ཡེ་པི་གླེང་མོལ་མཉེན་ཆས་བཀོལ་ནས་བོད་དུ་ཡོད་པའི་ནང་མི་སྤུན་མཆེད་སོགས་ལ་སྐད་ཆ་བཤད་ན་སྐད་འཕྲིན་ལས་ལྡབ་བརྒྱ་འགྱུར་གྱིས་བདེ་འཇགས་ཡིན།
བདེ་འཇགས་ཕོ་ཉ།
ཉིན་ཤས་སྔོན་དུ་གྲོས་ཚོགས་ར་བའི་ནང་རྒྱ་ནག་གིས་བཟོས་པའི་སྐད་འཕྲིན་བཀོལ་སྤྱོད་མི་བྱེད་པའི་འབོད་སྐུལ་བྱ་རྒྱུའི་ཐད་བཀའ་མོལ་ཞིག་བྱུང་ཡོད་ཅིང་། དེ་ནི་དགོས་ངེས་ཤིག་ཡིན། བོད་དུ་ཡོད་པའི་བོད་མི་ཚོར་མཚོན་ནས་བཤད་ན། སྐད་འཕྲིན་བརྒྱུད་ནས་བོད་མིའི་ལས་དབང་གླེང་བར་བརྟེན་རྒྱ་ནག་གི་བཙོན་དུ་ཚུད་པ་ཤིན་ཏུ་མང་། སྐད་འཕྲིན་གྱི་བར་སྟོང་དུ་རྩོམ་ཡིག་དང་འདྲ་སྤེལ་བའི་རྐྱེན་བྱས་ནས་རྒྱ་ནག་གི་ཉེན་རྟོག་པས་བཀག་ཉར་དང་ཉེས་ཆད་བཅད་པའང་ཉུང་ཉུང་མིན། དེ་བས་ང་ཚོས་རྒྱ་ནག་གིས་བཟོས་པའི་གླེང་མོལ་མཉེན་ཆས་སྐད་འཕྲིན་(wechat)ཟེར་བ་འདི་དངོས་གནས་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་རན་ལ་ཐོན་པས་མ་ཚད་ཕྱིས་དྲགས་ཡོད།
ཡི་པི་(Yippi)ནི་མ་ལ་ཤིས་ཡ་(Malaysia) ནས་བཟོས་པའི་གླེང་མོལ་མཉེན་ཆས་ཤིག་ཡིན་ལ། འདིའི་བྱེད་ནུས་ནི་ད་ལྟ་རང་རེས་བོད་ཕྱི་ནང་གཉིས་སུ་བཀོལ་བཞིན་པའི་སྐད་འཕྲིན་ལས་ལྷག་ཅིང་། ཡི་པི་གླེང་མོལ་མཉེན་ཆས་ནང་ལ་རྩེད་རིགས་སྣ་ཚོགས་ཡོད་པ་དང་། གལ་སྲིད་ཁྱེད་ལ་དུས་ཁོམ་བྱུང་ཚེ་རྩེད་རིགས་དེ་དག་ལས་གང་རུང་ཞིག་བརྩེས་ན་བདུན་ཕྲག་རེ་རེ་བཞིན་ཨང་རིམ་དང་གཉིས་སོགས་ལ་བྱ་དགའི་དངུལ་(བྱ་དགའི་དངུལ་ཨ་སྒོར་ཡིན།)འབོར་ཆེན་རག་གི་ཡོད་འདུག
ཡི་པི་གླེང་མོལ་མཉེན་ཆས་ཀྱི་བར་སྟོང་ནི་སྐད་འཕྲིན་གྱི་བར་སྟོང་ལས་ལེགས་ཤིང་། ཡི་གེ་དང་། འདྲ། བརྙན་སོགས་ཅི་འདོད་དུ་སྤེལ་ཆོག ཡི་པི་གླེང་མོལ་མཉེན་ཆས་ཀྱི་གྲངས་མཛོད་ནི་མ་ལ་ཤིས་ཡ་ལ་ཡོད་སྟབས། རྒྱ་ནག་གིས་གང་འདོད་དུ་སྔོག་གཤེར་བྱ་མི་ཐུབ་པ་ཡིན། གང་ཟག་སྒེར་གྱི་གསང་བའི་གནས་ཚུལ་ལ་དམ་སྲུང་བྱེད་ཀྱི་ཡོད་པས་གསང་བ་ཤོར་དོགས་ཀྱི་སེམས་ཁྲལ་བྱ་མི་དགོས། གླེང་ཚོམས་སམ་ཚོགས་པ་བཟོས་ན་ཚོགས་པ་རེ་རེ་ལ་མི་ཆིག་སྟོང་ཤོང་ཐུབ། བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་སོགས་ཅི་འདོད་དུ་བྲི་ཐུབ་ཀྱི་ཡོད། ཡི་པི་ལ་ཁྱད་ཆོས་སྐད་འཕྲིན་ལས་མང་ཞིང་། ཁྱེད་ཀྱི་ཁ་པར་ལ་བོད་ཡིག་མེད་ཚེ། མཛུབ་མོའམ་འགྱིག་ཐུར་གྱིས་བོད་ཡིག་འབྲི་ཐུབ་ཅིང་། བྲིས་པ་རྣམས་ཁྱེད་ཀྱི་རོགས་པས་ཁ་ཐུག་མཐོང་ཐུབ། ད་དུང་ཁྱེད་ཀྱིས་གྲོགས་པོས་ཁྱེད་ལ་རྒྱ་སྐད་བཤད་ཚེ། ཁྱེད་ཀྱིས་རྒྱ་སྐད་དེ་རྒྱ་ཡིག་ཐོག་ལ་རང་འགུལ་གྱིས་བདེ་བླག་ཏུ་ཕབ་ཐུབ། གསང་བའི་འདྲ་བསྐུར་དགོས་ཚེ། ཁྱེད་ཀྱིས་གསང་བའི་འདྲ་བསྐུར་ས་ནས་བསྐུར་ཚེ། ཁྱེད་ཀྱི་རོགས་པས་བལྟས་ཚར་མ་ཐག་འདྲ་དེ་རང་བཞིན་གྱིས་ཡལ་འགྲོ་བས་གཞན་གྱིས་རྗེས་སུ་ཁྱེད་ཀྱི་ཁ་པར་བསྔོགས་ཀྱང་འདྲ་རིག་རྒྱུ་མེད་པ་སོགས་ཁྱད་ཆོས་ཤིན་ཏུ་མང་བས་སོ་སོས་བཀོལ་ཞོར་ཚོད་ལྟ་བྱ་ཆོག
རྒྱ་ནག་གིས་བཟོས་པ་མ་ཡིན་པའི་གླེང་མོལ་མཉེན་ཆས་གཞན་པ་མང་ཡང་། VPN མེད་ན་བོད་དུ་ཕབ་ལེན་བྱེད་མི་ཐུབ་མོད། ཡི་པི་གླེང་མོལ་མཉེན་ཆས་ནི་བོད་དུ་VPNབརྒྱུད་མི་དགོས་པར་ཁ་པར་ཚང་མའི་ནང་དུ་བདེ་བླག་ཏུ་ཕབ་ལེན་བྱ་ཐུབ་པ་ཡིན། དེས་ན་ང་ཚོ་ད་ལྟ་རང་རྒྱ་ནག་གིས་བཟོས་པའི་སྐད་འཕྲིན་དང་ཁ་གྱེས་ཐུབ་ཚེ། རང་ཉིད་ལ་བདེ་འཇགས་ཡོད་ཅིང་། ཁྱེད་ཀྱི་ནང་མི་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ཚང་མ་ལའང་བདེ་འཇགས་ཡོད། གལ་སྲིད་ཁྱེད་ཀྱིས་ཡི་པི་གླེང་མོལ་མཉེན་ཆས་བཀོལ་ཚེ་སེམས་བདེ་མོ་བྱས་ནས་བོད་དུ་ཡོད་པའི་ནང་མི་མཉེན་ཉེ་སོགས་ལ་འབྲེལ་བ་བྱ་ཆོག ཐུགས་ལ་ཟུངས། ཁོ་ཚོ་ལ་བདེ་འཇགས་ཡོད་ཅིང་། ཁྱོད་ལའང་བདེ་འཇགས་ཡོད།
September 29th, 2018 at 4:19 am
ངས་བདེ་འཇག་ཕོ་ཉས་གསུངས་པ་ལྟར་ལག་ཐོག་ཁ་པར་ནང་དུ་ཕབ་པ་ཡིན། འོན་ཀྱང་ངས་རྩོལ་བ་ཇི་ཙམ་བྱས་ཀྱང་སྒོ་ཕྱེ་ཐུབ་མ་སོང་། དུས་ཚོད་ཆུད་ཟོས་སུ་བཏང་སོང་། །
September 29th, 2018 at 1:20 pm
ང་ཚོ་ལ་ཡེ་པི་འདྲ་ཞིག་དགོས་ངེས་རེད། འོན་ཀྱང་ཕྱོགས་གཉིས་ཀར་ཡི་པི་མཉེན་ཆས་མེད་པ་ཡིན་ན་འགྲིག་ཨེ་ཡོད། གྲོས་ཚོགས་ནང་སྐད་འཕྲིན་བེད་སྤྱོད་མ་བྱེད་པའི་འབོད་སྐུལ་བྱས་ཀྱང་སྐད་འཕྲིན་གྱི་ཚབ་ལ་མཉེན་ཆས་འདི་ལྟ་བུ་བེད་སྤྱོད་བྱེད་དགོས་པའི་ལམ་སྟོན་མེད་དང་། དྲྭ་ལམ་གཞན་གང་ཞིག་མཁོ་སྤྲོད་དང་མཐུན་འགྱུར་མ་བྱས་ན་སྐད་ཆ་དེ་སྟོང་བ་རེད།
September 29th, 2018 at 5:46 pm
Yippi ཕབ་ལེན་ག་འདྲ་བྱེད་དགོས་རེད་ལམ་སྟོན་གནང་ཐུབ་ན་མི་མང་པོ་ལ་ཕན་གྱི་རེད་།
September 29th, 2018 at 7:01 pm
It’s very easy to down load but i could not make register so i was stuck there. There was no require numbers and letters for the passcode but it did not work passcode the one i created and there are some Chinese letter show so I don’t know what are they.
September 29th, 2018 at 9:43 pm
ཡི་བི་འདི་བོད་ནང་ནས་ཕབ་ལེན་ཐུབ་མེད་ལ་རགས་ལུས།་བོད་ནང་ལ་དེ་བེད་སྤྱོད་མེད་ན།་ང་ཚོས་ཇི་ལྟར་ཁོང་རྣམས་དང་འབྲེལ་བ་བྱེད་དགོས་སམ།
September 29th, 2018 at 10:33 pm
There is chinese letter then it shows that china
Influence in YIPPI also.
September 29th, 2018 at 10:59 pm
I think if you don’t wanted to use wechat and then it’s better to use line chat. It’s made from Japan.
Line is the most popular messaging app in Japan, Thailand and Taiwan. It is similar to the likes of Whatsapp, Facebook Messenger or WeChat in China. … Line has about 218 million monthly active users and makes its money from advertising and selling its virtual stickers and games.Jul 13, 2016
September 30th, 2018 at 1:13 pm
དགོས་མེད་ཀྱི་ལས་ཀ་ཐེ་བ་ཞིག་རེད།
October 6th, 2018 at 10:25 pm
ངའི་ར་ཚོད་ལྟ་བྱ་
October 7th, 2018 at 9:34 pm
རྩ་བ་ཉིད་ནས་མི་ཡོང་གི་་་་་་་་དུས་ཚོད་ཆུ་ཟོས་རང་རེད།