བོད་ཀྱི་ཁ་བརྡའི་ཁང་ཆུང་tibetanchatནང་བགྲོ་གླེང་གི་གསལ་བརྡ།
སྨྱུག་རྒོད་གངས་བུ་དཔལ་ནས།
རྣམ་དཔྱོད་ལྡན་པའི་རང་རེའི་གྲོགས་པོ་ཡོངས་ལ།
ཉིན་ཤས་སྔོན་ཁོ་བོས་ཁ་བརྡ་བྱ་སའི་གསལ་བསྒྲགས་ཆུང་ཆུང་ཞིག་སྤེལ་བས་ཁ་བརྡ་བྱ་ས་ཆུང་ཆུང་དེའི་ནང་གྲོགས་པོ་མང་པོ་ཞིག་ཕེབས་སོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ང་ཚོ་གྲོགས་པོ་ཚང་མར་བརྗོད་གཞི་གཅིག་མེད་པ་དང་དུས་ཚོད་གཅིག་ཏུ་འཛོམས་མ་ཐུབ་པའི་རྐྱེན་གྱིས་ཁ་བརྡ་ཤིན་ཏུ་ལེགས་པོ་མ་བྱུང་པས།
ད་ཆ་ཕྱོགས་གཞན་པ་ཞིག་ནས་བསམ་བློ་གཏོང་དུས་ང་ཚོས་དུས་ཚོད་དང་བརྗོད་བྱ་གཏན་འབེབས་ཐོག་སྔོན་འགྲོ་ཚོད་བལྟའི་བགྲོ་གླེང་ཞིག་ཁ་བརྡའི་ཁང་ཆུང་དེ་ན་འཚོགས་ན་དགེ་མཚན་མེད་དམ་སྙམ་ན།
དང་ཐོག་<<བརྗོད་བྱ་གང་ཞིག་གི་ཐད་བགྲོ་གླེང་བྱ་དགོས་པ་དང་།
བགྲོ་གླེང་ཚུལ་ཇི་ལྟར་བྱེད་དགོས།>>ཞེས་པའི་བརྗོད་གཞི་འོག་འདིའི་ཟླའི་ཚེས་༧རེས་གཟའ་ཉི་མའི་སྔ་དྲོ་རྒྱ་གར་གྱི་ཆུ་ཚོད་༨།༣༠་ནས་མགོ་འཛུགས་རྒྱུ་དང་།
ད་དུང་ཐག་མ་ཆོད་པར་བགྲོ་གླེང་ཡག་པོ་བྱུང་ན་རྒྱ་གར་གྱི་མཚན་མོ་ཆུ་ཚོད་༧པ་ནས་ཡང་བསྐྱར་འཚོགས་རྒྱུ་ཡིན་པས།
དྲ་གྲོགས་རྣམ་པ་ངེས་པར་ཕེབས་ཐུབ་པ་གནང་རོགས་ཞེས་འབུལ་སྐུལ་ཞུ་རྒྱུ་ཡིན།
༡ བགྲོ་གླེང་བརྗོད་གཞི།
<<བརྗོད་བྱ་གང་ཞིག་གི་ཐད་བགྲོ་གླེང་བྱ་རྒྱུ་གལ་ཆེ་བ་དང་།
བགྲོ་གླེང་ཚུལ་ཇི་ལྟར་བྱ་དགོས་པ།>>
༢ བགྲོ་གླེང་དུས་ཚོད།
ཤར་ཕྱོགས་ཀྱི་འདི་ཟླའི་ཚེས་༧་རེས་གཟའ་ཉི་མ།
ཨ་མི་རི་ཀའི་འདི་ཟླའི་ཚེས་༦རེས་གཟའ་སྤེན་པ།
ཆུ་ཚོད།
རྒྱ་གར་གྱི་ཆུ་ཚོད་༨།༣༠། སྔ་དྲོ།
བལ་ཡུལ་གྱི་ཆུ་ཚོད། ༨།༤༥ སྔ་དྲོ།
བོད་ཀྱི་ཆུ་ཚོད་༡༡། སྔ་དྲོ།
ཨ་རི་ནེའུ་ཡོག་གི་ཆུ་ཚོད། ༡༠།༠༠ མཚན་མོ།
༣ བགྲོ་གླེང་བྱ་སའི་དྲ་རྒྱའི་ཁ་བྱང་།
བོད་ཀྱི་ཁ་བརྡའི་ཁང་ཆུང་། http://www.tibetcustom.com/chat
ཁ་བརྡ་ནི་བོད་རིགས་གྲོགས་པོ་སྐོར་གཅིག་གིས་མཉམ་རུབ་ཀྱིས་བཏོན་པའི་གླེང་སྟེགས་ཤིག་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༦ གི་ཆུ་ཚོད་ ༢ སྐར་མ་ ༥༧
མངོན་པར་བསྟོད་དོ་གུས་བརྩི་ཞུ།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༦ གི་ཆུ་ཚོད་ ༤ སྐར་མ་ ༢༠
ཁརྡ་ཁང་མིག་དེའི་ནང་ཡིག་གཟུགས་ཆེ་རུ་གཏོང་མི་ཐུབ་བམ? ཡིག་གཟུགས་ཆེ་རུ་གཏོང་ན་མ་གཏོགས་དེ་མིན་དེར་ཁ་བརྡ་བྱེད་མཁན་ཚོར་མིག་ནད་ཟུན་ཉེན་འདུག་པས་གཟབ་དགོས་པར་འདུག
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༦ གི་ཆུ་ཚོད་ ༡༢ སྐར་མ་ ༡༧
འཐོབ་གཞོང་ནང་གི་ctrl བསྣུན་ནས་ཙི་ཙིའི་སྟེང་གི་འཁོར་ལོ་དེ་སྐོར་ན། ཡིག་གཟུགས་ཆེ་ཆུང་དུ་འགྱུར་གྱི་རེད།
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༦ གི་ཆུ་ཚོད་ ༡༤ སྐར་མ་ ༤༧
Hi Yuduk lak, If You want to see big letters on Khabda, you first push Ctrl and to move mouse, after you can see whatever like shape.
སྤྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༢ སྐར་མ་ ༥༤
བགྲོ་གླེང་གནང་སའི་ཁོར་ཡུག་བསྐྲུན་པར་དགའ་བསུ་ཡོད། བགྲོ་གླེང་ཐེངས་རྗེས་མ་དེར་མཉམ་ཞུགས་ཐུབ་ཐབས་བྱ་རྩིས་ཡོད། རྗེས་སུ་མཇལ་ཡོང༌། ད་ བདེ་མོ།