ཁ་བརྡ་ལ་འཇུག་ཚུལ།

  • ཁ་བརྡ་ལ་རྩོམ་ཡིག་སྤེལ་འདོད་ཡོད་ཚེ། ཁ་བརྡའི་ཐོག་རྩོམ་ཡིག་འགོད་མཁན་གྱི་མི་སྣ་ལ་འབྲེལ་བ་བྱ་ཚུལ་ “ཁ་བརྡ་ལ་འབྲེལ་བ་བྱེད་པ་”ཞེས་པའི་མིང་བྱང་འོག་ཡོད་པ་དེ་ལ་གཟིགས་ནས་འབྲེལ་བ་བྱེད་འཚལ། ཁ་བརྡ་དྲ་དེབ་ཏུ་རྩོམ་ཡིག་འགོད་མཁན་དང་རྩོམ་ཡིག་འབྲི་མཁན་གཉིས་ཐ་དད་ཡིན། རྩོམ་ཡིག་གང་ཞིག་ཡིན་ཀྱང་དེའི་རྩོམ་པ་པོའི་མཚན་དེ་རྩོམ་བྱང་གི་འོག་ཏུ་བཀོད་ཡོད།
  • ཁ་བརྡ་ལ་མཆན་བུ་འདེབས་འདོད་ན། ཐད་ཀར་མཆན་བུ་བཏབ་ཆོག འོན་ཀྱང་ཁྱེད་ཀྱི་མཆན་ཐོག་མ་དེ་ལ་དག་མཆན་ཐོབ་དགོས་ལ། དེའི་རྗེས་སུ་མཆན་གང་ཞིག་བཏབ་ཀྱང་ཐད་ཀར་དྲ་དེབ་ཏུ་འཁོད་འགྲོ འོན་ཀྱང་མཆན་འབྲི་བའི་སྒྲིག་ལམ་ལ་ཐུགས་སྣང་གནང་རོགས།
  • ཁ་བརྡའི་ཐོག་ཏུ་འཁོད་པའི་རྩོམ་ཡིག་རྣམས་རིགས་གསུམ་དུ་བགར་ཡོད། ཉེ་ཆར་གྱི་རྩོམ་ཡིག་དང་། མཆན་མང་ཤོས་ཀྱི་རྩོམ་ཡིག ཉེ་ཆར་གྱི་མཆན་བུ་བཏབ་པའི་རྩོམ་ཡིག་བཅས་སུ་བགར་ཡོད། དེ་དག་ནི་ཁྱེད་ཀྱི་ཕྱག་གཡས་པའི་ཐད་ཀྱི་ཟུར་བྱང་ན་ཡོད།
  • ཁ་བརྡའི་རྩོམ་ཡིག་རྙིང་པ་རྣམས་ལ་གཟིགས་འདོད་ཡོད་ན། གཡོན་གྱི་ཟུར་བྱང་ན་ཡོད་པའི་ཟླ་རེའི་མིང་བྱང་ཡོད་པ་དེ་ལ་བསྣུན་ནས་གཟིགས་ཐུབ།
  • ཁ་བརྡ་དང་འབྲེལ་བའི་དྲི་བ་དང་གསལ་བཤད་ཡོད་ཚེ། “ཁ་བརྡ་ལ་འབྲེལ་བ་བྱེད་པ་”ཞེས་པའི་མིང་བྱང་དུ་བཀོད་པའི་ཁ་བྱང་བརྒྱུད་ནས་འབྲེལ་བ་བྱེད་འཐུས།

ཁ་བརྡ་དྲ་དེབ་ཀྱིས་ ༢༠༠༨ ལོའི་སྤྱི་ཟླ་ ༡༡ ཚེས་ ༢༦ ཉིན།