བསྟན་འཛིན་ཤེས་རབ།
བུ་མོ་ཆུང་ཆུང་དེ་ལ་ཁ་བརྡ་བྱས་རྗེས་ནས་བཟུང་བདག་གི་སེམས་པ་ཀློང་ཀློང་བོ་ཞིག་ཏུ་གྱུར་འདུག བདག་ལྟོས་དབང་གིས་གནས་འདིར་སླེབས་རྗེས་ཐོག་དང་བོར་རྙོག་ལྷད་ཀྱི་དྲི་མས་མ་གོས་པའི་སེམས་པ་དྭངས་བཙང་ཅན་ཞིག་དང་ལྷན་ཁ་བརྡ་རྒྱུན་རིང་ཀློད་པ་ནི་བུ་མོ་ཆུང་ཆུང་དེ་ཡིན། བུ་མོ་ཆུང་ཆུང་དེ་ནི་འབྲོག་ས་འདིའི་འབྲོག་པ་བཟའ་མི་གཉིས་ཀྱི་དཀྲུས་ན་མི་དག་པའི་བུ་མོ་གཅིག་བུ་དེ་རེད། ཁོ་མོས་ད་ལྟ་ར་རྒྱ་སློབ་གྲྭ་རུ་སློབ་སྦྱོང་བྱེད་བཞིན་ཡོད་ལ་འཛིན་གྲྭ་དང་བོའི་ལོ་རིམ་གཉིས་པ་རེད།