རིག་འཛིན་མཚོ། བོད་འབྱོར།
ལོ་དུ་མའི་སྔོན་ནས་དམངས་ཀྱིས་ཐད་འདེམས་བྱས་པའི་བཀའ་ཁྲི་བཀའ་ཤག་ཏུ་ཕེབས་པ་ནས་བཟུང་༧གོང་ས་མཆོག་གིས་ཕྱེད་རྒན་ཡོལ་བྱས་ཡོད་ཅེས་ཐེངས་མང་གསུངས་པ་བཞིན། བཙན་བྱོལ་གཞུང་གི་ལས་གནས་ཆེ་ཕྲ་མང་པོ་ཞིག་བཀའ་ཁྲི་མཆོག་གིས་འབད་པས་སྒྲུབ་དགོས་པར་གྱུར་ཡོད་ལ། ཁོང་གིས་ཀྱང་རང་ཉིད་ལ་སྒོ་ཕྱེ་ཆོག་ཆོག་གི་བླ་བྲང་ཕར་ཞོག་སྡོད་ཤག་ཅིག་ཀྱང་བློ་ལ་མ་འཁོར་བར་དབུ་སྐྲའི་ཁ་མདོག་ཡོངས་སུ་བརྗེ་བའི་བར་དབུས་གངས་ཅན་སྐྱིད་གཤོང་ནས་འཛམ་གླིང་ཤར་ནུབ་ཀུན་ཏུ་གནས་པའི་བོད་པ་དག་གི་བདེ་སྡུག་ཆེད་དཀའ་བ་ཁྱད་བསད་ཀྱིས་འབད་པ་བྱས་ཡོད་ཁར། འཛམ་གླིང་མི་མང་གི་མིག་མདུན་དུ་རྒྱལ་ཁབ་མེད་པའི་བཀའ་ཁྲིའམ་ཐུན་མིན་གྱི་སྲིད་བློན་ཞིག་གི་སྣང་བརྙན་གསར་བཞེངས་བྱས་ཡོད།