མི་རབས་གསར་པའི་འབོད་སྒྲ།
<<གྲོས་ཚོགས་འོས་འདེམས་དེ་ཆོལ་ཁ་དང་ཆོས་བརྒྱུད་ཁོངས་ནས་འདམ་རྒྱུ་མཚམས་འཇོག་རན་ལ་ཐོན་ཡོད།>>
འདྲེ་རིག་ལྡན།
དེང་སང་མི་མང་པོ་ཞིག་གིས་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་སྐད་ཆ་མང་པོ་ཞིག་བཤད་ཀྱིན་འདུག དེ་ཡང་ང་ཚོའི་མང་གཙོའི་འཕེལ་རིམ་ཞིག་ཏུ་མཐོང་བས་དགེ་བའི་གཏམ་དུ་མཆིས་མོད། བདེན་པས་བསླུ་མི་སྲིད་ཀྱང་བདེན་པ་བཤད་སྟངས་ཀྱིས་བསླུ་སྲིད་པ་ལྟར། མི་རེ་ཟུང་གི་བཀའ་མོལ་གསུངས་སྟངས་དེས་ཉན་མཁན་དང་ཀློག་མཁན་མང་པོ་ཞིག་ལ་དོགས་པ་སློང་གིན་འདུག དྲང་མོར་བཤད་ན། ད་ལྟ་ང་ཚོའི་སྤྱི་ཚོགས་འདི་ཆབ་སྲིད་ཀྱི་སྦྱོང་བརྡར་ཁྲོད་དངོས་སུ་ཞུགས་མ་ཐག་
པ་ཞིག་ཡིན་པས་ན། བཤད་མཁན་དང་ཉན་མཁན་གཉིས་ཀར་མི་ལྡང་བའི་ཆ་ནི་ཡོད་ཡོད་པ་ལྟ་བུ་རེད། འདི་ཡང་མང་གཙོའི་འཕེལ་རིམ་ཞིག་རེད།
༡༩༦༠ཐམ་པའི་ནང་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་ས་བོན་བཏབ་པ་ནས་བཟུང་ད་ལྟའི་བར་དུ་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་། ད་ལྟ་ཕྱིར་བལྟས་བྱས་ན་ནོར་འགལ་ལྟ་བུ་མང་དག་ཅིག་ཡོད་པ་ཐམས་ཅད་ཀྱང་གཙོ་བོ་སྐབས་དང་དུས་སྐབས་དེའི་མི་མང་གི་བསམ་བློའི་འཕེལ་ཕྱོགས་ལ་བསྟུན་ནས་ཡོང་བ་ཞིག་ཏུ་ངས་འདོད་ཀྱིན་ཡོད་ལ།
མི་མང་གི་བསམ་བློའི་གོ་རྟོགས་འཕེལ་རིམ་དང་བསྟུན་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་དགོས་པ་ཡང་དངོས་པོའི་ཆོས་ཉིད་དུ་འཁུམ་པ་དེ་ལྟར་རེད། གང་ལྟར། དེ་རིང་ནི་སྤྱི་ལོ་ ༢༠༡༠ ལོའི་སྤྱི་ཟླ་༣ ཚེས་༡༢ སྟེ། བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་ལྔ་གཅིག་པ་དེ་ཡང་རེད། མི་ལོ་༥༡རིང་འདིར་བཙན་བྱོལ་དུ་མི་རབས་གསུམ་འཁོར་ཡོད་ལ། ང་ནི་མི་རབས་གསུམ་པའི་ཁོངས་སུ་གཏོགས་པའི་ན་གཞོན་ཞིག་ཡིན། དེས་ན། ང་ལ་ཅིས་ཀྱང་བསམ་བློ་གསར་པ་ཞིག་དང་ལྟ་ཚུལ་གསར་པ་ཞིག་དགོས་ངེས་རེད། དེང་རབས་རིག་གནས་ཀྱི་སློབ་གསོའི་ཁོར་ཡུག་ནས་འཚར་བའི་བོད་རིགས་སེར་སྐྱ་ན་གཞོན་ཚོར་མཚོན་ན། ད་ལྟ་ད་དུང་ཡང་མི་ལོ་ལྔ་བཅུའི་སྔོན་གྱི་ནད་རྙིང་ཞིག་ལ་འཐམས་ནས། ཀླད་པ་རྙིང་པ་དག་གི་ལམ་སྟོན་ཨ་འཐས་སུ་འཛིན་པ་ནི་ཅུང་སྐྱུ་གཡའ་བའི་བསམ་བློའི་ཐོག་གི་རྗེས་ལུས་ཀྱི་སྣང་ཚུལ་ཞིག་ལས་གཞན་མ་རེད། སྐབས་འདིའི་་་ཀླད་པ་རྙིང་པ་་་་ཟེར་བ་ནི་མི་རྒན་པ་རྣམ་གྱིས་གང་བཤད་ཚད་ལ་གོ་བ་མ་ཡིན་པར། ཆོས་བརྒྱུད་དང་ཆོལ་ཁའི་ཕྱོགས་ཞེན་ནག་པོ་དེར་གོ་བ་ཡིན།
སྐབས་སུ་བབ་པའི་བརྗོད་གཞི་ནི། ངས་གྲོས་ཚོགས་ཀྱི་འཐུས་མི་འདེམས་ལུགས་དེ་ལ་དུས་བསྟུན་གྱིས་འགྱུར་བ་གཏོང་རན་འདུག་ཟེར་བ་དེ་ཡིན།
དེ་ཡང་། ཆོས་བརྒྱུད་དང་ཆོལ་ཁའི་མིང་ཐོག་ནས་མ་ཡིན་པར། ཆབ་སྲིད་ཚོགས་པའི་ངོ་བོའི་ཐོག་ནས་འདེམས་དགོས་འདུག ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་ལ་འབད་ཀྱིན་པ་དེ་ལྟར་ཡང་། བོད་སྤྱི་མང་གི་ཁྲོད་དུ། རང་བཙན་གཙང་མ་འདོད་མཁན་དང་། གཞུང་གི་ལངས་ཕྱོགས་ཐོག་ཤར་སྐྱོད་བྱེད་མཁན་བཅས་རིགས་གཉིས་སུ་ཡོད་པ་རེད། ལྟ་ཚུལ་དང་ལངས་ཕྱོགས་མི་མཐུན་པ་འདི་གཉིས་གཞི་རྩར་བཟུང་བའི་ཐོག་ནས། ཆབ་སྲིད་ཚོགས་པ་གཉིས་འཛུགས་པ་ཡིན་ན། ང་ཚོས་གཞི་ནས་མི་མང་སྤྱིའི་མངོན་འདོད་གང་ཡིན་པ་དེ་གསལ་ལྷང་ངེར་མཐོང་ཐུབ་པ་མ་ཟད། ཆབ་སྲིད་ཚོགས་པའི་ངོས་ནས་གྲོས་ཚོགས་འཐུས་མི་འདེམ་པ་འདིས་ད་ལྟའི་དུས་ཀྱི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་བབ་ཅོལ་དེ་ཚོ་ཡང་རང་བཞིན་གྱིས་གཞོམ་འགྲོ་བ་རེད།
འདིའི་དཔེ་མཚོན་ཡག་ཤོས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ རེད། གཞོན་ལྷན་ལ་རང་ངོས་ནས་ནང་ཁུལ་ལ་འགྲིག་དང་མ་འགྲིག་གི་ཁ་རྩོད་ཆུང་ཆུང་རེ་ཡོང་བཞིན་ཡོད་ན་ཡང་། རྩོད་པ་དེ་ཁོང་ཚོ་ནང་ཁུལ་གྱི་རྩོད་པ་ཞིག་ལས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་གླེང་གཞིར་ད་ལྟའི་བར་དུ་བྱུང་མེད་པ་ལྟ་བུ་རེད། དེ་ནི་གཙོ་བོ་ཚོགས་མིའམ་འཐུས་མིའི་འབྱུང་ཁུངས་ཆོལ་ཁ་དང་ཆོས་བརྒྱུད་ཀྱིས་དབྱེ་འབྱེད་བྱས་མེད་པས་རེད་འདོད་པ་ཡིན། མདོར་བསྡུས་ནས་བཤད་ན།
དགེ་སྐྱོན་གཉིས་ཀ་ཡོད་པའི་ད་ལྟའི་གྲོས་ཚོགས་འཐུས་མི་འདེམ་ལུགས་འདི། ང་ཚོའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་སུ་བཀོད་ནས། དེ་རིང་ནས་བཟུང་།
དབུ་མའི་ཚོགས་པ་དང་། རང་བཙན་ཚོགས་པ་གཉིས་སུ་དབྱེ་བའི་ཆབ་སྲིད་ཚོགས་པ་གཉིས་ཀྱིས་གྲོས་ཚོགས་གོང་འོག་གི་འཐུས་མིའི་འོས་ཤོག་ལ་འགྲན་རྩོད་བྱེད་པ་ཡིན་ན། འདིས་ང་ཚོར་ཆབ་སྲིད་ཀྱི་ཉམས་མྱོང་གསར་བ་ཞིག་དང་། ཆོལ་གསུམ་བོད་མིའི་ངོ་བོ་མཚོན་ཐུབ་པའི་མི་སྣ་གསར་པ་རེ། ད་དུང་ཆོལ་གསུམ་བོད་མིའི་མཐུན་སྒྲིལ་གྱི་ཁུ་ཚུར་གཅིག་ཏུ་སྒྲིལ་བར་ཡང་གཞོགས་འདེགས་བླ་མེད་ཅིག་བྱེད་ཐུབ་པར་འདོད་པ་ཡིན། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོད་མི་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། བཙན་བྱོལ་དུ་ང་ཚོར་རང་ཉིད་ལ་དབང་བའི་ས་ཁོངས་མེད། གལ་སྲིད་ཆོལ་ཁ་རེ་རེ་ས་གནས་རེ་རེར་གནས་སྡོད་བྱེད་ཀྱིན་ཡོད་ན་དེ་ལ་དེ་མཐུན་གྱི་གྲོས་ཚོགས་འཐུས་མི་དགོས་ངེས་རེད་མོད། འོན་ཀྱང་ད་ལྟའི་གནས་སྐབས་སུ་ང་ཚོར་དེ་འདྲ་མེད། བོད་མི་ཀུན་ལ་ཐོབ་འདྲ་མཉམ་དང་ཁྲལ་འདྲ་མཉམ་དུ་ཡོད་པས་ན། ཆོལ་ཁོངས་ཀྱི་དབྱེ་བ་འདིའི་ཐོག་ནས་གྲོས་ཚོགས་སུ་རྩོད་དགོས་པའི་ཐོབ་ཐང་འཐོལ་བ་གང་ཡང་མེད་པ་རེད།
ཁ་བརྡ་ནི་བོད་རིགས་གྲོགས་པོ་སྐོར་གཅིག་གིས་མཉམ་རུབ་ཀྱིས་བཏོན་པའི་གླེང་སྟེགས་ཤིག་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༢ གི་ཆུ་ཚོད་ ༡༠ སྐར་མ་ ༤༠
འདྲེ་རིག་ལགས། སྤྱིར་དགོངས་ཚུལ་ཡག་པོ་གསུངས་འདུག འོན་ཀྱང་ང་ཚོ་ད་ལྟ་མིའི་ལུང་པར་ཡུལ་གྱར་ནས་བསྡད་ཡོད་པ་འདི་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད་སྙམ། ཆབ་སྲིད་ཀྱི་ཚོགས་པ་ནི་རང་དབང་ཅན་གྱི་ཡུལ་གྲུར་ཡང་མི་དམངས་ལ་ཆབ་སྲིད་ཀྱི་གོ་རྟོགས་དམའ་བའི་རྒྱལ་ཁབ་ཁག་ཏུ་དཀའ་རྙོག་ཇི་འདྲ་ཡོང་གི་ཡོད་པ་མཐོང་ཆོད་ལྟར་རེད། རང་དབང་གི་ཉི་མ་ཤར་བའི་དུས་དེར་ཆབ་སྲིད་ཀྱི་ཚོགས་པ་ངེས་པར་དགོས་ཀྱི་རེད་ལ་ཡོང་གི་ཡང་རེད། ད་ལྟ་སྐབས་སུ་བབ་པ་ནི་ང་ཚོས་བོད་ཀྱི་སྣོད་བཅུད་རྩ་མེད་མི་འགྲོ་བའི་ཆེད་ཁ་ཚ་དགོས་གཏུགས་ཀྱི་དོན་དངོས་ཕན་ཐོགས་ཡོད་པའི་ལས་དོན་ཐོག་ཕྱར་གྲུ་མཉམ་འདེགས་བྱ་རྒྱུ་དེ་རང་གལ་ཆེར་མངོན།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༢ གི་ཆུ་ཚོད་ ༡༠ སྐར་མ་ ༥༡
ཁོ་རེ། འདྲེ་རིག་ལྡན་ཁྱོད་ཀྱིས་ཅི་ཞིག་གོ་བྱུང་། ད་ལྟ་བཙན་བྱོལ་བོད་མི་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་ཅི་ཡོད། རྒྱ་དམར་གྱི་ལྟ་བ་ཁུར་མཁན་ཁག་གཅིག་གིས་ཆོས་ལུགས་སྤྱི་འཐུས་མི་དགོས་པའི་ལྟ་ཚུལ་བཟུང་ཡོད་པ་དེ་བཞིན། ད་ཡང་ཆོལ་ཁའི་སྤྱི་འཐུས་ཀྱང་མི་དགོས་པར་འདོད་ཀྱི་ཡོད་པས། ?????
བོད་པ་བཙན་བྱོལ་དུ་འབྱོར་ནས་ཆོལ་ཁ་གསུམ་གྱི་ཐ་སྙད་ལ་བདག་པོ་རྒྱག་དགོས་པའི་རྒྱུ་མཚན་ཇི་ཞིག་ཡིན་ཤེས་ཀྱི་ཡོད་པས། ???????????????????????????????
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༢ གི་ཆུ་ཚོད་ ༡༥ སྐར་མ་ ༤༢
དང་པོ་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་ཡེ་སྐད་ཆ། ད་ཆོལ་ཁའི་སྤྱི་འཐུས་མེད་པ་བཟོ་ཡེ་སྐད་ཆ་དེ་ཐོན། དེ་ནས་སྤྱི་འཐུས་མེད་པ་བཟོ་ཡེ་དང་། མཐའ་མ་བཙན་བྱོལ་བོད་གཞུང་མེད་པ་བཟོ་ཡེ་སྐད་ཆ་དེ་མ་མཏོགས་ལྷག་བགྱི་མ་རེད། དགོངས་པ་ཡག་པོ་བཞེས་ནས་གསུང་ན་སྤྱི་པ་ལ་ཕན་ཐོགས་མི་ཆེའམ།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༢ གི་ཆུ་ཚོད་ ༢༢ སྐར་མ་ ༤༣
མིག་དམར་རྡོ་རྗེ་ལགས་ཀྱིས་དགོངས་ཚུལ་ལྷུག་བརྗོད་གནང་བར་བཀའ་དྲིན་ཆེ།
བཀྲ་ཤིས་དང་ཀརྨ་རྡོ་རྗེ་མིང་འཛིན་པ་གཉིས་ཀྱིས་མི་སྐད་བཤད་ཤེས་ན་གཞི་ནས་བགྲོ་གླེང་བྱེད་ཆོག་གི་རེད།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༢ གི་ཆུ་ཚོད་ ༢༢ སྐར་མ་ ༥༠
ཁོ་རེ་འདྲེ་རྒན། ཁྱོད་ཀྱིས་འདྲེ་སྐད་མ་གཏོགས་བཤད་ཤེས་ཀྱི་མེད་གནས་ཚུལ་ཐ་དད་རེད། གལ་ཏེ་བོད་སྐད་བཤད་ཤེས་ཀྱི་ཡོད་ན་བོད་གཞུང་ལ་གཏོར་བཤིག་མ་རྒྱག་ལོ།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༣ གི་ཆུ་ཚོད་ ༧ སྐར་མ་ ༣༧
བཀྲ་ཤིས་མིང་འཛིན་པ་ལགས། བློ་དང་ལྡན་པའི་གཏོར་བཤིག་ནི་ལེགས་ཚོགས་འཛུགས་བསྐྲུན་གྱི་ཐོག་མའི་གོམ་སྟབས་རེད་ལ། གཏན་ཚིགས་དང་དོན་དངོས་སྲོག་ཞུགས་ཀྱི་སྐད་ཆ་ནི་ལྷག་བསམ་དག་པོའི་ཚུར་སྣང་རེད། གང་ལྟར། ངས་ཇི་ལྟར་བསམ་གཞིགས་བྱས་ཀྱང་ཁྱེད་རང་གི་བསམ་བློའི་གནས་བབ་དེར་རན་པའི་སྐད་ཆ་ཞིག་བཤད་ཤེས་མ་སོང་བས་དགོངས་དག་ཞུ་རྒྱུ་ཡིན། ངས་ཁྱོད་ལ་སྒུག་ཐུབ་ས་མ་རེད།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ གི་ཆུ་ཚོད་ ༢ སྐར་མ་ ༤༩
འདྲེ་ནི་འདྲེ་རང་རེད། རིག་པ་ནི་འདྲེ་ལ་ལོས་ལྡན། འདྲེ་མིང་འཛིན་པ་ཞིག་གིས་ལྷག་བསམ་དང་རྣམ་དཔྱོད་ལྡན་པའི་སྐད་ཆ་ཤོད་ཡོང་དུས། ངོ་མ། ང་ཚོ་འགྲོ་བ་མི་ཚོ་ཡང་ངོ་ཚ་དགོས་པ་འདུག་གཱ། འདྲེ་རིག་ལྡན་ཟེར་བ་འདིས་རིགས་པ་དང་ལྡན་པའི་སྒོ་ནས་རང་རེའི་སྤྱི་ཚོགས་བཟང་ཕྱོགས་སུ་འཁྲིད་ཐབས་བྱེད་ཁུར་ལ་བལྟས་ན། འདི་ནི་ངོ་མ་མི་རྣམ་དཔྱོད་དང་ལྷག་བསམ། ཤེས་ཡོན་བཅས་འཛོམས་པའི་ཕོ་རྒོད་དར་མ་ཞིག་ཡིན་ཤག་བྱེད་ཤོར་སོང༌།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ གི་ཆུ་ཚོད་ ༦ སྐར་མ་ ༢༥
སྤུན་སྒང་ནེ་ཡེ་འཇིགས་ཕེབས་ནས་གདེང་འཇོག་བླ་མེད་གནང་འདུག་པར་ཐུགས་རྗེ་ཆེ་ཞུ།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ གི་ཆུ་ཚོད་ ༡༠ སྐར་མ་ ༥༨
འདྲེ་རིག་ལྡན་ལགས།་་ངས་ཁྱེད་ཀྱི་བཤད་བྱ་ལ་འབྲེལ་བ་མེད་པའི་སྐད་ཆ་ཞིག་འདིར་བཤད་དགོས་བྱུང་སོང།་་
ངའི་གློག་ཀླད་ནང་དུས་བབ་དྲ་རྒྱར་ཡི་གི་འགྲོ་ཡི་མི་འདུག་་་་དེར་གྲྭ་རྒོད་ཟེར་བ་ཞིག་གིས་ཐུབ་བསྟན་ལུང་རིག་
རྗེས་མའི་བཀའ་ཁྲིར་འདེམས་ན་གང་འདྲ་རེད་ཟེར།་་་་་དངོས་གནས་དགོད་བྲོ་བ་ལ་ཨང།་་་ཁོང་གིས་ཟམ་གདོང་
མཆོག་གི་ཤེས་ཡོན་ཐད་ཀྱི་དགོངས་དེ་ཚོ་ཡང་གཞི་རིམ་ལ་ལན་གསལ་བོ་ཞིག་ཀྱང་བསྐྱེལ་ཐུབ་ཀྱིན་མི་འདུག་ན།
བཀའ་ཁྲིའི་འོས་འགན་ཅི་ལ་ཁྱོག་་་་་་་་་་་་་་་་དངོས་གནས་ཁོང་ལྷག་བསམ་འདྲ་ཡོད་ཚོད་ཀྱང་ཤེས་ཚད་ཧ་ཅང་སྐྱོ་
བོ་རེད་འདུག་ཡ།་་་་་་་ཐ་ན་རང་གི་བསམ་ཚུལ་ཡིག་ངོར་ཡག་པོ་ཞིག་འབེབ་ཐུབ་ཡོད་ན།་་་་་་ཡོད་པའི་དབང་དུ་་་
བཏང་ཀྱང་འཁྱར་འཁྱོར་ཞིག་འབྲི་བ་ལའང་དངོས་གནས་ཉིན་གྲངས་འགའ་འགོར་རྒྱུ་ཡིན་པ་དེ་ང་ལ་གསལ་ཆ་
ཡོད་པས།།།།།།།།།་་་་སྐད་ཆ་དེ་གོ་མ་ང་ལ་ཤ་འདར་ཅིག་བརྒྱབས་བྱུང།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ གི་ཆུ་ཚོད་ ༢༡ སྐར་མ་ ༤༩
༨༽ rabten ནས།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ གི་ཆུ་ཚོད་ ༦ སྐར་མ་ ༢༥
སྤུན་སྒང་ནེ་ཡེ་འཇིགས་ཕེབས་ནས་གདེང་འཇོག་བླ་མེད་གནང་འདུག་པར་ཐུགས་རྗེ་ཆེ་ཞུ།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ གི་ཆུ་ཚོད་ ༢༡ སྐར་མ་ ༥༠
བཀྲ་ཤིས་ལགས་ཀྱི་བསམ་ཚུལ་དེའི་ཐད་ང་ལ་བཤད་རྒྱུ་གང་ཡང་མེད།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༧ གི་ཆུ་ཚོད་ ༣ སྐར་མ་ ༢༧
རབ་བརྟན་ཟེར་བ་ཁྱོད་འདྲེ་རིག་ལྡན་རང་ཡིན་ནམ།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༧ གི་ཆུ་ཚོད་ ༡༡ སྐར་མ་ ༥༡
རབ་བརྟན་ཟེར་བའི་མིང་འདི་ངེད་ལས་ཁུངས་ཀྱི་དྲ་ཁང་གི་གློག་ཀླད་ཅིག་ཏུ་ལྷག་འདུག་པའི་གཞན་གྱི་ཐོ་མིང་རེད་ལགས། ཉིན་དེར་ལས་ཁུངས་ཀྱི་ཁ་པར་སྐུད་ལམ་ཆད་ནས་དྲ་ལམ་ཆད་འདུག་པར་བརྟེན། ང་རང་དྲ་ཁང་དུ་ཡིག་ཆ་ཞིག་ཕབ་ལེན་བྱེད་དུ་སོང་བ་ཡིན། ཞོར་ནས་ཁ་བརྡར་འཛུལ་ནས་ཁྱེད་ཀྱི་མཆན་བུ་མཐོང་བས་དགའ་བཞིན་སྤྲོ་བཞིན་དུ་མཆན་བུ་དེ་བཏབ་པ་ཡིན། དགོང་མོ་ནང་ལ་ཐོན་ནས་བལྟ་དུས་་་་ གཞི་ནས་མིང་དེ་གཞན་གྱི་ཡིན་པ་ཤེས་སོང་། གང་ལྟར། རབ་བརྟན་ང་མིན། མཆན་དེ་བྲིས་མཁན་ང་ཡིན། ཚང་མ་ང་རང་གིས་ལན་པ་ཡིན་པས་དགོངས་པ་མ་ཚོམ།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༧ གི་ཆུ་ཚོད་ ༡༢ སྐར་མ་ ༣༡
དུས་བབ་དྲ་རྒྱ་རྒྱ་མིས་བཀག་བཞག་པ་འདྲ་བོ་མ་རེད་པ། ཡོང་གི་མི་འདུག དེའི་ནང་ད་ལོ་སྤྱི་འཐུས་ཚོས་བརྒྱག་རེས་བརྒྱག་གི་མེད་འགྲོ་ཀློག་དགོས་བསམ་ཡང་། དུས་བབ་དྲ་ཚིགས་ཡོང་གི་མི་འདུག
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༧ གི་ཆུ་ཚོད་ ༡༣ སྐར་མ་ ༠༤
ད་ལོ་ཚོགས་གཙོ་ཅུང་ཙམ་ཇེ་བཙན་ལ་སོང་འདུག་པ་འདྲ་ཞིག་མཐོང་སོང་། སྤྱི་འཐུས་ཚོས་རྒྱག་རེས་རྒྱག་ཐུབ་ས་མ་རེད་པཱ། དེ་དག་དག་རེད་འདུག་བསམ་གི དེ་མིན་སྤྱི་འཐུས་དེ་ཚོ་གླག་འཁེལ་མི་ཡོང་ཡ།