Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྗེད་མི་སྲིད་པའི་ཉིན་མོར་ཕྱིར་དྲན་བྱེད་པ།

Posted on 2011-05-05 By ཁ་བརྡ་ 1 Comment on བརྗེད་མི་སྲིད་པའི་ཉིན་མོར་ཕྱིར་དྲན་བྱེད་པ།

འབྲོང་ངུར་ཕོ་ཉ།

རང་གི་མི་ཚེ་ལ་མཚོན་ན་མངར་སྐྱུར་གྱི་འཚོ་བ་དུ་མ་བརྒྱུད་དེ་ཡོང་བ་ཞིག་ཡིན་པས། དགའ་སྡུག་གི་བང་རིམ་བགྲང་དཀའ་བ་ཞིག་ཡོད་པ་སྨོས་མེད་ཅིག་རེད། དེར་བརྟེན་ངའི་འཚོ་བའི་སྣེ་མོ་རེ་ནས་ཁྱོད་ཅག་ལ་སེམས་ཚོར་ཟབ་མོ་ཞིག་འཇོག་ཐུབ་རྒྱུའི་རེ་བ་གཙང་མ་ཡོད། དེ་རིང་གི་ཉིན་མོར་ ༼ཕྱི་ལོ་ ༢༠༡༠ ཟླ ༦ ཚེས ༥ རེས་གཟའ་སྤེན་པ་༽ མཚོན་ན་བརྗོད་དཀའ་བའི་ཚོར་བ་ཟབ་མོ་ཞིག་གིས་བདག་གི་ལུས་སེམས་ཡོངས་རྫོགས་བདེ་ཆེམ་མེར་ཁྱབ། དེ་ནི་སྟབས་ལེགས་ཀྱིས་བྱུང་བ་མིན་པར་ཁོ་བོར་རིང་ནས་འདྲིས་ཤིང་བརྩེ་བའི་སྙིང་མཚུངས་སྤུན་ཟླ་གང་གི་བྱམས་སེམས་འོད་ཟེར་དྲོད་ཁྱིམ་ལས་ཐོབ་པར་སྨྲ་མི་དགོས་པ་ཞིག་རེད། དེའི་ཕྱིར་ང་ནི་སྤུན་གྲོགས་ཁྱོད་རང་ལ་ཧ་ཅང་གི་དགའ་ཞིང་ཁྱོད་ཀྱི་འགྲན་ཟླ་བྲལ་བའི་མི་གཤིས་དང་ཡ་རབས་དྲང་བདེན་གྱི་སྤྱོད་པ་ལ། ངས་ཚད་མཐོན་པོའི་གདེང་འཇོག་དང་ཡིད་ཆེས་བྱེད་བཞིན་ཡོད་པ་ཁྱོད་རང་གིས་ཀྱང་ཤེས་ངེས་རེད། ལར་ཁོ་བོས་ཨ་ནུ་ཁྱོད་ལ་བརྩེ་བ་ནི་རང་གི་ཐོབ་ཤོར་ཆེད་དུ་མིན་པར་དཀོན་མཆོག་གིས་གཟིགས་ཀྱང་དག་འབུད་བྱེད་ངེས་པའི་ཕྱིར། དེ་ནི་རྨ་མེད་པ་དང་རིན་ཐང་བྲལ་བ་ཞིག་ཡིན་པར་མཚོན་ཐུབ། ལན་རེར་ཁོ་བོར་ཡི་ཆད་དང་བག་འཁུམ་གྱི་ཚོར་བ་གྲང་ཤུར་ཤུར་ངང་གཅིག་པུར་གནས་ཚེ་ཁྱོད་ཀྱི་ལྷད་མེད་པའི་བརྩེ་དུང་དང༌། ཟོལ་མེད་ཀྱི་ཁ་བརྡ་རེ་རེས་ངའི་སྙིང་དབུས་སུ་བག་ལ་ཞ་བའི་སྤོབས་སེམས་ཀྱི་གངས་སེང་དཀར་མོ་ཧར་གྱིས་ལང་དུ་བཅུག ཅི་ཞིག་གིས་ཡིན་ནམ། ངའི་དྲན་པའི་རྩིག་ངོས་སུ་གསལ་ལེར་ཤར་བ་ནི་འདས་ཟིན་པའི་སྣང་བརྙན་གསོན་པོ་ཤ་སྟག་རེད། སེམས་ཚོར་ནི་གཟུགས་མེད་ཀྱི་དངོས་པོ་ཡིན་པས་རང་ཁོ་ནས་ཉམས་སུ་མྱོང་བ་ཞིག་ལས་གཞན་གྱིས་མཐོང་དུ་མི་རུང་བའི་ཆོས་ཤིག་ཡིན་པར་བཤད་ག་ལ་དགོས། གལ་ཏེ་འགྲེལ་བརྗོད་དང་བརྡ་སྤྲོད་ཀྱི་ནུས་པ་དང་བྲལ་བ་ཡིན་ན་མིའི་རིགས་ཀྱི་ཡིད་ཆེས་དང་བརྩེ་བ་གཏན་ནས་ཡོང་མི་སྲིད་མོད། དེ་ནི་ཇི་མ་ཇི་བཞིན་བཤད་དུ་མེད་པར་རྒྱུ་མཚན་གཉིས་ཀྱིས་བསམ་བློ་བ་ཞིག་གིས་ནན་བཤད་བགྱིས་འདུག འོ་སྐྱེལ་བ་དང༌། འཐམ་འཁྱུད་བྱེད་པ། འཛུམ་སྟོན་པ་སོགས་ཕྱིའི་རྣམ་འགྱུར་རགས་པ་དག་ལས་ནང་གི་བརྩེ་སེམས་མཚོན་ཐབས་བྱེད་པ་ནི་མིའི་རིགས་ཀྱི་བླ་ན་མེད་པའི་རྣམ་དཔྱོད་ཅིག་ལས་བྱུང་བ་ཁས་མི་ལེན་ཀ་མེད་རེད། འུ་ཚོས་གནས་ལུགས་ལ་ཡིད་ཆེས་དང་བདེན་དོན་བརྩི་མཐོང་བྱེད་དགོས། དེ་ནི་འཚོ་གནས་དང་འབྲེལ་བ་ཡོད། “འཕྲིན་ཡིག་ནི་ད་གཟོད་ནང་སེམས་དམར་རྗེན་མཚོན་བྱེད་དང༌། བརྩེ་བ་ལྷོག་ལྷོག་ཏུ་འཕྱུར་ས་ཡིན་པ་རེད་ཨང༌།” ཞེས་ཀྱང་སྨྲས་སོ། འོ་ན་སྨྱུག་རྩེ་ནས་ལྷོག་ལྷོག་ཏུ་བཞུར་བའི་ཉིན་ཐོ་འབྲི་བའང་དེ་ལས་མ་འདས་པ་ཞིག་རེད་ཅེ་ན་རྫུན་དུ་མི་འགྲོ་བར་ཡིད་ཆེས་བྱེད་ཆོག གལ་ཏེ་འུ་ཚོ་རྩོམ་པ་པོ་ཞིག་ཡིན་ན་དཀར་ནག་ཤན་དུ་གཅོད་པའི་རང་གཤིས་དང་དྲང་བདེན་གླུ་རུ་ལེན་པའི་མགྲིན་ངག་ཡོད་དགོས། མདོར་ན་རྫུན་ཚིག་དང་མ་འདྲེས་པར་སྐད་ཆ་བཤད་རྒྱུ་གནད་འགག་ཅིག་བརྩི་ཆོག ཉམས་འུར་བའི་ལུས་ཀྱི་རྣམ་འགྱུར་བཅས་པའི་ཀུ་རེ་དང་དགོད་སྒྲ་ལྷན་དུ་ཁྱེད་ཀྱི་སྐད་ངག་ཚུན་ཆད་མ་འདྲེས་པར་ད་ལྟ་འང་ཚོགས་དྲུག་གི་སྒོ་མོར་ལམ་ལམ་འཆར་བཞིན་པ་འདིས། ངའི་སེམས་དབུས་སུ་བག་ཆགས་ངེས་ཅན་ཞིག་བཞག་ཡོད་པའི་དཔང་རྟགས་གསལ་ཤོས་ཤིག་ཡིན། དེ་ནི་ངེད་སྤུན་གཉིས་འགྲོགས་པའི་ཐོག་མའི་དུས་མིན་ལ་མཐའ་མ་ཡང་ག་ལ་ཡིན། ཨ་གསར་རྟ་ལས་མགྱོགས་ཤིང་རྔ་མ་ལུག་ལས་ཐུང་ཞེས་པའི་སྤྱོད་ངན་དེ་འདྲ་ཞིག་མ་ཡིན་པར་དོན་དམ་པའི་ལྷད་མེད་ཀྱི་བརྩེ་དུང་དང་ཟོལ་མེད་ཀྱི་རང་གཤིས་མངའ་བས་ཆུ་ཚོད་དང་སྐར་ཆ་ཙམ་ཡང་ང་ཁྱོད་རང་དང་མི་འབྲལ་བར་མཉམ་དུ་འདུག་འདོད་ཡོད་ཀྱང་དེ་ནི་མི་སྲིད་པ་ཞིག་རེད་མོད། མང་དུ་འགྲོགས་རྒྱུར་རེ་བ་དང་ཡིད་ཆེས་ཡོད་པས་དེ་ལྟར་ཡིད་ལའང་འཛིན་པར་ཞུ། སྤུན་ཟླ་ལགས། འདིར་སྣང་ནི། རྨི་ལམ་དང་རྫུན་མ་ཞིག་ཡིན་པ་དང༌། རྨི་ལམ་ནི་དེ་ལས་རྫུན་ནག་ཅིག་ཡིན་པར་བཤད་མི་དགོས་ཀྱང༌། ང་ལ་རབ་རིབ་ཀྱི་རྨི་ལམ་མང་པོ་འཆད་དུ་ཡོད་པ་དེས་འུ་གཉིས་ཚེ་རབས་ཀྱང་སྤུན་ཟླ་ཡིན་པར་ཡིད་ཆེས་བྱེད། དེ་ནི་རྨོངས་དད་ཀྱི་ལྟ་ཚུལ་ཞིག་ཏུ་བགྲངས་ངེས་པར་སྔ་མོ་ནས་ཤེས་ཀྱང་བྱ་ཐབས་ཟད། མིའི་སེམས་ཚོར་ལ་མཐའ་མེད་པ་བཞིན་དགའ་ཕྱོགས་དང་སྡང་ཕྱོགས་ལ་ཚད་མེད་པ་ཞིག་ཡིན་ཀྱང་སྙན་ངག་ལ་དགའ་བ། དཔེ་ཆ་ལ་དགའ་བ། ཕྱི་ཐག་ཅན་གྱི་གྲོགས་པོ་ལ་དགའ་བ། ཞི་བདེ་ལ་དགའ་བ་བཅས་ནི་ངས་ཧ་ཅང་གི་དགའ་ཤོས་བཞི་ཡིན་པར་མ་ཟད། ཁྱོད་རང་ལ་འཚམས་སྦྱོར་ལྟར་དོན་སྔོན་དུ་གྱུར་པའི་རེ་སྨོན་དང་ཡིད་ཆེས་འཛིན། གནའ་མི་རྒན་པོའི་འབེལ་གཏམ། གཞུང་ལུགས་མཁས་པའི་དཀྱུས་བཤད། ལོ་རྒྱུས་མི་སྣའི་སྣང་བརྙན་སོགས་མ་ངེས་པའི་དྲི་བ་དང་བགྲོ་གླེང་སྣ་ཚོགས་པའི་མོལ་མཆིད་ཀྱིས་བཟི་ནས་ཅི་ཡང་མ་ཚོར་བར་དུས་ཚོད་འཁོར་ལོས་ཉི་མ་གཞོན་ནུ་ས་མཐར་བསྐྲད་དེ་ནག་རོང་ངེར་ས་སྲོད་མུན་པ་མདུན་དུ་བསུས། ཨེ་མ་ད་ནི་མི་འདོད་བཞིན་དུ་རང་གནས་སུ་སོ་སོར་འགྲོ་དགོས་སྙམ་ཞིང༌། ཞེ་སྨྲེང་བ་དང༌། ངུ་བྲོ་བའི་ཚོར་བ་ཟབ་མོ་ཞིག་གིས་དགའ་སྐྱིད་ཀྱི་དུས་ཚོད་བཟང་པོ་རེ་ཞིག་མཇུག་བསྡུས་པ་འདྲ། སྐབས་དེར་བྱམས་བརྩེ་ལྡན་པའི་ནུ་བོས་སྤྱང་གྲུང་དོད་པའི་མིག་ཟུང་སྐྱོ་ཉམས་བཅས་ཁོ་བོའི་གདོང་ལ་ཅེར་ཞིང་ལག་གཉིས་དམ་པོར་འཇུས་ཏེ། ཡ་བདེ་མོ་བཞུགས། རྗེས་མ་མཇལ་ཡོང་ཞེས་སེམས་འཁྲེང་བའི་རྣམ་འགྱུར་དེ་མཐོང་མ་ཐག ད་གཟོད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟར་ནག་ཐུམ་མེར་ཁོ་བོ་དལ་ཞིག་ཧད་པར་གྱུར། ཏིར་ཏིར་ཞེས་སྙིང་ལ་གཟན་པའི་སྒྲ་དལ་མོ་དེས་གཉིད་ལས་བླངས་པ་ལྟ་བུའི་སྲོག་དབུགས་གསར་པ་ཞིག་བསྩལ། Z འདི་འདྲའི་ཡིག་འབྲུ་གཅིག་མིག་ལམ་དུ་ཤར་བས་ད་གཟོད་ཁྱོད་ཀྱི་ཞལ་པར་ཡིན་པ་གཞི་ནས་ཤེས། བྱམས་བརྩེ་ཡི་རིན་ཐང༌། ལྷག་བསམ་གྱི་བསླབ་བྱ། འབྱུང་འགྱུར་གྱི་འཚོལ་སྙེག་སོགས་གློག་འཁྱུགས་པ་ལྟ་བུའི་སེམས་ཚོར་དྲག་པོའི་རྦ་ཀློང་འཐབ་ཀྱིན་པར་ཁོ་བོ་གཉིད་ལམ་གྲོང་ཁྱེར་དུ་ཕྱིན་སོང་ ་ ་ ་ ་ ་ ༌།། །།

སྣ་ཚོགས།

Post navigation

Previous Post: མཇེ་ཤུན་གཏུབ་ན་ད་གཟོད་ང་ཚོའི་མི་རིགས་ཆགས་པ་རེད།
Next Post: མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་སྤྲིངས་པའི་ཞུ་ཚིག

Comment (1) on “བརྗེད་མི་སྲིད་པའི་ཉིན་མོར་ཕྱིར་དྲན་བྱེད་པ།”

  1. ཚ་ཕྲུག་རྒྱལ says:
    2011-05-05 at 5:53 am

    འབྲོང་ལགས་ཀྱིས་བྲིས་རྩལ་དེར་དངོས་གནས་རང་ཡིན་ཕྲན་རང་ཡིད་སྨོན་སྐྱེས་སོང་། ད་དུང་དེ་བཞིན་མང་ཙམ་སྤེལ་བའི་རེ་བ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme