ཉེ་བོ་ཞིག་འདས་གྲོངས།
༡
ཕ་ཡུལ་དུ་ངའི་ཨ་ཞང་ཞིག་གི་བཟའ་ཟླ་ལོ་༧༨ཅན་དེ་ཕྱི་མའི་ཡུལ་ལ་གཤེགས་འདུག དེའི་དོན་དུ་ མ་ཎི་པདྨེ་།
༢
ཕ་རེ་སི་ནས་ངའི་ཕ་སྤུན་གྱི་སྤུན་མཆེད་ཅིག་ནས་ཁ་པར་བཏང་ཡོང་སྟེ་ཁོང་རྒྱ་གར་ལ་ཨ་མའི་ཆེད་འདས་མཆོད་བྱེད་དུ་འགྲོ་གི་ཡིན་ཟེར། ངས་ཁྱེད་རང་འགྲོ་དགོས་ཀྱི་ཨེ་ཡོད། སྒོར་མོ་བསྐུར་པ་ཡིན་ན་འགྲིག་གི་མ་རེད་དམ་ཞེས་ལབ་པ་ཡིན་ཡང་། ཁོང་ནས་ངེས་པར་འགྲོ་གི་ཡིན་སེམས་པ་སྐྱིད་པོ་མི་འདུག་ཟེར།
ཐེངས་བདུན་པའི་འབྲེལ་མོལ་ལ་དཔྱད་པ།
ཐེངས་བདུན་པའི་འབྲེལ་མོལ་དེར་སྔོན་དང་མི་འདྲ་བའི་གནས་ཚུལ་ཁ་ཤས་འདུག་པས་འདི་དག་ཞིབ་འཇུག་གི་ཆེད་ངེད་ནས་ཟུར་སྟོན་བྱས་ཡོད་པས་ཚང་མས་འདིར་དབྱེ་ཞིབ་གནང་རོགས།
༡༽སྐད་སྒྱུར་མི་འདྲ་བ། སྔོན་དང་མི་འདྲ་བར་ད་རེས་སྐད་སྒྱུར་གསར་པ་ཞིག་བསྐོ་བཞག་བྱས་འདུག སྐད་སྒྱུར་དེ་པེ་ཅིང་བོད་ཀྱི་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་དང་ལོ་རྒྱུས་སྡེ་ཚན་གྱི་དབུ་འཛིན་དགྲ་འདུལ་ལགས་རེད། དེ་སྔོན་སྲིད་ཐར་རང་ནས་སྐད་སྒྱུར་བྱེད་ཀྱི་ཡོད་ཚོད། ད་རེས་སྲིད་ཐར་གྲོས་མོལ་བྱེད་མཁན་ངོ་མའི་ཁོངས་ལ་ཞུགས་པའི་རྣམ་པ་འདུག དགྲ་འདུལ་ལགས་ནི་དེ་སྔོན་བོད་ལྗོངས་སློབ་ཆེན་ནས་ཐོན་རྗེས་ཀྲུང་དབྱངས་མི་རིགས་སློབ་ཆེན་ལ་ཞུགས་མྱོང་ཡོད། ཁོང་གིས་ད་བར་ཆོས་ལུགས་དང་ལོ་རྒྱུས་ཐད་ཞིབ་འཇུག་གི་རྩོམ་མང་པོ་སྤེལ་འདུག ཁོང་མི་བཟང་པོ་ཞིག་དང་དྲང་པོ་ཞིག་ཡིན་པ་མི་འགའ་ཤས་ཀྱིས་བཤད་མྱོང་།
ཐེངས་བརྒྱད་པའི་ཞུ་མོལ།
ད་ཐེངས་ང་ཚོའི་སྐུ་ཚབ་རྣམ་པས་བཀའ་བཀྱོན་གཟེད་ཤག འདོད་བྨོ་མ་ཁེངས་པར་ཕྱིར་ཕེབས་ཤག རྗེས་མ་དེ་ཟླ་བཅུ་བའི་ནང་ལ་ཕེབས་རྒྱུ་རེད་ཤག ཨོ་ལིམ་ཕིག་མ་འཚོགས་སྔོན་འདི་འདྲའི་རྣམ་འགྱུར་བསྟན་པ་ཡིན་ན་འཚོགས་ཚར་བའི་རྗེས་དེ་ལས་ཀྱང་སྡུག་པ་ཆགས་ཀྱི་རེད་བསམ་ཤག ད་རེས་ཁོང་རྣམ་པ་ཚོ་སེམས་ཤུགས་ཞེ་དྲག་ཆགས་ཤག ད་ག་རེ་བྱ་དགོས་རེད། མུ་མཐུད་འགྲོ་དགོས་མ་རེད་པས། བདེན་པའི་ཨུ་ཚུགས་ཅུང་བརྒྱབ་དགོས་མ་རེད་པས། ངའི་སེམས་ཁྲལ་ནི་ད་རེས་ཁོང་ཚོ་སེམས་ཤུགས་ཆགས་སྟངས་དེར་བལྟས་ན་བདེན་མཐའ་གསལ་གསལ་བར་ཨུ་ཚུགས་རྒྱག་ཐུབ་ས་མ་རེད་གོ
ཐེངས་བདུན་པ་དེ་ཐེངས་མཐའ་མ་ཡིན་ནམ།
བོད་རྒྱ་ཞི་མོལ་ལམ་ཞུ་མོལ། འབྲེལ་མོལ་གང་ཡིན་ཡང་། ཐེངས་བདུན་པ་ཉེ་ཆར་གྲུབ་པའི་གསར་འགོད་གསལ་བསྒྲགས་ཤིག་དམིགས་བསལ་སྐུ་ཚབ་གཉིས་ཀྱི་མཚན་ཐོག་ནས་ སྤྱི་ཟླ་ ༧ པའི་ཚེས་ ༥ ཉིན་རྡ་རམ་ལ་ས་ནས་སྤེལ་འདུག ཐེངས་འདིར་ཡང་འཛོམས་ས་པེ་ཅིན་ཡིན་པ་ཙམ་ལས་སྐད་ཆ་གསར་པ་ཞིག་མི་འདུག་བསམས་སོང་། འོན་ཀྱང་ཐེངས་འདིར་བློ་སྤོབས་འཕར་བ་ཞིག་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་ངོས་ནས་རྒྱ་ནག་གི་དཔོན་རིགས་འཕྲད་པ་དེ་ཚོར། “ང་ཚོའི་གྲོས་མོལ་གྱི་སྐབས་སུ། ང་ཚོས་ཐད་ཀར་ང་ཚོའི་འབྲེལ་གཏུགས་བྱ་ཡུལ་རྣམས་ལ་ཁྱེད་རང་ཚོའི་ངོས་ནས་ཆོད་སེམས་དང་ལྷག་བསམ་རྣམ་དག་མེད་པ་ཡིན་ན་ད་ལྟའི་གྲོས་མོལ་འདི་མུ་མཐུད་ནས་བྱེད་པ་ལ་དགོས་དོན་མི་འདུག་ཅེས་ནན་བཤད་བྱས་ཡོད།” ཞེས་འཁོད་པ་འདི་རེད་བསམས། མི་དྲགས་ནད་པ་ཤི་ན་དགའ༎ མི་འགྲིགས་བཟའ་ཚང་འཐོར་ན་དགའ། ཞེས་བཤད་སྲོལ་ཡོད་པ་བཞིན། འདི་ནི་གྲུབ་འབྲས་མེད་པའི་གྲོས་མོལ་འདི་ཚོ་མཚམས་འཇོག་བྱེད་པའི་སྔོན་ལྟས་ཤིག་ཡིན་ནམ། ཞིབ་གསལ་གྱི་གསར་འགྱུར་གཤམ་གྱི་འབྲེལ་ཐག་ན་འདུག http://www.thetibetpost.com/
དོགས་སློང་། ༣
གོང་མ་མཆོད་ཡོན་ལས་འཕྲོས་ཏེ་ངས་ཀྱང་དོགས་སློང་གི་ཡི་གེ་གསུམ་ཙམ་ཁྱེད་ལ་འབྲི་དགོས་བྱུང་། ད་འདིར་གནས་ཚུལ་མི་མཐུན་པ་གསར་པ་དེ་འདྲ་མང་པོ་མེད། མི་མཐུན་པ་ཁ་ཤས་ཅིག་ཡོད་པ་འདིར་ཡང་སྐྱར་བྲིས་ཡོད། སྤྱིར་བཏང་འབྲེལ་བ་དེའི་རིགས་ལ་ཕན་གནོད་གཉིས་ཀ་ཡོད་རྒྱུ་རེད། ད་མང་པོ་འབྲི་འདོད་མེད། ཐང་ཡང་ཅུང་ཆད་སོང་། ཁྱེད་རང་གིས་ག་རེ་བྲིས་མ་བྲིས་རང་གི་འདོད་པ་རེད། མ་གཞི་གང་ཞིག་འབྲི་ནའང་ཕྱོགས་ཡོང་ནས་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། ངས་ཁྱེད་ལ་ལྡོག་ཕྱོགས་ཁོ་ན་ནས་དཔེ་མཚོན་ཁ་ཤས་དྲངས་པ་ཙམ་ཡིན། ༡ སོག་པོས་ཨི་རན་ནང་དགོན་པ་བཞེངས་པའི་སྐོར། ཇོན་མན་གྱིས་བརྩམས་པའི་ཀུབ་ལི་ཁན་ཞེས་པ་དེར་ལྟ་རོགས་གནང་། ༢ རྒྱལ་པོ་ཡིན་ན་མི་སེར་ citizen ཡང་ཡིན་པ་རེད། བོད་ཀྱི་ལོ་རྒྱུས་ཐོག་ཏྰ་ལའི་བླ་མའི་དགོངས་ཚུལ་ཟེར་བ་དེར་ལྟོས། ༣ གུ་ཤྲི་ཁང་དགེ་ལུགས་པའི་བཀའ་སྐུལ་དང་དུ་བླང་སྟེ་རོགས་རམ་བྱེད་དུ་ཡོང་བ་ལས་བཙན་འཛུལ་བྱེད་དུ་ཡོང་བ་མིན་པ་གསལ་པོ་རེད། དེ་མདོ་སྨད་ཆོས་འབྱུང་སོགས་མང་པོ་ཞིག་ན་གསལ་པོ་བཀོད་ཡོད་པ་ལྟར་རེད། ༤ གོང་མ་འཇམ་པའི་དབྱངས་ཟེར་བ་བླ་ཆེན་གཅིག་པོས་འུད་སྒྲོགས་མིན་པར་མི་མང་ནང་གཏམ་དཔེ་ཚུན་གྱི་ནང་ཁྱབ་བསྡད་ཡོད་པ་ཞིག་རེད། ༥ བོད་གཅིག་གྱུར་ཟེར་བ་དེ་ས་སྐྱ་པས་ཧོར་ལ་མགོ་འདོགས་མ་བྱས་སྔོན་དུ་བྱུང་མེད། ཇིང་གིར་རྒྱལ་པོ་མ་ཤི་སྔོན་ནས་ཨ་མདོ་དང་ཁམས། པེ་ཅིང་ཚུད་པའི་རྒྱ་ནག་གི་བྱང་ཤར་ས་ཆ་ཡོངས་རྫོགས་སོག་པོས་དབང་འོག་བསྡུས་ཚར་གྲུབ་པ་རེད། འདིའང་གོང་གི་དེབ་ཀུབ་ལི་ཁན་ལ་ལྟོས། དེའི་ནང་ས་ཁྲའང་གསལ་པོ་བཀོད་འདུག ༦ ས་སྐྱ་བའི་སྐབས་དེར་བོད་པ་རང་གི་ནང་ནས་རྒྱལ་ཁབ་འཛུགས་ཐུབ་པའི་ཆ་རྐྱེན་ལེགས་པོ་ཞིག་ཡོད་པ་ངས་མཐོང་གི་མི་འདུག དེའི་སྐབས་དབུས་གཙང་ཡང་དཔོན་མགོ་དུ་མར་ཆད་ཡོད། ས་སྐྱ་པཎ་ཆེན་དཔོན་པོ་རེད་ཟེར་ནས་གདན་འདྲེན་ཞུས་པ་མ་རེད། སོག་པོས་བོད་ལ་དབང་སྒྱུར་བྱེད་རྒྱུ་གཏན་ཁེལ་གྲུབ་ནས། བོད་ནང་བརྟག་དཔྱད་བྱས་ཏེ་སུ་ལ་སྟོབས་འབྱོར་དང་མངའ་ཐང་ཆེ། སུ་ལ་གཟི་བརྗིད་ཆེ། སུ་ཆོས་ལ་མཁས། དེ་ཚོར་བརྟག་ནས་མཐར་ཆོས་ལ་མཁས་པ་ས་པཎ་གདན་དྲངས།
བོད་ ཡིག་ ཚེགས་ འཇོག་ སྟངས་ གཞན་པ།
གྲོགསཔོ་ ཚོ། ང་ཚོས་ བོད་ཡིག་ འདི་ལྟར་ བྲིས་ ཚེ་ ཀློག་བདེ་བ་ དང་། མིག་ ལ་ གནོད་པ་ ཆུང་བ་ མི་འདུག་གམ། ནུབ་ཕྱོགས་ ཀྱི་ ཡི་གེ་ འབྲི་སྟངས་ དེ་ མིག་ལ་ གནོད་པ་ ཆུང་བ་ འདུག་ ཅེས་ ཚན་རིག་པ་ ཚོས་ གསུངས་ཀྱི་འདུག ང་ཚོས་ ཀྱང་ ལེགས་པའི་ ཆ་རྣམས་ ལེན་ནས་ ང་ཚོའི་ སྐད་ཡིག་ འདི་ ཕུན་སུམ་ ཚོགས་སུ་ བཏང་ ཐུབ་ ན་ ཅིས་ ཀྱང་ མི་ ལེགས་ སམ། ཡང་ ན་ འབྲི་ སྟངས་ གཞན་ ཞིག་ ནི། ཟླ་ བ་ འདི་ ནི་ ཕར་ འགྲོ། གཏིང་ མའི་ ཟླ་ བ་ ཚུར་ འགྲོ། བཀྲ་ ཤིས་ ཟླ་ བ་ དཀར་ པོ། ཟླ་ སྟོད་ ཕྱོགས་ ནས་ མཇལ་ ཡོང་། བར་ ཚེགས་ ལ་ འདི་ ལྟར་ སྟོང་ ཆ་ འཇོག་ ཐུབ་ ན་ ཡིག་ འབྲུ་ ཆུང་ ཀྱང་ གསལ་ པོར་ མཐོང་ ཐུབ་ གསུངས།
འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་མི་སྲིད།
དེ་རིང་ངས་གནའ་བོའི་གྷི་རིག་ཁོངས་ཨ་ཐིན་གྱི་མཚན་ཉིད་རིག་པ་བ་རྣམས་ཀྱི་སྐོར་ཅུང་ཟད་ཅིག་ཀློག་པ་ཡིན།། ཕི་ལ་ཐུ་ཡིས་དངོས་པོ་ཚང་མ་འགྱུར་བའི་རང་བཞིན་ནམ་འགུལ་སྐྱོད་ཅན་གྱི་རང་བཞིན་ཡིན་པ་བརྗོད་འདུག ཕལ་ཆེར་ཕི་ལ་ཐུ་ཡི་སྔ་ཙམ་མིན་ནམ་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པས་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་གསུངས། དེ་ཚན་རིག་པ་མང་པོ་ཞིག་གིས་གླེང་བཞིན་པའི་ impermanant དང་གཅིག་མཚུངས་སུ་འགྱུར། ཡིན་ན་ཡང་འགྲེལ་ཚུལ་ལ་ཅུང་མི་འདྲ་བ་ཡོད་སྲིད། དེ་མི་ཤེས། འདིར་ང་ལ་དྲི་བ་འདྲ་མིན་ཞིག་འཁོར་བྱུང་བས་ཁྱེད་ཚོ་དང་མཉམ་དུ་གླེང་མོའམ་བློ་འདྲི་བར་སྤྲོ། ལྷག་པར་དུ་མཚན་ཉིད་རིག་པ་བ་དང་གྲ་བ་དང་གྲ་ལོག་དེ་འདྲ་ཡོད་ན། ཐམས་ཅད་མི་རྟག་པའི་ཀློང་ན་འཁོར་བཞིན་པའི་མི་རྟག་པའི་ཁམས་འདིར་ངེས་པར་དུ་རྟག་པའི་དངོས་པོ་གཅིག་ཡོད་དགོས་པར་འདུག དེ་ཡང་དང་པོར་ང་ཚོའི་འཇིག་རྟེན་འདི་ཇི་ལྟར་གྲུབ་པ་ལ་བསམ་བློ་ཞིག་ཐོང་། རྒྱུ་གང་གིས་བསྐྱེད་པ་རེད། རྒྱུ་དེ་འདུས་བྱས་ཡིན་ནམ་མིན། དེ་དྲི་བ་ཞིག་རེད། དེ་ནས་ང་ཚོའི་འཇིག་རྟེནའདི་འཇིག་པའི་རྗེས་ལ་བསམ་བློ་ཞིག་ཐོང་། ཉི་ཟླ་སྐར་གསུམ་གྱིས་མཚོན་དངོས་པོ་ཚང་མ་འཇིག་པའི་ཆོས་ཅན་ཡིན་པས་འཇིག་པའི་དབང་དུ་ཐོང་། ད་ཤུལ་དུ་གང་ཞིག་ལྷག་ཡོད་པ་རེད། ནམ་མཁའ་སྟོང་པ་ལས་གཞན། རླུང་གི་རྒྱུ་བ་དེ་ད་རུང་ནམ་མཁའ་སྟོང་བའི་དབྱིངས་སུ་ལྷག་ཡོད་པ་མ་ཡིན་ནམ། དེ་རྟག་པ་རེད་དམ་མ་རེད། དེའི་ནང་ད་རུང་འཇིག་རྟེན་ཕྱི་མ་འགྲུབ་བྱེད་ཀྱི་རྒྱུ་སྟེ་ས་ཆུ་མེ་ཡི་རྡུལ་ཕྲ་ཤོས གལ་སྲིད་རྣམ་ཤེས་འཇིག་པ་མེད་པར་ངོས་འཛིན་མཁན་ཞིག་ཡིན་ན་རྣམ་ཤེས་ཀྱི་རྒྱུའམ་རྡུལ་ཕྲ་མོ་དག་ད་རུང་མའཇིག་པར་རླུང་གི་ནང་གཡོ་བཞིན་པ་མ་ཡིན་ནམ། མྱི་བརྒྱགས་དྲགས་ན་སངས་རྒྱས་ལའང་རྩོད་སློང་། དུས་རྙིགས་མ་ཟེར་ན་འདི་འདྲ་རེད། ཨ་སྐྱེས་སྨན། མང་ཟིག་ཁྱེར་ཤོག ད་ངས་འབྲི་དགོས་པ་དེ་རྫོགས་སོང་། དྲ་གྲོགས་རྣམས། གལ་སྲིད་ལྐུགས་པའི་དྲི་བ་ཡིན་ན་དགོངས་འགལ་མེད་པ་ཞུ།
བོད་ཀྱི་དེང་དུས་ཀྱི་སྙན་ངག་མཁན་མང་པོ་ཞིག་ནི་ཤེས་བྱའི་ན་གསོ་མ་ལོན་པའི་བྱིས་པ་ལྟ་བུར་སྣང་།
བོད་ཀྱི་དེང་དུས་ཀྱི་སྙན་ངག་མཁན་མང་པོ་ཞིག་ནི་ཤེས་བྱའི་ན་གསོ་མ་ལོན་པའི་བྱིས་པ་ལྟ་བུར་སྣང་། སྤྱིར་འཛམ་བུ་གླིང་འདིར་ཁྱོད་མཛེས་པོ་འདུག་ཟེར་བ་དང་། ང་མོ་དྲན་གྱི་འདུག་ཟེར་བའི་སྙན་ངག་གི་དུས་ཚོད་ཡོལ་འཚར་བ་རེད། ཡིན་ནའི་དེང་གི་བོད་པ་སྙན་ངག་འབྲི་མཁན་མང་པོ་ཞིག་ལ་སྒྱུ་རྩལ་དང་། ཚན་རིག སྤྱི་ཚོགས་རིག་པ། དཔལ་འབྱོར། དེ་བཞིན་དམག་སྲིད་སོགས་ཀྱི་སློབ་གསོ་ཐོབ་མེད་ཙང་ཁོང་རྣམས་ལ་འབྲི་བྱའི་ནང་དོན་གཞན་མེད་པ་ལྟ་བུར་སོང་ནས། “ང་ཁྱོད་དྲན་ནས་སྨྱོ་བ་འདུག ཁྱེད་ཀྱི་མཚན་མ་འདི་ད་ལྟ་རང་དགོས་ཡོད།” ཟེར་བ་སོགས་ཀྱི་རང་གི་འཚོར་བ་འདི་ཇི་ཙམ་དམར་རྗེན་དང་སྒྲོ་བཏགས་ཀྱིས་སྟོན་ཐུབ་པ་དེ་ཙམ་གྱིས་སྙན་ངག་མཁན་དེ་བློ་གྲོས་ཅན་ལ་བརྩི་སྲོལ་འདུག དེ་ཅུང་ཐབས་སྐྱོ་པོ་རེད་སྙམ། སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིས་སྙན་ངག་གི་ཆེད་དུ་སྙན་ངག་དོན་གཉེར་བྱེད་ཀྱི་མེད་ཚོད། ཁོང་ཚོས་སྙན་ངག་འདི་རང་ལ་ནང་དོན་རིག་པ་དང་རིག་གནས་ཆེ་བ་གཞན་ཚོའི་ཤེས་བྱ་ལེན་ཆེད་དང་། ཤེས་བྱ་དེ་ཚོ་གཞན་ལ་སྤྲོད་ཆེད་ཀྱི་ལག་ཆ་ལྟ་བུར་ངོས་འཛིན་གནང་གི་ཡོད་ཚོད། ཁོང་རྣམས་ཀྱིས་གོང་གི་ཤེས་བྱ་དེ་དག་ལ་ལེགས་པར་སློབ་རྗེས། སྙན་ངག་སོགས་ཀྱི་སྲོལ་དེ་དག་བེད་སྤྱད་ནས་གཞན་ལ་ཤེས་བྱ་དེ་དག་འཆད་སྤེལ་གནང་སྲོལ་འདུག དཔེར་ན་རྗེ་རིན་པོ་ཆེའི་ལམ་རིམ་ཉམས་མགུར་དང་། རྫ་དཔལ་སྤྲུལ་གྱི་མི་རྟག་དྲན་སྐུལ་ལྟ་བུ་ཡིན། ཁོང་ཚོའི་སྙན་རྩོམ་དེ་དག་གི་རིན་ཐང་ནི་སྙན་ངག་གཅིག་པུའི་སྤུས་ཚད་མིན་པར། གཏིང་ཟབ་པའི་ཆོས་ཀྱི་རྟོགས་པ་དེ་དག་གཞན་ལ་གོ་སླའི་ངང་ནས་གདམས་ཐུབ་པ་དང་། ངོ་སྤྲད་ཐུབ་པ་སོགས་ཡིན། དེང་སང་གི་སྙན་ངག་པ་ཚོར་སྙན་ངག་འགྲོ་ལུགས་འབའ་ཞིག་ལས་གཞན་གྱི་ཤེས་བྱ་མཁྱེན་གྱི་མེད་པ་ལྟ་བུར་སྣང་། གཅིག ཁོང་རྣམས་ཀྱི་འབྲི་བྱའི་ནང་དོན་དེ་ཆོ་མེད་ལྟ་བུའམ་ཡང་ན་ཀུན་གྱི་ཆོས་ཉིད་དུ་སོང་བ་་ལས། དམིགས་བསལ་གྱི་ནང་དོན་དང་ཉམས་མྱོང་གསར་པ་གང་མེད་པ་དཔེར་ན་བུད་མེད་ཀྱི་ལུས་ཀྱི་གནས་ག་གེ་མོ་ཞིག་ལ་སྒྲོ་ཆེན་པོ་ཞིག་བཏགས་པ་གཅིག་པུ་ཙམ། གཉིས། བྲི་བྱེད་སྙན་ངག་གི་རྩལ་ཡང་གཞན་གྱི་ལད་མོ་ཤ་སྟག་ལས་དེར་ལུགས་དང་སྲོལ་གསར་གཏོད་དམ་འབྲི་སྟངས་ཁྱད་ཆོས་གསར་པ་གང་ཡང་མེད་པ་དཔེར་ན་དོན་རྒྱན་སོ་ལྔ་དང་དཔེ་རྒྱན་སོ་གཉིས་ལས་མ་འདས་པ་ཤ་སྟག གསུམ། འབྲི་མཁན་གྱི་ཀུན་སློང་ཡང་ “རང་མཐོ་རང་མཛེས་”གཅིག་པུ་མངོན་པའི་བག་ཆགས་འཇོག་པ་ལས། སྙན་རྩོམ་དེ་ཚོར་དུས་ཚོད་དང་རིག་གཞུང་། མི་རིགས་དང་ལྟ་བ་སོགས་ནས་སྒྲོལ་ནས་ཁྱབ་ཆེ་བའི་མིའི་རིགས་ལ་ཕན་ཐོག་པའི་བག་ཆགས་རྟིལ་འབྲུ་ཙམ་ཡང་མེད་པ་ལྟ་བུར་མངོན། དེར་བརྟེན་སྙན་ངག་དེ་དག་ཁོང་ཚོའི་གནས་འབབ་ཀྱི་བསམ་བློ་དང་བོད་ཡིག་ཆུ་ཚད་ལས་བརྒལ་ནས་སྐད་ཡིག་གཞན་ཞིག་གི་ནང་སྒྱུར་ན་ངུ་མི་ཤེས་པ་དང་བགོད་མི་ཤེས་པའི་སྲོག་མེད་ཡི་གེ་ཁོ་ནར་སོང་སྟབས་རིན་ཐང་འགའ་ཡང་མེད་པ་ལྟ་བུ་གནང་། གོང་གི་དཀའ་ངལ་དེ་དག་ཐུག་ས་ནི་གཅིག་ཁོ་ན་སྟེ། ངེད་ཚོའི་སྙན་ངག་མཁན་པོ་དག་གི་སློབ་གསོའི་ཆུ་ཚད་ཤིན་དུ་དམའ་བའི་དབང་གི་ཡིན་སྟབས། གནད་དོན་དེར་ངེས་པར་བསམ་བློ་ཞིག་མ་བཏང་ན་དེང་གི་བོད་ཀྱི་སྙན་རྩོམ་མང་པོ་ཞིག་མི་རབས་རྗེས་མའི་བོད་ཀྱི་རྒྱུད་པ་ཚོའི་སྨ་འབེབ་གཏོང་ཡུལ་གྱི་ངན་རྩོམ་ཤ་སྟག་ལ་འགྲོ་བའི་ཉེན་ཁ་མི་ཆེའམ།
ཕ་ཡུལ་གྱི་དངངས་སྐྲག
གཡང་སྐྱབས་རྒྱལ་གྱིས།
ཉིན་ཁ་ཤས་གོང་གི་ཞོགས་ཀ་སྔ་མོ་ཞིག་ལ་ཕྲན་ལ་ཁ་པར་ཞིག་འབྱོར་ནས། རེབ་གོང་རོང་བོ་དགོན་གྱི་གྲྭ་འཇིགས་མེད་ཟླ་བ་འཛིན་བཟུང་བྱས་པ་རེད་ཟེར། ཁོང་དང་ལྷན་དུ་གྲྭ་བ་གཞན་འགའ་ཡང་འཇུས་པ་རེད་ཟེར། ད་ནངས་ཀྱང་ང་ལ་ཁ་པར་ཞིག་འབྱོར་ནས། ཁ་སང་དེ་རིང་རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་སུམ་བཅུ་ཐམ་པ་གར་ཡོད་ཆ་མེད་(Missing)ཡིན་པ་དང་། གྲྭ་པ་གཅིག་དམར་གསོད་བཏང་བ་(Mudered)རེད་ཟེར།
བོད་རྒྱ་ཞི་མོལ།
ངས་བལྟས་ན་དེ་བོད་རྒྱ་ཞི་མོལ་མ་རེད་ཞུ་མོལ་རེད། སྐུ་སྐྱིད། སྐུ་སྐྱིད་ཅེས་ཞུ་བ་འཐེན། སྐེ་བསྟན། ལྕེ་ལེ་གནར། ཕྱག་འཚལ་དེ་འདྲ་བྱས་ན་དེ་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཏུ་འགྲོ་གི་ཡོད་རྒྱུ་རེད། གྲུབ་འབྲས་ཅུང་ཟད་རེ་ཐོབ་མ་སྲིད་པ་མ་རེད། རྒྱ་ནག་གིས་སྲིད་དོན་འཁྲབ་ཀྱི་ཡོད་རེད། མགོ་སྐོར་གཏོང་གི་ཡོད་རེད་ཅེས་བསྡད་བསྡད་ན་དོན་ག་ལ་འགྲུབ། མགོ་སྐོར་ག་ཚོད་གཏོང་ན་གཏོང་ཆུག དེ་ང་ཚོའི་རྒྱལ་ཁ་ལས་ཕམ་ཁ་ཅི་ལ་ཡིན། ཁྱེད་ཚོ་སྐྲག་དགོས་གི་མ་རེད། འཛམ་གླིང་མི་མང་གིས་བལྟས་བསྡད་ཡོད་རེད། མགོ་སྐོར་ག་ཚོད་ཀྱིས་མང་ང་བཏང་ན་ང་ཚོའི་བདེན་པའི་རྒྱབ་རྩར་ལངས་མཁན་མང་དུ་འགྲོ་གི་རེད། མང་པོ་བཤད་རྒྱུ་མེད། ཁྱོད་ཚོས་ངའི་ཚིག་རྡོག་འདི་ཚོར་སློབ་སྦྱོང་ཡག་པོ་གྱིས། གཅིག་ནས་གཅིག་བརྒྱུད་ཁྱབ་སྤེལ་ཡག་པོ་གྱིས། བརྙན་འཕྲིན། རླུང་འཕྲིན། དུས་དེབ། ཚགས་པར། དྲ་གནས་སོགས་བརྒྱུད། གཞན་སྐུ་ཚབ་ཚོགས་པ་ཚོར་སྐེ་སྟོན་སྟངས། ལྕེ་གནར་སྟངས། ཕྱག་འཚལ་སྟངས་སོགས་ལ་སྦྱོང་བརྡར་ཡང་སྤྲོད། རྒྱལ་སྤྱིའི་ཐོག་ལའང་དེ་བཞིན་དུ་ལས་འགུལ་སྤེལ། ནུབ་ཕྱོགས་པའི་མིག་ལྗང་ཁུ་ཅན་གྱི་སྲིད་འཛིན་པ་དེ་ཚོ་སེམས་འགུལ་ཐེབས་སླ་པོ་ཡོད་རེད། ཀུ་རེ་ཡིན་ལ་དངོས་གནས་ཀྱང་ཡིན།
གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཞི་མོལ་ཐེངས་བདུན་པ་གནང་ཆེད་པེ་ཅིན་དུ་ཕེབས་ཡོད།
གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཞི་མོལ་ཐེངས་བདུན་པ་གནང་ཆེད་པེ་ཅིན་དུ་ཕེབས་ཡོད།
གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་དབུ་འཁྲིད་འབྲེལ། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དྭགས་པོ་བསོད་ནམས་ནོར་བུ་དང༌། བུ་ཆུང་ཚེ་རིང༌། བཀའ་དྲུང་ཡིག་ཚང་ཁོངས་བོད་རྒྱ་ཞི་མོལ་སྡེ་ཚན་གྱི་ལས་བྱེད་འཇིགས་མེད་པ་སངས་བཅས་བོད་རྒྱའི་བར་འབྲེལ་མོལ་བཀའ་བསྡུར་ཐེངས་བདུན་པ་གནང་ཆེད་ཟླ་ ༦ ཚེས་ ༢༩ ཉིན་རྒྱ་ནག་པེ་ཅིན་དུ་འབྱོར་ཡོད་པ་དང༌། ཟླ་ ༧ ཚེས་ ༡ དང་ ༢ ཉིན་གཉིས་རིང་འབྲེལ་མོལ་གནང་རྒྱུ་ཡིན་པ་རེད།
དེ་ལས་མང་བ་། “གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཞི་མོལ་ཐེངས་བདུན་པ་གནང་ཆེད་པེ་ཅིན་དུ་ཕེབས་ཡོད།” »
པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐོར།
ལོ་ངོ་གསུམ་གྱི་གོང་དུ། དམིགས་བསལ་བཙལ་འཚོལ་ཚོགས་པ་ཞིག་རྒྱ་ནག་ཏུ་ཕྱིན་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙལ་འཚོལ་གྱི་ལས་ཀ་བྱས་ཡོད་པ་དང༌། ཉེ་བའི་ཆར། བཙལ་འཚོལ་ཚོགས་པ་དེ་རྡ་རམ་ས་ལར་འབྱོར་ཡོད་ཅིང༌། ཁོང་ཚོ་རྡ་རམ་ས་ལར་ཡོང་དོན་ནི། ཁོང་ཚོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་ན་བཞུགས་པ་སོགས་ཀྱི་གནས་ཚུལ་གང་འཚམ་ཞིག་ཤེས་རྟོགས་བྱུང་ཡོད་པས་རེད། ཁོང་ཚོས་སྤེལ་བའི་སྙན་ཐོའི་ནང༌། ྋཔཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་པེ་ཅིན་དང་རྒྱང་ཐག་སྤྱི་ལེ་བརྒྱ་དང་ཉི་ཤུའི་མཚམས་ཀྱི་ས་ཆ་ཁུག་ཀྱོག་ཅིག་ཏུ་ཁོང་གི་ཡབ་ཡུམ་དང་ལྷན་དུ་བཞུགས་ཤིང༌། སྐུ་གཟུགས་བདེ་ཐང་ཡིན་སྐོར་དང༌། ཁོང་བཞུགས་ཡུལ་གྱི་མཐའ་འཁོར་དུ་དྲག་ཆས་ཉེས་རྟོག་པས་སྲུང་ཡོད་པས། མི་སུ་གང་ཡང་བཞུགས་ཡུལ་རང་དུ་གཏོང་གྱིན་མི་འདུག་ཅེས་བཀོད་ཡོད་པ་རེད།
བོད་དུ་དར་བའི་ཐོག་མ་དང་ཐ་མའི་ཆོས་རྒྱུད།
སྤོབས་པ་མཐའ་ཡས།
༡ གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཕྲེང་བ།
བོད་དུ་དར་བའི་སངས་རྒྱས་པའི་ཆོས་རྒྱུད་ཀྱི་ཕྱི་མོའམ་སྔ་ཤོས་ལ་སྔ་འགྱུར་རྙིང་མ་པ་ཞེས་འབོད་ཅིང་དེ་ནི་སྤྱི་ལོ་དུས་རབས་བདུན་པ་ཙམ་ནས་བོད་དུ་ཐོག་མར་སྤེལ་མགོ་ཚུགས། རྙིང་མ་པའི་དགེ་འདུན་གྱི་སྡེ་ཐོག་མར་དར་སྐབས་ནས་ཐུན་མིན་ཁྱད་ཆོས་ཤིག་ཡོད་པ་ནི་རབ་བྱུང་ངུར་སྨྲིག་གི་སྡེ་དང་སྔགས་པ་གོས་དཀར་ཅན་གྱི་སྡེ་ཞེས་དགེ་འདུན་སྡེ་གཉིས་ཡོད་ཅིང༌།
ལྷ་སྲས་ཡེ་ཤུ།
སྤོབས་པ་མཐའ་ཡས།
ནང་སེམས་ཀྱི་བདེན་པ་ཞིག་གི་ཆེད་དུ་བསམ་བཞིན་ལུས་སྲོག་བློས་བཏང་བའི་ལྷ་སྲས་ ཡེ་ཤུ་མཆོག་ནི་དེང་དུས་ཀྱི་ཨི་ཟི་རལ་གྱི་ཡུལ་རྗེ་རུ་ས་ལམ་དུ་གྲགས་པར་ཡབ་ ཤིང་བཟོའི་རིགས་ཤིག་དང་ཡུམ་མ་རི་ཞེས་པའི་སྲས་སུ་འཁྲུངས།
མི་རིགས་དབྱེ་འབྱེད།
གོང་གི་པར་འདིའི་ཡོང་ཁུངས་བོད་ནང་གི་རྩོམ་པ་པོ་ག་གེ་མོ་ཞིག་གི་ཟིན་བྲིས་ཡིན། འདི་ནི་དེང་སྐབས་ལྷ་སའི་གྲོང་ཁྱེར་ནང་གི་མི་རིགས་དབྱེ་འབྱེད་བྱེད་ཀྱིན་པའི་དཔང་རྟགས་རི་འདྲ་བོ་ཞིག་ཡིན་ན། སྐུ་ཉིད་ལ་འདིའི་ཐད་བསམ་ཚུལ་ཅི་འདྲ་འདུག་གམ། ནང་དོན་ནི་བོད་པ་ལས་ཀ་བ་ཚོར་ཉིན་རེར་ལས་གླ་རྒྱ་སྒོར་ ༣༠ དང་རྒྱ་མི་ལས་ཀ་བ་ཚོར་ཉིན་རེར་ལས་གླ་རྒྱ་སྒོར་ ༥༠ རེ་ཡིན་ཞེས་བྲིས་འདུག
དཔལ་འབར།
མུན་ནག་གི་ཁྲོད་དུ། མེ་སྟག་ཕྲན་བུ་ཞིག་ལ་ཡང་ཆེས་བླ་ན་མེད་པའི་རིན་ཐང་ལྡན། ཡིན་ན་ཡང་། མེ་སྟག་དེ་ཅི་ཞིག་གིས་སྦར་བ་ཤེས་པའི་ཤེས་རབ་དེ་ལ་ཡང་ཆེས་བླ་ན་མེད་པའི་རིན་ཐང་ལྡན། མེ་སྟག་ལ་ལ་སའི་གོ་ལ་འདིར་མེད་དུ་མི་རིང་བའི་སྔོ་ལྗང་གི་ཤིང་སྡོང་མེ་ལ་བསྲེགས་པ་ལས་བྱུང་བ་དང་། ལ་ལ་ནི་མིའི་དཀའ་སྡུག་གི་རྔུལ་ཆུས་བསྐྲུན་པའི་ཞག་སྒྲོན་ལས་བྱུང་བ་རེད། ལ་ལ་ནི་སེམས་ཅན་གྱི་གཅེས་པའི་ཚེ་སྲོག་བཅད་པའི་ལུས་ཀྱི་ཚིལ་བུ་ལས་བྱུང་བ་རེད། དེའི་ཕྱིར། མུན་པ་ཕྲན་བུ་སེལ་བའི་འོད་སྣང་ཙམ་གྱིས་སེམས་པ་ཡོངས་སུ་ཚིམས་ཏེ། མེ་སྟག་དེ་ཚོའི་འབྱུང་ཁུངས་ལ་བརྟག་པའི་ཤེས་རབ་དེ་རྨོངས་པའི་མུན་ཁོང་དུ་མ་ལུས་པ་ཞིག་གནང་རོགས།
ཉེན་རྟོག་པས་ངའི་སྒོར་མོ་འཁྱེར་སོང་།
བོད་ཀྱི་སྲོལ་རྒྱུན་གྱི་གླུ།
དུས་རབས་ཉེར་གཅིག་གི་བོད་སྐད། སྐད་སྒྱུར་ཞིག་གནང་རོགས།
༼ངས་ལྷ་སའི་ཆང་ཁང་གི་གསང་གཅོད་ནང་ནས་འདི་འདྲ་ཞིག་གོ་བྱུང་།༽ ཁྱེད་ཀྱི་དེའི་དོན་གོའམ། ཨ་ཀྱེ། ཁྱོད་རའི་རོ་ར་གཅིག་ཡིན་འགྲོ། སུས་ཁྱོད་ལ་ཤི་ཅའོ་ལ་ཤོར་ཟེར་གྱི་འདུག ང་འདིར་རྨོ་ཏོ་ཤ་སྟག་གཅིག་གི་མཉམ་དུ་བཞག་ནས་ཁྱོད་ར་ཤི་ཅའོ་ལ་སྐྱག་པ་ཟ་གི་ཡོད་པས། ད་མགྱོགས་ཙམ་ཤོག་མ་གཏོགས་རྙོག་ཉོས་ཡོང་། ག་རེ། མཚོ་མོ་སྒུག་བསྡད་ཡོད་ཨས། མོ་གཡུག་ཞོག གོ་ཡག་བྱས་ན་མོའི་མ་གིར་མེ་ཏོག་འདུག་ཟེར་གྱིས ཁ་སང་བསོད་ནམས་ཁོས་མོ་ལ་སྟེར་ནས་དེང་སང་ཁོ་སྨན་ལྤག་ཟ་ཟ་བཟའ་གི་འདུག ཆོ་ཁོ་ར་མིན་འདུག་ཟེར་གྱིས། བྱས་ཙང་ཁྱོད་ར་ཚོད་བྱེད་མ་གཏོགས་པོ་ཏོག་གཏུབ་དགོས་ཁྱེར་ཡོང་། ཁ་ས་ཁྱོད་རས་ཁྲིད་ཡོང་བའི་ཞི་མི་དེ་ཆོ་ཁོ་ར་མིན་འདུག ཞབས་བཏགས་ཁ་ཤས་གཅིག་རྒྱབ་བྱས་མོ་རིལ་སོང་། དཀོན་མཆོག་རོ་ལ་བླུག་པ་ནང་བཞིན་རེད་བཞག སང་ཉིན་དེ་”ཉི་ཛོ་ཐན་ཟི་ལ་ཡི་ཡངས། ཧྲི་མ་ཀན་ཅུའི་ཏོ་མི་ཡོར།་”ལབ་ནས་སྤིད་པ་ཡིན། ཀེ། དེ་ལས་མགྱོགས་ཙམ་ཤོག འདིར་རྨོ་གཅིག་གིས་དངུལ་རྒྱའོ་བཏོན་གྱིས། དོ་དགོངས་དེར་གཅིག་བླུག་དང་སང་ཉིན་ཏག་གྱེད་རེད་བཞག ད་ག་ཡིན་ཏ། སྦེའི། ཨོ་ཨོ་ངའི་ཨ་ཅེའི་ཁ་པར་ཞིག་རྒྱབ་ནས་ང་ཚོ་མཉམ་དུ་ཡོད་ངའི་ཁ་པར་གློག་མིན་འདུག་ལབ་ཨ སྦེའི།
རྒྱུ་སྐར་མིག་དམར་གྱི་སྟེང་དུ་འཕྲུལ་ཆས་སླེབས་པ།
གོང་གསལ་གྱི་གློག་བརྙན་འདི་ནི་ཨ་རིའི་ནཱ་སཱ་ཞེས་པའི་རྒྱལ་ཡོངས་ཚན་རིག་ཚོགས་པ་དང་ཨ་རི་ཛོ་ནཱ་སློབ་གྲྭ་ཆེན་མོ་ཐུན་མོང་གིས་རྒྱུ་སྐར་མིག་དམར་གྱི་སྟེང་དུ་འཕྲུལ་ཆས་བཏང་བའི་གློག་བརྙན་ལགས།