རེབ་ཐོག་མདའ།
༡ དེང་གི་གྲྭ་རྒོད།
རྒྱབ་ཁུག་ནག་པོ་ཕྲག་ན་དཔྱངས་པའི།།
སྦྱིན་བདག་མང་བོས་མཐའ་ནས་བསྐོར་བའི།།
སྐུ་ཤ་རྒྱགས་པའི་དེང་གི་གྲྭ་བ།།
འཁོར་བའི་གྲོང་གི་ཚོང་དཔོན་ཆེན་པོ།།
ལག་གཡས་ལག་འཁྱེར་ཁ་པར་ཐོགས་པའི།།
མིག་ཟུང་མཛེས་མའི་གདོང་ལ་ཕྱོགས་ཀྱིན།།
སེམས་པའི་ནང་རོལ་རུལ་ལ་ཉེ་བའི།།
སྐྱ་་མིན་སེར་མིན་དེང་གི་གྲྭ་བ།།
དེ་ལས་མང་བ་། “དེང་གི་གྲྭ་རྒོད། དེང་གི་ཕོ་གསར། དེང་གི་བུ་མོ།” »