ཁ་བའི་ལང་ཚོ།
ཆོས་ཀྱི་ཆོལ་ཁ་ན་ཆང་གི་བསྟན་པ་དར་བའི་དུས་སྐབས་འདིར། སུ་ཞིག་གི་མིག་ཀོང་ན་མཆི་མས་གང་ཞིང་སུ་ཞིག་གི་ལུས་ཕུང་ལ་རྨ་ཡིས་རུམ་ཡང་། ད་དུང་ཅི་མི་སྙམ་པར། ཆང་ཕོར་གྱི་ཁ་ན་སྐྱག་སྦྲང་བཞིན་འཁོར་གྱིན་པ་ནི་ངའི་ཕ་ཡུལ་རེད། མེས་པོ་ཚོའི་མིག་ཀོང་ན་མཆི་མས་གང་ཞིང་། ཁོང་རྣམས་ཀྱི་ཕ་ཁྱིམ་ལ་རྨ་ཡིས་རུམ་དུས་ང་ཚོས་ནི་ཐ་ན་ཨེ་ཚ་གི་དང་། ཡང་ན་ཨེ་ན་གི་ཙམ་ཡང་མ་ཟེར་བར་ཁ་ཐོག་ན་འཁྱེར་བའི་མེས་པོའི་བཀའ་དྲིན་དང་། གཏམ་སྣེ་ན་འཁྱེར་བའི་མེས་པོའི་མཛད་རྗེས་ལས་སེམས་གཏིང་ན་ཉར་བའི་སྒོར་མོའི་བང་ཁ་དང་།