ཡོད་ཚད་རང་རྐྱང་ཐུབ་པའི་མཁྲེགས་གཟུགས་ཀྱི་ངང་དུ་གནས་ཡོད་ཚེ།
ངས་ཁྱོད་མཐོང་མི་ཐུབ་པ་ཇི་བཞིན།
ཁྱོད་ཀྱིས་ཀྱང་ང་རང་མཐོང་མི་ཐུབ་ཅིང།
འདི་འདྲའི་ཞེ་མེར་པའི་ཀློང་ནས། །
ང་ཚོས་འདི་ལྟར་ཕན་ཚུན་ལ་དགའ་མོས་ཀྱང་བྱེད་མི་སྲིད།
མིག་རྡེབ་ཡུན་རེར།
འོད་ཀྱི་འགྱེད་ཚད་དེ་དུང་ཕྱུར་དྲུག་བརྒྱ་ལས་མ་བརྒལ་ཚེ། (འདི་ནི་འོལ་ཚོད་ཡིན།)
ངོས་གཞན་ཞིག་ནས།
ངས་ཁྱོད་འདི་ལྟར་མཛེས་པའི་མཐར་ཐུག་ཏུ་མཐོང་ཞིང་།
ཚད་རྡུལ་(Quantum)འགུལ་ཤུགས་རིག་པ་བ་ཞིག་ཡིན་པའི་ངོས་ནས།
ངས་འདི་ལྟར་ཁྱོད་ཀྱི་མཛེས་པ་ལ་ཡང་མཐའ་དང་མུ་ཞེས་པ་ཞིག་འཇོག་རྒྱུ་མ་རྙེད།
དེ་ལས་མང་བ་། “ངོས་གཅིག་ནས་མཐོང་བའི་འཇིག་རྟེན། ད་དུང་ཚད་རྡུལ་འགུལ་ཤུགས་རིག་པ།” »