དྲ་ལམ་ཐོལ་རྩོམ།
ཨ། ༡༽ ལུང་དང་རིགས་པའི་བང་མཛོད།། ཆོས་རའི་ནང་གི་ངྷཱིཿསྐད།། ཕྱོགས་བཏུས་གླེགས་བམ་ཆེན་མོ།། རྣམ་མང་བཞད་པའི་ཉིན་དགེ།། རྒྱལ་བའི་བཀའ་ཡི་དབང་མཐོ།། རྒྱ་བོད་མཁས་པའི་མཆིད་ཟབ།། རྒྱུན་ཆད་མེད་པར་སྒྲོག་པ།། ཆོས་རའི་ནང་གི་ངྷཱིཿསྐད།། ལྷ་མིའི་སྟོན་པས་བསྔགས་ཤིང་།། ལུང་རིགས་སྨྲ་བའི་ཡིད་མགུ།། ཆོས་རའི་ནང་གི་ངྷཱིཿསྐད།། པོད་ལྔའི་དུས་དེབ་ཐོག་མ།། ཆོས་རའི་ནང་གི་ངྷཱིཿསྐད།། འཕགས་ཡུལ་ལྷོ་ཡི་དུས་དེབ།། འདི་ཡི་ལས་ཀྱི་བྱེད་པོ།། ཀུན་ལ་ཡི་རང་བགྱི་འོ།། ༢༽ ཡག་སྡུག་བཟང་ངན་གང་ལ་མ་འགྲན་པར།། རང་གི་ཚང་མལ་ཁུག་ན་སྐྱིད་ཉལ་མཁན།། གང་ཡིན་མི་དག་བསྐལ་པ་སྟོང་གི་ཚེ།། རང་རྨོངས་གྲོལ་ནས་གཞན་གྲལ་ཆོད་པ་མེད།། རྩ་བ་གཟུ་བོར་གནས་པའི་བློ་མེད་ན།། རྩད་གཅོད་བྱེད་པའི་ཤེས་རབ་མི་འབྱུང་ཕྱིར།། ཤེས་བྱ་གང་ལ་སྦྱངས་པའི་འབྲས་འདོད་ན།། དེ་ཡི་རྒྱུ་ཆའི་རྩ་ལག་ངེས་ཤེས་གལ།། ཕུན་ཚོགས་གང་ལ་མི་བཟོད་བློ་བཞག་ནས།། རང་ཉིད་དེ་ལས་ལྷག་ཅིག་འོང་ཐབས་སུ།། བརྩོན་པ་ཆུ་བོའི་རྒྱུན་གང་མ་ཆད་ན།། ནམ་ཞིག་སྤོབས་པས་འགྲེང་བའི་དམ་པར་འགྱུར།། གང་ཞིག་སྦྱང་ཡང་གོ་རིམ་ཞིག་ཡོད་པས།། ཀྱ་ཀྱོག་ལམ་བུ་མང་པོར་བརྒྱུད་པའི་མཐར།། ཐ་མ་མྱོང་ཐོས་རྒན་པར་ལོག་པའི་ཚེ།། དེ་དུས་ཕྱིར་འདང་བརྒྱབ་ན་ཀུན་ཀྱང་ཤེས།།