བསྐྱར་དུ་བསམ་བློ་ཐོངས། - རྒྱལ་བ་རིན་པོ་ཆེའི་དགོངས་པར་འགྱུར་བ་གཏོང་དགོས།
སྐུ་ཞབས་རིག་བྱུང་དོན་གྲུབ་བཀྲིས་ཀྱིས་བསྐྱར་དུ་བསམ་བློ་ཐོངས་ཟེར། མདང་ནུབ་ཕྱི་པོ་བར་ལ་བསམ་བློ་བཏང་པ་ཡིན། ངའི་བསམ་ཚུལ་འདི་ཡིན།
ང་ཚོས་བོད་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་དགོས་ན། དང་པོ་རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞེས་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག བོད་ཀྱི་སྤྱི་ཚོགས་ནང་རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་འགལ་ན་བྱ་བ་སྒྲུབ་ཐུབ་ཀྱི་མིན་འདུག དེར་བརྟེན། དང་པོ་བོད་པའི་སྤྱི་ཚོགས་ནང་ལས་ཀ་ག་རེ་བྱས་ནའང་རྒྱལ་བ་རིན་པོ་ཆེའི་རྒྱབ་སྐྱོར་ཐོབ་པ་བྱེད་དགོས་ཀྱི་འདུག དེར་བརྟེན། དང་པོ་བཙན་བྱོལ་གཞུང་བརྟན་པོ་ཞིག་འཛུགས་ཐུབ་པ་བྱ་རྒྱུ་དེ་རེད། དེ་ཡོང་བར། དམངས་གཙོ་ཡག་པོ་ཞིག་དགོས་འདུག དེ་ཡོང་བར། ཆབ་སྲིད་ཀྱི་ཚོགས་པ་ཁ་ཤས་འཛུགས་དགོས་ཀྱི་འདུག དེ་ཡོང་བར་དང་པོ་རྒྱལ་བ་རིན་པོ་ཆེ་ལ་དེ་ལྟར་ཡོང་བར་རྒྱབ་སྐྱོར་གནང་རོགས་ཅེས་སྙན་གསེང་ཞུས། རྒྱལ་བ་རིན་པོ་ཆེས་དེ་ཁས་ལེན་ན། ཁོང་ནས་མང་ཚོགས་ལ་བཀའ་གནང་ནས་ཆབ་སྲིད་ཚོགས་པ་འཛུགས་རྒྱུ་དེ་རེད།
གཉིས་པ་སྐུ་ཚབ་ཚོགས་པ་དང་སྐུ་ཚབ་ཀྱི་ངོ་བོ་ལ་འགྱུར་བ་གཏོང་དགོས་ན། དང་པོ་རྒྱལ་བ་རིན་པོ་ཆེ་ལ་ཞུ་དགོས་འདུག དཔེར་ན། རྒྱལ་བ་རིན་པོ་ཆེས་སྐུ་ཚབ་ལ། ཁྱོད་ར་ཕར་ཕྱིན་ནས་རྒྱ་མི་ལ་འདི་དང་འདི་ཤོད་གསུངས་ན། སྐུ་ཚབ་ཀྱིས་དེ་ལྟར་ལག་ལེན་ལོས་བྱེད།
གསུམ་པ། ང་ཚོས་རྩོམ་དང་བསམ་ཆར་སྤེལ་ནས། རྒྱལ་བ་རིན་པོ་ཆེར་བོད་དོན་སྒྲུབ་པར་དྲག་ལས་ཀྱང་ལག་ལེན་གཏོང་བཅུག་རོགས་གནང་ཟེར་ཞུ་བ་འབུལ། རྒྱལ་བ་རིན་པོ་ཆེས་མིན་གསུངས་ན། ཡང་བསྐྱར་ཞུ་བ་ཕུལ། ཕོ་བྲང་མདུན་བཟས་བཅད་ངོ་རྒོལ་བྱས་ན་ཇི་སྲིད་དྲག་སྤྱོད་སྤེལ་བར་རྒྱབ་སྐྱོར་མ་གནང་བར་དེ་སྲིད་ཁ་ལག་ཟ་གི་མིན་ཅེས་ཐག་བཅད་ནས་བོད་མི་སྟོང་གཅིག་ལྷག་རྒྱལ་བའི་ཕོ་བྲང་མདུན་ལ་བསྡད་ན་ཁོང་ནས་ཉིན་གཅིག་དྲག་སྤྱོད་སྤེལ་བར་རྒྱབ་སྐྱོར་གནང་གི་རེད། དེ་ལྟར་བྱུང་ན་བོད་མིའི་རང་དབང་འཐབ་བརྩོད་ངོ་མ་དེ་བྱེད་པའི་མགོ་བཙུགས་པ་རེད། ད་བར་བཙན་བྱོལ་ནང་སྤེལ་བའི་རང་དབང་འཐབ་བརྩོད་རྣམས་ནུས་མེད་རེད། རྒྱ་ལ་གནོད་ཐུབ་ཀྱི་མིན་འདུག
ད་བསམ་ཚུལ་བཤད་འཚར། སེམས་པ་སྐྱིད་དུ་ཕྱིན་སོང་། སྦི་རག་གཅིག་ཐུང་གི་ཡིན། ཡིན་ནོར་འདུག་ན་ཁྱེད་ཚོས་བཟོ་རོགས།
ཁ་བརྡ་ནི་བོད་རིགས་གྲོགས་པོ་སྐོར་གཅིག་གིས་མཉམ་རུབ་ཀྱིས་བཏོན་པའི་གླེང་སྟེགས་ཤིག་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༨ གི་ཆུ་ཚོད་ ༢༡ སྐར་མ་ ༡༥
དེ་རིང་ཡིན་ན་ཚངས་དབྱངས་ངར་འདུག་གཱ ངས་ཀྱང་སྦི་རག་ཅིག་འཐུང་གི་ཡིན་དཱ།
འོན་ཀྱང་བསམ་ཚུལ་མི་མཐུན་པ་འགའ་འདུག བོད་པ་ཚོས་ཚོགས་པ་བཙུགས་ན་༧རྒྱལ་བ་རིན་པོ་ཆེས་བཀག་པ་ཞིག་ཡིན་མིན་ཡང་མི་ཤེས། ༧རྒྱལ་བ་རིན་པོ་ཆེས་དེ་འདྲ་ལ་ཏན་ཏན་དགོངས་པ་བཞེས་ཀྱི་རེད། འོན་ཀྱང་རྡ་རམ་ས་ལ་ན་ ༧རྒྱལ་བའི་མཚན་འཁྱེར་ནས་ སྔར་སྲོལ་དམ་འཛིན་བྱེད་པ་དག་གིས་ཚོགས་པ་གསར་པ་དང་ལྟ་བ་གསར་པ་ལ་སྔོན་འགོག་བྱེད་པ་འདི་མེད་པ་བཟོ་དགོས་རེད་དྲན། མི་ཤེས། ཆང་འཐུང་གི་ཡིན་དཱ།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༨ གི་ཆུ་ཚོད་ ༢༢ སྐར་མ་ ༠༡
དང་པོ་རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞེས་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག ཅེས་རིག་འབྱུང་གིས་ཚིག་འདི་རང་ཤེད་ཚ་སེ་མཐོང་སོང་ཡང་། དོན་ཚན་དང་པོ་དང་གཉིས་པ་ལ་འགྱུར་བ་གཏོང་དགོས་བགྱིད་འདུག་ཅེས་རྒྱབ་སྐྱོར་ཡོད་ཀྱང་། གསུམ་པ་ལ་ནི་ང་ཤི་ནས་སྐྱེ་བ་རྗེས་མ་དེས་ཀྱང་ངོས་ལེན་བྱེད་བགྱི་མ་རེད།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༨ གི་ཆུ་ཚོད་ ༢༢ སྐར་མ་ ༡༤
རྡོ་རྗེ་དྲིལ་བུ་པ། “རྒྱལ་བ་རིན་པོ་ཆེའི་དགོངས་པར་འགྱུར་བ་གཏོང་དགོས་ཀྱི་འདུག་”ཟེར་མཁན་འདི་ཚངས་དབྱངས་རེད་ལགས།
འདིའི་བསམ་ཚུལ་འདི་ཁོང་ལ་འདུག ངེད་ཀྱིས་ཁོང་གི་བསམ་ཚུལ་ྐློག་བཞིན་ཡོད། དེ་ཙམ་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༨ གི་ཆུ་ཚོད་ ༢༢ སྐར་མ་ ༤༢
འཚེ་མེད་ཞི་བའི་རྒྱལ་ཁ།
འཚེ་མེད་ཞི་བའི་ལམ་ལ་འགྲོ་འདོད་ན། མི་དེས་རང་རྒྱུད་དྲང་ལ། ཕྱོགས་གཉིས་ཀའི་དོན་ལ་བསམས་ཐུབ་མཁན། ལྟོག་འཁྱགས་ཚ་གྲང་གི་སྡུག་བསྲན་ཙམ་མ་ཡིན་པར། དགྲ་ལ་སྙིང་རྗེ་མེད་ཀྱང་། དགྲས་བཟོས་པའི་སྡུག་བསྔལ་དཔེར་ན་མཐོང་ཆུང་ཁྱད་གསོད། ཚིག་ངན་དམའ་འབེབས། མིག་ལོག་གཅར་བརྡུང་། ངན་གཡོག་བཙོན་འཇུག གཡོ་བྱུས་ཁྲིམས་ངན་ཇི་ཙམ་བཅས་ཀྱང་། བཟོད་བསྲན་ཐོག་མུ་མཐུད་ནས། ལས་འགུལ་བྱེད་དགོས་ཤིང་། སྲོག་བློས་བཏང་གི་དུས་ཚོད་མ་རན་ཚེ། ལུས་ལ་མཚོན་གྱིས་རྨས་ནས་མ་ཤི་སྔོན་ལ་ལས་འགུལ་རེ་ཞིག་འཚམས་འཇོག་དགོས། སླར་ཡང་སྲོག་ལ་ཉེན་ཁ་མེད་ཚེ། རྒྱུན་མཐུད་ནས་གཅིག་རྗེས་གཉིས་མཐུད། མུ་མཐུད་ནས་དགྲ་བོ་འུ་ཐུག་ཐབས་ཟད་འཚམས་རང་ཕྱོགས་ཀྱི་འཚེ་མེད་ཞི་བའི་རྒྱལ་ཁ་ལོན་པ་བྱེད་དགོས་རེད། འདི་འདྲ་ང་ཚོ་སུས་བྱེད་ཐུབ།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༨ གི་ཆུ་ཚོད་ ༢༢ སྐར་མ་ ༤༨
ཁྱོད་ཀྱིས་གསུམ་པ། ང་ཚོས་རྩོམ་དང་བསམ་ཆར་སྤེལ་ནས། རྒྱལ་བ་རིན་པོ་ཆེར་བོད་དོན་སྒྲུབ་པར་དྲག་ལས་ཀྱང་ལག་ལེན་གཏོང་བཅུག་རོགས་གནང་ཟེར་ཞུ་བ་འབུལ། རྒྱལ་བ་རིན་པོ་ཆེས་མིན་གསུངས་ན། ཡང་བསྐྱར་ཞུ་བ་ཕུལ། ཕོ་བྲང་མདུན་བཟས་བཅད་ངོ་རྒོལ་བྱས་ན་ཇི་སྲིད་དྲག་སྤྱོད་སྤེལ་བར་རྒྱབ་སྐྱོར་མ་གནང་བར་དེ་སྲིད་ཁ་ལག་ཟ་གི་མིན་ཅེས་ཐག་བཅད་ནས་བོད་མི་སྟོང་གཅིག་ལྷག་རྒྱལ་བའི་ཕོ་བྲང་མདུན་ལ་བསྡད་ན་ཁོང་ནས་ཉིན་གཅིག་དྲག་སྤྱོད་སྤེལ་བར་རྒྱབ་སྐྱོར་གནང་གི་རེད། ཟེར་བ་དེ་ལ་རྩ་བ་ནས་མོས་མཐུན་མེད། རྒྱུ་མཚན་ནི་ཁྱོད་ཀྱིས་མཐོང་བའི་༧རྒྱལ་བ་རིན་པོ་ཆེ་དེ་ནི་མིང་དོན་མི་མཚུངས་པའི་ཞི་བདེའི་དེད་དཔོན་ཞིག་རེད། མི་སྟོང་གཅིག་གིས་སྒུལ་ཐུབ་པ་ཞིག་རེད་ཟེར་གི་འདུག ང་ཚོས་མཐོང་བའི་༧རྒྱལ་བ་རིན་པོ་ཆེ་དེ་ཁ་ཞེ་གཉིས་མེད་ཀྱི་ཞི་བདེའི་དེད་དཔོན་ཞིག་རེད། དེས་མི་སྟོང་ཙམ་མ་ཚད་བོད་མི་ཡོད་དོ་ཅོག་ཕོ་བྲང་གི་མདུན་དུ་སྤུངས་ནས་ངོ་རྒོལ་བྱས་ཀྱང་དྲག་སྤྱོད་བྱེད་པར་ངོས་ལེན་བྱེད་མི་སྲིད་པ་ནི་བརྒྱ་ཆ་བརྒྱ་ཐམ་པ་རེད་དོ། །
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༡ སྐར་མ་ ༤༤
༧རྒྱལ་བ་རིནཔོ་ཆེ་སྙིང་རྗེའི་བདག་པོ་དང་འཇིག་རྟེན་ཞི་བདེའི་དེད་དཔོན་ཡིན་པས། དྲག་སྤྱོད་ལ་ནམ་ཡང་རྒྱབ་སྐྱོར་བྱེད་མི་སྲིད་ལ། བྱས་ན་འོས་འཚམས་ཀྱང་མིན། འོན་ཀྱང་བོད་ནང་དྲག་སྤྱོད་མ་སྤེལ་ན་དམར་གཞུང་དེ་འགུལ་བསྐྱོད་གཏོང་རྒྱུ་དཀའ་བས། བོད་མི་མི་རེ་ངོ་རེས་རང་དབང་ཅན་གྱི་ཚོགས་པ་སོགས་ལ་བརྟེན་ནས་དྲག་སྤྱོད་སྤེལ་དགོས་འདུག སྤེལ་སྟངས་དེ་ཡང་མི་སེར་དཀྱུས་མ་ལ་མི་གནོད་བའི་ཐོག་ནས་གཞུང་གི་ལས་དོན་དང་གནད་དོན་ཆེ་ས་ཁག་ལ་སྤེལ་དགོས་འདུག དེ་འདྲའི་ལས་འགུལ་ཤུགས་ཆེ་རུ་ཕྱིན་ཚེ་རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ལ་ཚུར་རེ་བ་དང་སྐྱབས་འཇུག་ཞུ་དགོས་འཁེལ་ངེས་པ་རེད།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༢ སྐར་མ་ ༡༩
M¾-z-¼Ûm-qô-VïºÛ-Ç+Ý-¤hÝm-¾-iG-¾Å-¯ô¤-MºÛ-Gmôm-ÁÝGÅ-ˆÛÅ-¸Å-zTh-Pô-Lô¾-‘ïh-ºV¼-¾-PôÅ-¾ïm-¤ïh
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༢ སྐར་མ་ ༢༨
རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་དྲག་ལས་རྩོམ་རྒྱའི་གནོན་ཤུགས་ཀྱིས་ཟས་བཅད་ངོ་རྒོལ་བྱེད་འཆར་ལ་ངོས་ལེན་མེད
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༢ སྐར་མ་ ༥༠
ཚངས་དབྱངས་ལགས།
ཁྱེད་ཀྱིས་ངེད་ཀྱི་འཆལ་རྩོམ་བསྐྱར་དུ་བསམ་བློ་ཐོངས་ཟེར་བ་དེ་བྐླགས་། བྐླགས་པས་མ་ཚད་བསམ་བློ་བཏང་། དེ་ནས་བསམ་ཚུལ་ཐུང་ངུ་ཞིག་བྲིས་བ་འདིར་བཀའ་དྲིན་ཆེ་ཞུ་གི་ཡིན།
དོ་དགོང་་མ་ཉལ་སྔོན་ལ་། ཁྱེད་ཀྱི་བསམ་ཚུལ་འདིར་བསམ་འཆར་འགའ་འདོན་གྱི་ཡིན། བསམ་འཆར་མི་མཐུན་པ་འགའ་འདོན་གྱི་ཡིན།
དང་པོ།
༧གོང་ས་མཆོག་ལ་དྲག་ལས་གནང་བར་སྐུལ་དགོས་བའི་བསམ་ཚུལ་དེར་ངེད་རང་སྒེར་ངོས་ནས་མོས་མཐུན་མེད། ༧གོང་ས་མཆོག་གིས། ངེད་ཀྱི་རྩ་བའི་བླ་མས། བཙན་བྱོལ་དུ་ཞི་བའི་ལམ་ནས། འཚེ་བ་མེད་པའི་ལམ་ནས། རིག་གཞུང་སྲུང་སྐྱོབ་ཀྱི་ལས་ཁ་བཏིངས མང་གཙོའི་ལམ་ཁ་བཏིངས།
ཞི་བའི་འཐབ་རྩོད་ཀྱི་རྨང་གཞི་བསྐྲུན། འབྲེལ་མོལ་གྱི་ལམ་ཁ་བཙལ། འདི་ལྟར། མི་རིགས་འདི་ཡུམ་གྱིས་བྱིས་བ་གཉོར་གཉོར་བྱས་ནས་ད་ལྟ་བར་བསྐྱངས། ད་དུང་ཡང་གཉོར་བཞིན་ཡོད། བྱམས་པའི་ངག་དང་བརྩེ་བའི་ཐུགས་ཀྱིས་གཉོར་བཞིན་ཡོད། འདི་ལྟར། ང་ཚོའི་ཡུམ་ཆེན་འདི་དགུང་ལོ་བདུན་ཅུའི་སྒང་ལ་སླེབས། ད་རང་གི་རྩ་བའི་བླ་མར་དྲག་ལས་གནང་བར་སྐུལ་ལབ་ན། དེ་ལ་མོས་མཐུན་མེད། བསམ་ཚུལ་དེ་ལ་འཕྲལ་ཕུགས་ཀྱི་དགེ་མཚན་མི་མཐོང་། དེ་གཅིག་རེད།
གཉིས།
བཙན་བྱོལ་ཏུ་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་ཡོང་ཆོག་པ་ཞིག་རེད། གཞུང་དེ་ཡང་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་ཡོད་མཁན་ཞིག་བཟོས་ཆོག་རེད་སྙམ། དེ་གྲོས་ཚོགས་ཀྱི་འོས་འགན་རེད། གྲོས་ཚོགས་ཀྱིས་འགན་ཁུར་ནས་ཕྱག་ལས་གནང་། བཅའ་ཁྲིམས་ལ་འགྱུར་བ་བཏང་། གྲོས་ཆོད་བཞག། གྲོས་ཆོད་ལ་མང་མོང་བྱུང་ན། དེ་ནས་བལྟ་རྒྱུ་ཞིག་ཡོད་རེད་དྲན། དེ་ཡང་། ༧གོང་ས་མཆོག་གིས་མར་ལ་བཀའ་བཏང་དགོས་བ་དེ་འདྲ་བྱེད་དགོས་མ་རེད་དྲན།
གསུམ།
སྐུ་ཚབ་དང་སྐུ་ཚབ་ཚོགས་པ་གཉིས་ཅུང་ཙམ་ལོགས་ཀ་རེད། དམིགས་བསལ་སྐུ་ཚབ་༧གོང་ས་མཆོག་གིས་ཐད་བསྐོས་རེད། སྐུ་ཚབ་ཚོགས་པ་དང་ཚོགས་ཆུང་གི་ཚོགས་མི་ཚང་མ་༧གོང་ས་མཆོག་གིས་ཐད་བསྐོད་བྱས་བ་མ་རེད། འདི་རུ་བསམ་བློ་གཏོང་ས་གཅིག་རང་ཡོད་པ་ནི། དམིགས་བསལ་སྐུ་ཚབ་ཀྱི་དུས་ཡུན་དང་གོ་གནས་སོགས་བཅའ་ཁྲིམས་ཀྱི་ཁོངས་སུ་ཡོད་མ་རེད། ངེད་ཀྱི་བསམ་པར། དམིགས་བསལ་སྐུ་ཚབ་རང་ངོས་ནས་དགོངས་ཞུ་གནང་དགོས་རེད་དྲན། གཞན། ད་ཕན་༧གོང་ས་མཆོག་གིས་ཐད་བསྐོས་གནང་བ་ཞིག་ལ། ད་དེ་རིང་ནས་ཁྱེད་ཀྱིས་འཇོན་གྱི་མི་འདུག དགོངས་པ་ཞུ་རོགས་ཟེར་བ་ཞིག་གསུངས་མྱོང་ཡོད་མ་རེད་དྲན། གསུངས་ཀྱི་མ་རེད་དྲན། དེར་བརྟེན། དམིགས་བསལ་སྐུ་ཚབ་རང་ངོས་ནས་བསམ་བློ་བཏང་སྟེང་དགོངས་ཞུ་གནང་ན་ཡག་ཤོེས་ལྟ་བུར་མཐོང་། དེ་ཙམ་ཡིན། ད་གཉིད་ཀྱི་ཡིན། སང་ཉིན་བསམ་ཚུལ་ཁ་སྣོན་རྒྱག་གི་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༡༠ སྐར་མ་ ༢༤
Dalai lama never change non violence struggle . because. the world people call peace man and holy man. all people very respect him.
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༡༠ སྐར་མ་ ༣༡
the dalai lama never support violent. never change non violence struggle.
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༡༤ སྐར་མ་ ༥༠
བོད་དོན་ལ་ངོ་བོའི་ཐོག་ནས་འགྱུར་བ་ཆེན་པོ་ཞིག་མིག་མཐོང་ལག་འཛིན་ཐུབ་ན་ཅི་མ་རུང་སྙམ་མཁན་ནི་བོད་མི་ཤ་ཞེན་ཅན་ཐམས་ཅད་ཀྱི་བློ་ལ་འཐད་པ་ཡིན་ལ། དེའི་དོན་དུ་ནུས་པ་གང་ཡོད་འདོན་བཞིན་ཡོད། འོན་ཀྱང་ང་ཚོས་འབྲས་བུ་ཆེན་པོ་ཞིག་མ་རག་དུས། རང་གི་མི་ཡིས་མ་འཇོན་རབས་དང་རང་གི་མི་ཡིས་མ་ཐུབ་རབས་ཤ་སྟག་བཤད་ནས་སྐྱོན་མཚང་འབྲུ་བ་དང་ཚིག་ངན་འཕེན་གྱིན་བསྡད་ན་དངོས་གནས་ཁྲོན་པའི་རང་གི་སྦལ་པ་རང་རེད། ལག་པ་གཉིས་ཀ་མཉམ་དུ་སྡེབ་ན་གཞི་ནས་ཐལ་སྒྲ་ཐོན་པ་ལྟར་ད་ཆ་ང་ཚོ་བོད་པ་ཚང་གིས་རང་ནུས་གང་གཅོག་དང་དམའ་ས་འཛིན་པ་སྐུ་གྱོང་འཁུར་བ་སོགས་འཛམ་གླིང་དྲང་བདེན་མི་ཚོགས་ཀུན་གྱིས་ང་ཚོས་བོད་དོན་ལ་འགྱུར་བ་གཏོང་བར་ལྷག་བསམ་དཀར་པོ་ཡིན་པ་མ་ཚད། བབ་བསྟུན་གྱི་བློས་གཏོང་ཧ་ལམ་བྱེད་དགོས་པ་ཡོད་ཚད་བྱས་ཚར་བའི་རྣམ་པ་ཞིག་ཤར་ཡོད་པས་བདེན་པ་ང་ཚོའི་ལག་པར་ཐོབ་ཡོད། ༸གོང་ས་མཆོག་ཀྱང་སེམས་ཅན་ཀུན་གྱི་བདེ་དོན་གཉེར་མཁན་འབའ་ཞིག་ཡིན་པ་དང་ངེད་བོད་པ་ཚང་གཞན་གཅེས་གཞན་ཕན་གྱི་གཏོང་ཕོད་ཆེ་བའི་བྱང་སེམས་ཅན་ཡིན་པའི་རྐྱེན་གྱིས་ད་ཆ་ལམ་བུ་ཆོས་དང་འཇིག་རྟེན་གཉིས་ཀ་དང་མཐུན་ལ་འཇིག་རྟེན་ཕལ་པའི་ཤ་རྩོད་རུས་འཕྲོག་གི་ཚད་ལས་བརྒལ་བའི་རྣམ་པ་ཞིག་མངོན་ཡོད་པ་དེས། བོད་དོན་ཐད་ང་ཚོ་བོད་པ་ཚང་ནི་ཁ་ཞེ་གཉིས་མེད་དང་ང་ཚོ་བོད་པ་ཚང་ནི་ཀུན་ཕན་གཉིས་སྐྱོང་གི་རྣམ་དག་བསམ་པས་སྐུལ་བའི་དཀར་ཕྱོགས་དེ་ཡིན་པ་གསལ་པོ་རེད། ཕར་ཕྱོགས་བློ་སྒྱུ་མས་ཁེངས་ཤིང་ཞེ་ཁོག་གནག་ལ་རང་ཕུངས་གཞན་ཕུངས་ཀྱི་ལས་ལ་རྩེན་པའི་རྒྱ་དམར་གཞུང་དེ་ནི་ད་ཆ་འཛམ་གླིང་སྐྱེ་འགྲོ་མདུན་དུ་བཞད་གད་ཀྱི་གནས་དང་གཏི་ཏུག་སྤྲོ་ཐུང་གནས་ལུགས་རྒྱུ་མཚན་མི་བཤད་མཁན་ཁ་གདངས་ཚད་ཆེས་མ་མཐའི་བཟང་སྤྱོད་ཀྱི་ཚད་ལ་སླེབས་མི་ཐུབ་པའི་གནས་སུ་གྱར་ཡོད། བོད་དོན་གྲོས་མོལ་བྱེད་སའི་ཁ་གཏད་ནི་རྒྱ་དམར་གཞུང་གྱོང་རྩུབ་ཁེ་ཕན་གཏི་འབྲུ་ཙམ་ཡང་གློད་ཀྱི་མིན་ཟེར་མཁན་དེ་ཡིན་པས། བོད་དོན་ལ་དོན་ལ་གནས་པའི་འགྱུར་བ་མི་བྱུང་བའི་ལན་པ་ནི་རྒྱ་དམར་གཞུང་ལ་ཡོད་པ་ལས། སྐྱབས་མགོན་༸གོང་ས་ཆེན་པོ་མཆོག་དང་བཙན་བྱོལ་གཞུང་། སྐུ་ཚབ། དེ་བཞིན་བོད་སེར་སྐྱ་མང་ཚོགས་ལ་མེད་པ་ཁ་གསལ་པོ་རེད། བྱས་ཙང་རྒྱ་བོད་འབྲེལ་མོལ་ལ་འབྲས་བུ་དེ་ཡིན་པ་ཞིག་བཏོན་རྒྱུ་མེད་པར་ཁ་བཏགས་ནས། ནམ་ཀུན་སྐུ་ཚབ་མི་དཔོན་སྒེར་ལ་ཁོག་ནད་དང་མི་འདོད་པ་ཡོད་པ་དག་གནས་ལུགས་རྒྱུ་མཚན་ཡོད་ཁུལ་གྱིས་བཤད་ཁུལ་བྱས་པ་དེ་ཚོ། མིག་མདུན་ལ་ལུང་དང་རིགས་པ་མང་པོ་འདྲེན་པ་དང་། བརྗོད་བྱ་བདེ་ལ་ཚིག་སྦྱོར་བཟང་བས་བཀབ་ན་ཡང་། ངས་རྩོམ་འདི་རིགས་བྲི་མཁན་གྱི་ཁོག་པ་གཏིང་ལ་ཞེ་སྡང་དང་། ཕྲག་དོག མགོ་མི་སྙོམས་པ་སོགས་ཀྱི་ཉོན་མོངས་ཀྱི་ནད་ཆེན་པོ་ཞིག་ཕོག་ཡོད་པ་མཐོང་གི་འདུག གལ་སྲིད་ཁྱེད་རང་དངོས་གནས་བོད་དོན་ལ་འབྲས་བུ་ད་དུང་མི་ཐོན་པས་སྙིང་ན་བ་དང་། སྟོད་རླུང་འཚངས་བ་ཁོ་ན་ཡིན་ན། བོད་དོན་ལ་དངོས་གནས་འགྱུར་བ་གཏོང་ནུས་པའི་བློ་དང་རིག་པ་འདོན་རོགས་ཞུ། དེ་མིན་སྐུ་ཚབ་དེར་ང་དོགས་པ་དེ་འདྲ་ཡོད། བོད་དོན་ལས་ཁུངས་དེ་ཡི་ལས་ཀ་དེ་ལ་སྐྱག་དོང་སྔོག་ས་ཡོད་པ་འདུག་ཟེར་བ་སོགས་བྱས་ནས། ཕྲག་དོག་གིས་བློ་ཁ་བསྒྱུར་ནས་དོགས་གཞི་ཁོ་ན་བཏོན་ནས་མ་བཞུགས། དངོས་གནས་གནས་ཚུལ་ཡོད་པ་ཡིན་ན། ཁྱེད་རང་ཕེབས་ནས་བརྟག་དཔྱད་ཡག་པོ་ཞིག་གནང་ནས་ཁྲིམས་གཏུག་བསྐྱོན་ན་ཆོག་གི་རེད། ཨ་རི་དང་རྒྱ་གར། ངེད་བོད་གཞུང་ཚང་མར་ཁྲིམས་ཁང་ཡོད་ལ་ཁྲིམས་ཀྱང་གྱ་ནོམ་པ་ཡོད། འཇོན་ན་དེ་འདྲ་གནང་ནས་བོད་མི་ཚོ་ཧ་ལས་པ་བཟོས་ཤིག དེ་མིན་ཕུ་དཀྲུག་མདའ་དཀྲུག་གི་དཀྲོག་གཏམ་བཤད་ནས་བོད་མི་མགོ་ཉོག་ཏུ་མ་བཅུག་རོགས།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༡༥ སྐར་མ་ ༢༣
རིག་འབྱུང་ལགས་ཀྱིས།
གཉིས།
བཙན་བྱོལ་ཏུ་ཆབ་སྲིད་ཀྱི་ ཚོགས་པ་འདྲ་མིན་ཡོང་ཆོག་པ་ཞིག་རེད། གཞུང་དེ་ཡང་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་ཡོད་མཁན་ཞིག་བཟོས་ཆོག་ རེད་སྙམ། དེ་གྲོས་ཚོགས་ཀྱི་འོས་འགན་རེད། གྲོས་ཚོགས་ཀྱིས་འགན་ཁུར་ནས་ཕྱག་ལས་གནང་། བཅའ་ཁྲིམས་ལ་འགྱུར་བ་བཏང་། གྲོས་ཆོད་བཞག། གྲོས་ཆོད་ལ་མང་མོང་བྱུང་ན། དེ་ནས་བལྟ་རྒྱུ་ཞིག་ཡོད་རེད་དྲན། དེ་ཡང་། ༧གོང་ས་མཆོག་གིས་མར་ལ་བཀའ་བཏང་དགོས་བ་དེ་འདྲ་བྱེད་དགོས་མ་རེད་དྲན།
བསམ་འཆར་་འདི་ནི་་མདང་་མ་ཉལ་་གོང་ལ་་ངས་ཀྱང་་དྲན་བྱུང་བས་་རྒྱབ་སྐྱོར་ཡོད་ལ། སྲིད་དོན་་ཚོགས་པ་་གཞན་པ་་ཁ་ཤས་་ཡོད་ནའང་་ལེགས་སྙམ།
བོད་མིའི་མང་གཙོ་སྲ་བརྟན་ཤོག །
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༡༥ སྐར་མ་ ༣༤
ཚངས་དབྱངས་ལ་རིག་འབྱུང་གིས་ཞེས་ནོར་ཡོད་ན་དགོངས་དག་ཞུ།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༡༩ སྐར་མ་ ༤༤
ཞི་བས་གྲགས་བཟང་། དྲག་པོས་གྲགས་ངན། རྒྱལ་ཁ་གཅིག་པ།
༸གོང་མའི་གནང་བ་ཐོབ་རུང་མ་ཐོབ་རུང་། བོད་མི་སུ་ཞིག་གིས་སྤྱི་དོན་ལ་དྲག་ལས་བྱས་ན། རང་བཙན་དཔའ་བོའི་སྙན་སྒྲག་ཚབ་ལ། བོད་མིའི་འཇིགས་སྐུལ་རིང་ལུགས་པའི་གྲགས་ངན་ཆེ་བ་ཡོང་ཉེན་ལས་མ་འདས་སྙམ།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༠ གི་ཆུ་ཚོད་ ༠ སྐར་མ་ ༤༨
རིག་འབྱུང་ལགས་ཀྱིས། དགོས་ཚུལ་དེ་ངོས་ནས་ཡག་པོ་འདུག་། བསམ་ཡག་པོ་ཞིག་གཏོང་གི་ཡིན་། ཆང་སོགས་ཕར་ཞོག་། ནང་ཇ་ཡང་མ་འཐུང་ནས་ཕྱོགས་པ་རིགས་པ་གསལ་པའི་སྐབས་ཞིག་ལ་བསམ་བློ་གཏོང་གི་། དེས མ་ཚད་བླུན་ཁོག་ལ་གང་ཤར་བ་དེ་ཕྱིར་ཡང་བཏོན་གི་ཡིན། གོང་དུ་ཆང་འཐུང་སྐོར་ཞིག་ཝུ་ཆང་འཐུང་ཞོར་དུ་དགོང་ཚུལ་གསུང་གི་ཡོད་པ། དེ་ལན་ཐུང་ངུ་ཞིག་ཞུ་འདོད་བྱུང་།
་་་་ཁོང་ནས་ཉིན་གཅིག་དྲག་སྤྱོད་སྤེལ་བར་རྒྱབ་སྐྱོར་གནང་གི་རེད།་་་་
ལབས་པ་དེ་དྲ་གྲོགས་མང་པོ་ཞིག་གི་གོང་ས་མཆོག་མིང་ལས་དོན་གྱི་ཞི་བདེ་སྒྲུབས་མཁམ་ཞི་ཡིན་པར་ལན་མང་པོ་སྒྲུབས་ཚར་སོང་་། ཡང་དང་ཡང་དུ་ཞུས་མི་དགོསབ་་བྱས་།
ང་ཁྱེད་ལ་དྲི་བ་ཞི་ཡོད་། ཁྱེད་ལ་དྲག་པོའི་ཐབས་ལམ་ནུས་བ་ཅན་ཞིག་ཡོད་ན་། ད་ལྟ་བར་དུ་ག་པར་གཏེར་ལ་སྦས་ཡོད་།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༠ གི་ཆུ་ཚོད་ ༤ སྐར་མ་ ༤༨
དྲ་གྲོགས་ཚོའི་གླེང་མོལ་འདིར་རང་གི་བསམ་འཆར་ཞིག་ཁ་སྣོན་བྱ་འདོད་བྱུང་། ད་ནི་ང་ཚོས་དྲག་ལས་ཞི་ལས་ཀྱི་གནད་དོན་རྩོད་པ་ལས། རྒྱ་ནག་གི་སེམས་ནང་གི་ནག་ཐིགས་དེ་ལ་ལྟ་དགོས་པ་རེད། དེ་བས་ངའི་བསམ་པར་ང་ཚོས་རང་ཕྱོགས་ཀྱི་གནད་དོན་མང་པོ་ཞིག་སྟེང་ནས་རྒྱ་ནག་གིས་༸གོང་ས་མཆོག་གི་རྗེས་ཀྱི་བོད་ཀྱི་གནས་སྟངས་དེ་མཐོང་ཐུབ་པ་བྱ་རྒྱུ་གལ་ཆེ་བར་སྙམ་མོ།།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༠ གི་ཆུ་ཚོད་ ༡༥ སྐར་མ་ ༡༠
སྐུ་ཚབ་ཀྱིས་མ་འཇོན་པའི་མ་འཇོན་རབས་ཤོད་པ་ནི་རང་ཉིད་གང་ཟག་ལ་མི་དགའ་བའི་ཆ་ནས་ཤོད་པ་ལས་དོན་ལ་གནས་པ་མ་མཐོང་། དཔེར་ན། མཛོད་ནང་བཟའ་བཅའི་རིགས་གང་ཡང་མེད་ན། དེ་ལེན་ཁར་མི་སུ་འདྲ་ཞིག་བཏང་ཡང་ཁྱེར་རྒྱུ་ག་ལ་ཡོད། དཔེ་དེ་དང་འདྲ་བ་ད་ལྟའི་བོད་དོན་འདི་རེད་སྙམ། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྒྱ་དམར་གྱིས་བདག་བཟུང་བྱས་ནས་འཆར་གཞི་དང་ལྡན་པའི་སྒོ་ནས་རྒྱ་ཡུལ་དུ་སྒྱུར་བཞིན་པའི་དུས་འདིར། རྒྱ་ཕྱོགས་ནས་རྒྱལ་སྤྱིར་རྣམ་འགྱུར་ཙམ་སྟོན་རྒྱུ་དང་ྋགོང་ས་མཆོག་གི་སྐུ་ཚེ་ཡོལ་ཐབས་ཉི་མ་གང་འཁྱོལ་བྱེད་པ་ལས་དོན་དམ་གྱི་འགྲིགས་འཇགས་ཤིག་བྱེད་འདོད་མེད་པས་སྐུ་ཚབ་སུ་ཕྱིན་ཡང་ད་ལྟ་ལས་ལྷག་པ་ཞིག་ཡོང་པའི་རེ་བ་མེད། ད་ལྟའི་སྲིད་བྱུས་འདིར་སྐྱོན་བརྗོད་བྱེད་བཀའ་ཟུར་འདི་ཡང་སྐུ་ཚབ་ཐེངས་དང་པོའི་དབུ་འཁྲིད་གནང་བ་མ་ཡིན་ནམ། བོད་ཀྱི་ཁ་དཔེར། ཤ་མ་ཚོས་པ་ཧ་མ་གོ་བར་གྲི་མི་རྣོ་བའི་མི་རྣོ་རབས་ཤོད་པ་འདི་ཕན་ལས་གནོད་ཆེ་འོ།།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༠ གི་ཆུ་ཚོད་ ༡༥ སྐར་མ་ ༥༤
ལགས་རེད། སྐུ་ཞབས་མིག་དམར་རྡོ་རྗེ་ལགས། བདེན་པ་རེད། སྐུ་རྩེད་ཀྱི་ཚུལ་དུ་ཞུ་རྒྱུར། “མཛོད་ནང་བཟའ་བཅའི་རིགས་གང་ཡང་མེད་ན། དེ་ལེན་ཁར་མི་སུ་འདྲ་ཞིག་བཏང་ཡང་ཁྱེར་རྒྱུ་ག་ལ་ཡོད།” འོན་ཀྱང་། ལོ་མང་རིང་ལེན་དུ་སོང་ཞིང་། ད་དུང་། མཛོད་ཁང་སྟོང་པ་རེད་ཅེས་གསུངས་ན་ཆོག་པ་ལ། དེ་ཡང་མ་གསུངས། དེའི་ཁར། ད་ལོ་ལེན་ཐུབ་མ་སོང་། ལོ་རྗེས་ལ་ལེན་གི་ཡིན་མདོག་མདོག་བྱས། དེ་ལྟར་ལན་དགུ་ལྷག་ཙམ་བྱས་ཟིན་པ་རེད། ད་ང་ཚོ་ལ། ཡང་ན་མཛོད་ཁང་སྟོང་པ་རེད། ལེན་རྒྱུ་མི་འདུག་ཅེས་གསུངས་དགོས་གི་འདུག ཡང་མིན་ན། ང་ཚོ་ལ་བཟའ་བཅའ་ཏོག་ཙམ་ཞིག་འཁྱེར་ཡོང་དགོས་གི་འདུག ཡང་མིན་ན། བཟའ་བཅའ་འདུག ངས་ལེན་ཐུབ་མ་སོང་། གཞན་ཞིག་མངགས་རོགས་ཞེས་གསུངས་དགོས་གི་འདུག ཡང་མིན་ན། མཛོད་ཁང་གི་མཛོད་བདག་དེ་ལ་རེ་བ་རྒྱག་ས་མི་འདུག ད་ནི་རྐུན་ཇག་མ་གཏོགས་མེད་ནའང་གཏོང་རན་འདུག་ཅེས་གསུངས་དགོས་གི་འདུག ད་དུང་་་་་་
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༠ གི་ཆུ་ཚོད་ ༡༦ སྐར་མ་ ༡༩
རང་གིས་མ་འཇོན་པར་༧སྐྱབས་མགོན་མཆོག་གི་དགོངས་བཞེད་ལ་འགྱུར་བ་གཏོང་དགོས་ཀྱི་འདུག དེ་འདྲ་རྒྱ་ནག་སྲིད་གཞུང་གིས་ཀྱང་རྒྱུན་དུ་བཤད་བཞིན་ཡོད་པ་རེད། དེ་ཡང་རྒྱུ་མཚན་ལྡན་པ་ཞིག་ཡིན་ན་ལོས་འགྲིག རྒྱུ་མཚན་མེད་པར་རྒྱ་ནག་སྲིད་གཞུང་གི་བཤད་པ་ལྟ་བུ་ཞིག་བསྐྱར་ཟློས་བྱས་པ་དེར་དངོས་ནས་ཐང་ཆད་ཀི བླ་མ་བླ་མས་ས་ནས་བཞག་ན་ཡག་གི་རེད། བླ་མས་ནམ་ཡང་འུ་ཅག་གི་ལས་ཀ་ཆེ་མ་ཆུང་གསུམ་གང་ལ་ཡང་བཀག་འགོག་བྱེད་མྱོང་མེད།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༠ གི་ཆུ་ཚོད་ ༡༨ སྐར་མ་ ༡༧
བོད་དོན་དེ་རྒྱ་ནག་གི་སྲིད་བྱུས་ཀྱི་འགྱུར་བའི་ཁུག་པ་ན་ཕར་གཡོ་ཚུར་གཡོ་བྱེད་བཞིན་པའི་གཡོར་གྲུ་ཆུང་ཆུང་ཞིག་ལས་མ་མཐོང་། རྒྱ་གཞུང་གི་མི་རིགས་སྲིད་བྱུས་ཡག་ཏུ་ཕྱིན་པ་ཡིན་ན་བོད་དོན་ཡང་ཡག་ཏུ་འགྲོ་རྒྱུ་ཡིན་པ་དང་། སྡུག་ཏུ་ཕྱིན་པ་ཡིན་ན་བོད་དོན་ཡང་སྡུག་ཏུ་འགྲོ་རྒྱུ་ཡིན་པ་རེད།
སྐུ་ཚབ་སུ་ཞིག་ཡིན་མིན་དང་དེས་འཇོན་མ་འཇོན་གྱི་གནད་དོན་ཞིག་མ་རེད། མཐར་དེད་ན་རྒྱ་ནག་ལ་བོད་དོན་ཐག་གཅོད་བྱེད་པའི་འདོད་པ་ཡོད་མེད་དེ་ལ་ཐུག་ཡོད་པར་འདོད།
ཁོ་ཚོར་བོད་དོན་ཐག་གཅོད་བྱེད་པའི་འདོད་པ་མི་འདུག་ཟེར་ནས་འབྲེལ་མོལ་མཚམས་བཞག་ན་ཆོ་མེད་པར་མཐོང་། ད་བར་ཁོ་ཚོར་འདོད་པ་མེད་བཞིན་དུ་ང་ཚོས་ངོས་ནས་རྒྱལ་སྤྱིའི་ཐོག་ནས་རོགས་རམ་བཙལ་ཏེ་ཁོ་ཚོར་གནོན་ཤུགས་སྤྲད། རང་ངོས་ནས་འབྲེལ་མཐུད་ལ་འབད་བརྩོན་བྱས་ཏེ་བཀའ་མོལ་བཟང་ངན་མང་པོ་བྱུང་བ་རེད། དེའི་ཁྲོད་ཐོབ་སོང་བ་འདི་རེད་ཟེར་ནས་མིག་ལ་སྟོན་རྒྱུ་ཞིག་མེད་ནའང་། སྔོན་གྱི་ཅོག་ཙེའི་འོག་གི་ལས་ཀ་དེ་ད་ལྟ་ཅོག་ཙེའི་སྒང་ལ་བླངས་ཡོད་པ་དང་། སྔོན་གྱི་གསང་བའི་ཐུག་ཕྲད་དེ་ཚོ་ད་ལྟ་ འཛམ་གླིང་གི་མདུན་དུ་བྱེད་གི་ཡོད་པ་རེད། སྔོན་གྱི་ལྟ་སྐོར་དང་གཉེན་འབྲེལ་ཟེར་བ་དེ་ཚོ་ད་ལྟ་རྒྱལ་བའི་སྐུ་ཚབ་ཆགས་བསྡད་ཡོད་པ་རེད། སྔོན་ཚུར་བཀའ་བཀྱོན་དང་གཤེ་གཤེ་གཏོང་མཁན་དེ་ཚོ་ད་ལྟ་ཕར་བཤད་ཚུར་ཉན་བྱེད་མཁན་ཆགས་བསྡད་ཡོད་པ་རེད། སྔོན་རྒྱལ་བ་རིན་པོ་ཆེ་ལྷ་ས་རུ་བཞུགས་དང་པེ་ཅིང་དུ་བཞུགས་རྒྱུའི་སྐད་ཆ་དེ་ད་བོད་ཡོངས་གཅིག་གྱུར་གྱི་རང་སྐྱོང་ངོས་ལེན་བྱེད་མིན་ལ་ཐུག་བསྡད་འདུག་པ་མཐོང་།
འབྲེལ་བ་མཚམས་བཞག་ནས་རྒྱ་ནག་གི་སྐོར་གང་ཡང་མི་ཤེས་པར་འདུག་པ་ལས་ཕར་ག་ཚོད་འགྲོ་ཐུབ་ན་ཕྱིན་ནས་རྒྱ་ནག་གི་རྩ་མང་ཟིག་མྱངས་པ་དང་། ཐུར་ཚགས་མང་ཟིག་བྱེད་པ། རྩོད་པ་མང་ཟིག་རྒྱབ་ན་ལམ་སང་ལག་ཡོང་མེད་ནའང་རྒྱ་ནག་ལ་ཤེས་རྟོགས་བྱེད་ཐབས་ཆེས་ཡག་ཤོས་ཤིག་རེད། ཕ་རོལ་བའི་སེམས་ཁམས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་ཐབས་དངོས་སུ་ངོ་ཐུག་པ་ལས་ལྷག་ཅིག་གང་ན་ཡོད།
རྒྱ་ནག་གི་གནས་ཚུལ་བརྒྱུད་ལམ་ཁག་ལ་བལྟས་ཡོང་ན། རྒྱ་རི་རིན་པོ་ཆེས་གང་ཡོང་ཡོང་གནང་ཡོད་པ་འདྲ། སྔོན་མའི་སྐབས་ཁོ་ཁོང་ཁྲོ་ཟ་ནས་མུ་མཐུད་འདི་འདྲ་ཡིན་ན་རྗེས་མ་ནས་འབྲེལ་མོལ་བྱས་མ་བྱས་མི་འདུག་ཅེས་གསུངས་འདུག ད་ཐེངས་ཡང་ཉིན་གང་གི་དུས་ཚོད་བཏང་ནས་ད་བར་བྱུང་མ་མྱོང་བའི་རྩོད་གླེང་རིང་ཤོས་ཤིག་བྱས་འདུག དེ་འདྲ་དེ་འདྲའི་ལྷག་ཅིག་དམིགས་བསལ་བྱེད་རྒྱུ་ཨེ་ཡོད་འདོད།
ད་རྗེས་མའི་སྐབས་རྒྱ་གཞུང་གིས་གོ་སྒྲིག་བྱས་པའི་གཞུང་འབྲེལ་མི་སྣ་གཅིག་པོ་མིན་པར་གཞུང་འབྲེལ་མི་སྣ་གལ་ཆེན་གཞན་དང་གཞན་ལའང་གཞུང་སྒེར་ཅི་རིགས་ཀྱི་རྣམ་པའི་ཐོག་ཐུག་འཕྲད་དང་། ལྷག་པར་དུ་མགོ་ཁྲིད་རབས་ལྔ་པ་དང་དྲུག་པའི་འོས་དམིགས་དེ་ཚོའང་ཐུག་ནས་བོད་དོན་ག་ཚོད་སྦྱངས་བཤད་བྱེད་ཐུབ་ན་ཡག་ག་མེད་འགྲོ་བསམས།
དེ་མིན་བོད་དོན་དེ་སྐུ་ཚབ་ཐེངས་གཅིག་གཉིས་ཤིག་གིས་ཐག་ཆོད་གི་རེད་བསམ་མཁན་དེ་ཚོས་རྦད་དེ་གདེང་ཚོད་བྱེད་རྒྱུ་ནོར་བ་དང་སྐུ་ཚབ་ལ་རེ་བ་བྱེད་རྒྱུ་ཆེ་དྲགས་པ་རེད། ཡིན་ནའང་ལམ་སང་ཡོང་གི་མ་རེད་ཟེར་ནས་ཨ་རིང་རྒྱུ་རིང་བྱས་བསྡད་ན་ཅི་ལ་འགྲིགས།
ཆོ་མེད་ཀྱི་སྐད་ཆ་ཤོད་སྡོད་ས་འདིར་ཡོང་ཉེ་བྲོ་མ་སོང་དེ་ཚིག་ཁ་ཤས་ཤོར་སོང་།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༠ གི་ཆུ་ཚོད་ ༡༩ སྐར་མ་ ༢༠
གྲ་གྲོགས་མིག་དམར་རྡོ་རྗེ་ལགས་ཀྱི་དཔེ་འཇོགས་དེ་ཡང་ཁ་གསལ་བོ་ཞིག་རེད་ལ་། རྒན་རབས་གསལ་ལགས་ཀྱིས་ལན་དེ་ནི་དེ་ལས་ཀྱང་དོན་གསལ་པ་ཞིག་རེད་། འདི་དང་འབྲེལ་བའི་བོད་ཀྱི་གཏམ་དཔེ་ཞིག་ཀྱང་དྲན་སོང་། མི་ཤེས་མི་ཤེས་འདོག་བྱས་ན་ཐན་། ཤེས་བ་ཁོག་རུལ་ཡིན་ཐན་།ཟེར་རྒྱུ་ཞིག་ཡོད་ལ། དེ་འཚུངས་སུ་མི་འཇོན་འཇོན་འདོག་བྱས་ན་ཐན་། འཇོན་པ་ཁོག་རུལ་ཡིན་ན་ཐན་། ཟེར་ན་འགྲིག་ག།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༡ གི་ཆུ་ཚོད་ ༠ སྐར་མ་ ༠༠
༈ མཁས་དབང་ཇུ་ཆེན་ལགས་ཁྱེད་སྙིང་ནས་བདེན་ལ་ཐུགས་རྗེ་ཆེ་ཞུ། 1960 ནས་ང་རང་ཚོ་མང་གཙོ་ཆགས་ཡོད་བཤད་བསྡད་ཀྱི་ཡོད། དེ་ལྟར་ཡིན་ན་བོད་དེ་མ་འོངས་པར་བོད་མི་མང་གིས་ཐག་གཅོད་དགོས་ཀྱི་ཡོད་མ་གཏོགས་བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱིས་གང་བཤད་བཤད་འོག་འགྲོ་ན་འགྲིག་གི་མེད། དམིགས་བསལ་གྱི་གཞོན་སྐྱེས་ཚོ་ཐུགས་རྗེ་གཟིགས་ང་རང་ཚོ་རང་བཙན་ཐོག་རྩོད་གནང་རོགས། །ང་རང་ཚོའི་བོད་འདི་རང་བཙན་གྱི་མིང་བརླགས་པའི་རྗེས་ང་རང་ཚོ་བོད་མི་མང་རྣམས་རྒྱའི་གཞན་དབང་དུ་ཚུད་པ་ཡིན། ཁ་དཔེར། རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །མཐུན་མོངས་བ་ནི་རྩོད་པའི་རྒྱུ། །ཞེས་གསུངས་པ་ལྟར། དུས་དེ་ནས་གཟུང་བོད་དེ་གཞན་དབང་དུ་ཚུད་ནས་སྡུག་བསྔལ་གྱི་གནས་འགྱུར་བ་དང་ཡང་ན་རྩོད་པའི་གཞིར་གྱུར་བ་ཡིན་པས་གཞོན་སྐྱེས་ཚང་མའི་ཟབ་ཟབ་ངང་བརྟགས་དཔྱད་ཡག་པོ་བྱས་ནས། བོད་དེ་དུས་ཚོད་ཇི་ཙམ་འགོར་ཀྱང་རང་བཙན་ཐོག་ལ་རྩོད་ཐབས་འབད་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་ཚང་མའི་མཁྱེན་དགོས་སོ།། བོད་རང་བཙན་གཙང་མ་ཡིན། རྒྱ་དམར་བོད་ནས་ཐར་སྐྲོད་གཏོང་དགོས༌། རྒྱ་རྒྱ་ཡུལ་ན་བསྐྱིད། བོད་བོད་ཡུལ་ན་བསྐྱིད། བཤད་པ་ལྟར་བདེན་པ་ཡིན། བོད་བོད་ཡུལ་ན་བསྐྱིད་བཤད་པ་ལྟར་བདེན་པ་ཡིན། བོད་མི་ཚོ་གནས་ཚུལ་འདིའི་ཐོག་དགོངས་ཚུལ་ཡོད་ན་ཤིན་ཏུ་ནས་དགའ་སྤྲོ་ཆེ།། བོད་རྒྱལ་ལོ།།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༡ གི་ཆུ་ཚོད་ ༧ སྐར་མ་ ༥༠
བོད་ཡིག་ཚིག་གཉིས་བར་ལ་ཚེག་གཉིས་སམ་བར་སྟོང་བཞག་པའི་རེ་བ་ང་ལ་མེད་ཀྱང་། གལ་སྲིད་དེ་ལྟར་བྲིས་མཁན་བྱུང་ན། དེའི་མགོ་ལ་རྒྱུག་པ་དང་ཁྲིམས་ཀྱི་ཉེས་ཆད་མི་ཕོག་པའི་རེ་བ་ཡོད།
ང་ཚོས་ཆུང་དུས་ཡི་གེ་ཝ་དང་བ། དབའ་གསུམ་སོ་སོའི་སྒྲ་གདངས་ཁྱད་པར་དབྱེ་བྱེད་གསལ་པོར་བྱས་ཐུབ་པ་ལ་དུས་ཚོད་ག་ཚད་འགོར་ཡོད་མེད་བརྗེད་ཚར་ནས། ཨིན་སྐད་ལ། དབྱིན་བྱི་ཞེས་འབྲི་ན་སྐད་ཡིག་ཕྱུག་མདོག་ཁ་བོ། གཡིན་ཇི་ཞེས་འབྲི་ན་ཁྱད་མཚར་པོ། ཨིན་ཇི་ཞེས་འབྲི་ན་སླ་འདྲ་བོར་མཐོང་བའི་རྙིང་ཞེན་འདིས་བོད་སྐད་བོད་མིའི་ལྕེ་རྩེར་སླེབ་པར་འགོར་ཡུན་རིང་བར་བྱས་པ་དང་ཚིག་གཉིས་བར་ལ་་ཚེག་གཉིས་་ལའང་དེ་དང་མཚུངས་སོ།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༡ གི་ཆུ་ཚོད་ ༧ སྐར་མ་ ༥༦
བོད་ཡིག་བར་སྟོང་སོགས་ཀྱི་མཆན་བུར་འཁོད་དགོས་པ་ལ་གཏོང་ས་ནོར་འདུག དགོངས་དག
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༡ གི་ཆུ་ཚོད་ ༧ སྐར་མ་ ༢༥
ཀརྨ་རྡོ་རྗེ་ལགས་ལ་རྒྱབ་སྐྱོད་ཡོད་ད་་་་་་་ ་མང་མོས་རེད་ལ་ཡོང་གི་རེད་སྙམས་་་་་་་་་་
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༤ གི་ཆུ་ཚོད་ ༡༦ སྐར་མ་ ༠༤
i think kuduen represents a very expirienced leader not only for tibetans therefor to ask for his advice for all important decition to be made on tibetan political leval is allways wise. also india had their key person like gandhiji whom they asked for advice. its nothing wrong with it. we can not have too many political party within the smal exil goverment but great and effective ideas are allways wellcome.We should fucus more on peaceful movements like not to celebrate losar in whole tibet or the celebrate the birthday of kuduen in a very great way over whole tibet and to promote our tibetan language within the youngsters and the promote eveything what will unite all three cholkas and four choelugs of your beloves motherland. Boe Gyelo.
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༥ གི་ཆུ་ཚོད་ ༦ སྐར་མ་ ༤༡
འགྱུར་བ་གཏོང་དགོས་ན་ དང་པོ་སྐུ་སྒར་ཡིག་ཚང་ནས་འགྱུར་བ་གཏོང་དགོས་ཀྱི་ཡོད་། ང་ཚོའི་བཙན་བྱོལ་གཞུང་འདི་མང་གཙོ་ཡིན་གསུང་གི་ཡོད་དོན་ངོ་མ་ལ་མང་གཙོ་ཞིག་ཡིན་མིན་ཐེ་ཚོམ་གྱི་རང་བཞིན་རེད།
སྐུ་ཚབ་ཀྱི་འགྲིགས་ཀྱི་མི་འདུག་སྐུ་ཚབ་བརྗེ་དགོས་པའི་བསམ་ཚུལ་མང་པོ་ཞིག་ཡོང་གི་འདུག སྐུ་ཚབ་བརྗེ་དགོས་ན་ གོང་ས་མཆོག་ལ་ཞུ་དགོས་ཀྱི་ཡོད་། ཐབས་ལམ་གཞན་མེད་པ་ཞིག་རེད། དྷ་རམ་ས་ཡི་ཆབ་སྲིད་པ་ཁག་གཅིག་གི་སོ་སོའི་གྲོ་ཁོག་གི་ཆེད་རྒྱལ་བ་རིན་པོ་ཆེ་ཡི་བེད་སྤྱོད་མང་གཏོང་བཞིན་པ་འདི་འགྱུར་བ་ཞིག་ངེས་པར་དུ་གཏོང་དགོས་སོ།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༥ གི་ཆུ་ཚོད་ ༧ སྐར་མ་ ༥༩
ངས་བསམ་ན་འདི་དག་ནི་འདུ་ཤེས་ཀུ་དོགས་ཀྱི་གཏམ་ཆར་ཤ་སྟག་རེད།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༡༢ སྐར་མ་ ༡༢
༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་གནང་མཛད་དེ་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་མཛད་པར་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་མོས་མཐུན་རྒྱབ་སྐྱོར་ཞུ་གི་ཡོད་པ་རེད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེ་དམངས་གཙོའི་ལམ་ལུགས་ལ་ཞལ་ཞེ་གཉིས་མེད་ཀྱིས་དད་མོས་གནང་གི་ཡོད་ཙང་བོད་གཞུང་དགའ་ལྡན་ཕོ་བྲང་དམངས་གཙོའི་ལམ་ལུགས་སུ་བསྒྱུར་གནང་གིས་ང་ཚོ་དམངས་གཙོའི་ལམ་ལུགས་ཐོག་འགྲོ་གི་ཡོད་པ་རེད། བྱས་ཙང་༧རྒྱལ་བ་རིན་པོ་ཆེའི་བཀའ་འཁྲོལ་སྒུག་ནི་སྡོད་མ་དགོས་པར་བོད་ཀྱི་བསྟན་སྲིད་ལ་སྨན་པའི་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྤེལ་མཁན་བྱུང་ན་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་སྲིད་ཀྱི་རེད། ང་ཚོ་བོད་རིགས་ཚོ་དེ་སྔ་ནང་བཞིན་འཛམ་གླིང་ཕྱི་ལ་སྒོ་རྒྱབ་ནི་སྡོད་མཁན་དེ་གྲས་མ་ཡིན་པར་དུས་རབས་ ༢༡ པའི་བོད་རིགས་འཛམ་གླིང་གཞན་དང་དཔུང་པ་མཉམ་སྒྲིག་གིས་འགྲོ་ཐུབ་མཁན་ཞིག་ཆགས་ཡོད། གལ་སྲིད་རྒྱ་ཆེའི་མང་ཚོགས་ཀྱིས་དབུ་མའི་ལམ་ལས་གཞན་པའི་སྲིད་བྱུས་ལ་རྒྱབ་སྐྱོར་ཐོབ་ན་༧རྒྱལ་བ་རིན་པོ་ཆེས་གང་དགའ་ཅི་ལེགས་ཀྱི་དགོངས་པ་བཞེད་ཀྱི་རེད་མ་གཏོགས་དབུ་མའི་ལམ་ལས་གཞན་པའི་སྲིད་བྱུས་གསར་པ་ལག་ལེན་བསྟར་ཆོག་གི་མ་རེད་ཅེས་ནམ་ཡང་གསུངས་རྒྱུ་མིན་པར་ང་ཚོ་ཐེ་ཚོམ་དགོས་དོན་མེད། བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ནིའི་དཔེ་ལྟར་བོད་མི་ས་ཡ་དྲུག་གི་འདོད་དོན་བསྒྲུབ་མཁན་བྱུང་ན་༧རྒྱལ་བ་རིན་པོ་ཆེར་དགོས་རྒྱུ་དེ་རེད
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༡༨ སྐར་མ་ ༤༦
ཐུབ་བསྟན་མཆོག་གླང་ལགས།
ཁ་སྔོན་དམིགས་བསལ་ཚོགས་འདུའི་སྐབས་ལ་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་དེ་འབྲས་བུ་མི་འདུག མཚམས་འཇོག་ཅེས་མང་ཚོགས་ཀྱིས་བསམ་ཚུལ་ཤུགས་ཆེན་པོ་བཏོན་སོང་བ་དྲན་ནམ། ཁ་སང་རྒྱ་རི་ཚང་དང་སྐལ་བཟང་རྒྱལ་མཚན་གཉིས་ལྐོག་ལྐོག་སུད་སུད་ཀྱིས་པེ་ཅིང་ལ་ཡང་འགྲོ་མ་ནུས་པར།
མའོ་སྐྱེ་སའི་ཧུ་ནན་ཟེར་བ་འདི་ལྐོག་སྒུག་བརྒྱབ། འཐབ་ཕྱོགས་གཅིག་འགྱུར་པུའི་འགོ་པ་ཀྲུ་ཝེ་ཆུན་དེར་
དམིགས་བསལ་ཁོ་པ་ཚོ་དེར་ལྐོག་ཐུག་བརྒྱབ་ནས། ལྐོག་ལྐོག་སུད་སུད་བྱེད་པ་འདི། མང་ཚོགབསམཚུལ་ཉན་ནས་བྱེད་ཀྱི་ཡོད་དམ། ཁོང་ཚོས་འདི་ལྟར་བོད་མི་དམངས་ལ་གསང་བ་བྱེད་པ་འདི་མང་ཚོགས་ནས་རྒྱ་བོད་འབྲེལ་མོལ་འདི་ལ་ཐད་པ་མེད་པས་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༤ གི་ཆུ་ཚོད་ ༡༡ སྐར་མ་ ༡༤
ཚངས་དབྱངས་ལགས།
ཁྱེད་རང་གིས་གསུངས་ཟིན་པའི་ར་བཟིའི་བཀའ་མོལ་དེ་ཚོ་གཅིག་བྱས་ན་ཤེས་པ་འཆོལ་བའི་སྐབས་སུ་ཞལ་ལས་གང་བྱུང་ཐལ་བའི་རྣམ་པ་སྟོན་པ་ཙམ་ཞིག་ལས། དོན་ངོ་མར་སྙིང་གི་སྐད་ཆ་འགའ་ཤོད་སྙིང་འདོད་པ་ལྟར་སྣང་།
བོད་མི་རིགས་འདི་ཉིད་ད་ལྟ་ཛ་དྲག་གི་གནས་བབས་སུ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལགས། འོན་ཀྱང་ཐོག་མར་གནས་བབས་ཛ་དྲག་ཡིན་ཚུལ་གྱི་ངོས་འཛིན་གསལ་པོ་དགོས་གལ་ཤིན་ཏུ་ཆེ།
༡། དཔལ་འབྱོར་གཙོ་བཟུང་གི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིང་ཆའི་ཐོག་བོད་ཀྱི་གནས་བབས་དེ་གང་དུ་སླེབས་ཡོད་པ་ངོས་འཛིན་གསལ་པོ་དགོས།
༢། རྒྱ་ནག་ནི་ད་ལྟ་དཔལ་འབྱོར་དང་། དྲག་པོའི་སྟོབས་ཤུགས་ཆེ་བའི་སྐབས་འཁེལ་ཡོད་པ་མ་ཟད། དེ་ལ་མི་ཆོས་དང་མཐུན་པའི་བསམ་བློའི་གནས་ཚད་ཆེས་ཞན་པ།
༣། རྒྱལ་སྤྱིའི་ཁྲོད་དྲག་པོའི་ལམ་ནས་བདེན་དོན་རྩོད་མཁན་ལ་རྒྱབ་སྐྱོར་བྱེད་མཁན་མེད། དེ་ལས་ལྡོག་ཏེ་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་མིང་འདོགས་རྒྱུ་དང་། རྩ་དོན་རྩ་ཡལ་དུ་འགྲོ་རྒྱུ་དང་། རྒྱབ་སྐྱོར་བྱེད་མཁན་རྣམས་བྱ་སྟབས་མེད་པར་འགྱུར་རྒྱུ་རེད། དཔེར་ན། པེ་ལེ་སི་ཊི་ནེན་དང། ཤྲི་ལངྐའི་ཏ་མིལ་གྱི་གནད་དོན་ལྟ་བུར་འགྱུར་རྒྱུ་ཡིན།
༤། ང་ཚོས་དྲག་པོའི་ལམ་ལ་ཞུགས་ན་རྒྱ་དམར་དགའ་རྒྱུ་ལས་ཞེད་ནས་བྲོས་མི་སྲིད། བློ་ཁོག་ཆེ་ཆུང་དང་མི་བསད་ཀྱི་གྲངས་ཚད་ལས་ང་ཚོར་རྒྱལ་ཁ་འཐོབ་མིན་གྱི་ཚད་གཞལ་མི་རུང་། རྩ་དོན་གྲུབ་དགོས།
བོད་ཀྱི་གཏམ་དཔེར། དོན་ཆེན་གྲུབ་ལ་ངང་རིང་དགོས། ཟེར་བ་མིན་ནམ།