡིན་ན་ཡང་། དེ་དང་དེའི་ཁོར་ཡུག་དང་སེམས་ཁམས་གྲུབ་ཆ་དང་བསྟུན་ནས་འཇིག་རྟེན་དེའི་ཚབ་མཚོན་མི་སྣའི་སྐྱེས་བུ་ཞིག་ཡོད་ཡོད་པ་རེད་ལ། དེ་ལྟར་ཡོད་དགོས་པའི་གནས་ལུགས་དང་གཏན་ཚིགས་ཀྱང་ཁུངས་མ་ཞིག་ཡོད་བ་རེད། དེར་བརྟེན། ང་ཚོའི་འཇིག་རྟེན་འདིའི་མི་མང་གི་རེ་བ་དང་ཡིད་ཆེས་བཅོལ་ས། དད་འདུན་དང་འདོད་བློ་སྐོང་བའི་དཀོན་མཆོག་དང་སྐྱབས་ཟེར་བ་འདི་བྱུང་བ་རེད།
དེ་ལས་མང་བ་། “བདེ་སྡུག་དང་བདེན་དོན་གྱི་ཚབ་མཚོན་འཕེར་བར་བསྙོན་དུ་མེད།” »
སྟོན་མཇུག་དང་མི་ཚེ།
བྱ་མདོ་སྐལ་རྒྱམ།
འབྲས་བུ་སེར་བོ་ཞིག་གི་སྟོན་འབྲས་མ་སྨིན་གོང་དུ
བཟའ་ཤིང་གི་ལྗང་ལོ་རྣམས
སེར་ཐིག་གིས་མཐའ་ནས་ཟོས་སོང
གྲོགས་པོ་ཚོས་བཤད་ན
ངའི་མགོ་རུ་ཡང
སྟོན་མཇུག་གི་སེར་ཐིག་ལྟ་བུའི་དུས་ཆད་ཕོག་འདུག་ཟེར