བསྟན་འཛིན་འཇམ་དཔལ་གྱིས་མཚམས་སྦྱོར་བྱས།
ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཉི་མ་ལགས་ཀྱིས་བརྩམས་པའི་༼རེབ་གོང་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པའི་སྔ་རྗེས༽ ཞེས་པའི་དཔེ་དེབ་ཅིག་པར་བསྐྲུན་འགྲེམས་སྤེལ་བྱས་འདུག
དེ་རིང་ཚེས་ ༡༣ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ནས་ཁང་གིས། ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཉི་མ་ལགས་ཀྱི་རང་དབང་རྩོད་ལེན་འོག་མནར་གཅོད་མྱངས་པའི་གནས་སྟངས། ༼རེབ་གོང་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པའི་སྔ་རྗེས༽ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་འདུག