སྐར་ཁྲི་བཙན།
༈ སྙིང་རྗེ་མེད་པ་དྲག་པོའི་དམག་སྒར་ལ་མ་གནོད།།
ངོ་ཚ་མེད་པ་རུལ་སོང་རྒྱུག་ཁྱི་ལ་མ་དགྲ།།
ཉམ་ཆུང་གྲངས་ལས་འདས་པའི་ཚེ་སྲོག་དེ་འཕྲོག་པའི།།
འབྱུང་བ་བཞི་བོར་ཉིན་རེར་དམོད་ན་ཞིག་འདོད་ཀྱི།།
དབང་ཆེན་གཉའ་གནོན་པ་ཡི་རྐུབ་སྟེགས་ལ་མ་དམིགས།།
གཡོ་ཅན་ཚོང་དཔོན་དག་གི་ཚེ་སྲོག་ལ་མ་བརྒོལ།།
ཅང་མེད་འགྲོ་བ་གང་གི་རིན་ཆེན་གྱི་སྲོག་ལ།།
སེམས་ལྡན་སེམས་མེད་གཉིས་ཀྱིས་བར་ཆད་ཅིག་མང་གི།།