བཀའ་ཁྲིའི་འོས་འདེམས་སྐོར་གྱི་གློག་བརྙན།
འདིར་བཀའ་ཁྲིའི་འོས་འཕེན་ལ་གང་མགྱོགས་དེབ་སྐྱེལ་བྱེད་དགོས་པའི་སྐོར་གློག་བརྙན་ཞིག་ཡོད། གློག་བརྙན་བཟོ་མཁན་ནི་ཀེ་ན་ཌའི་མོན་ཋེ་རེལ་གནས་སྡོད་བཀྲ་ཤིས་དབང་རྒྱལ་དང་བདེ་སྐྱིད་འཚོ་མོ་གཉིས་དང་། འདིའི་ནང་གི་འཁྲབ་སྟོན་པ་ཚོ་ཡང་འདི་གར་འཚར་ལོངས་བྱུང་བའི་བོད་མི་ཁག་ཅིག་རེད།
བཀྲ་ཤིས་དབང་རྒྱལ་ནི་རྒྱ་གར་དུ་འཚར་ལོངས་བྱུང་ཞིང་། བོད་ཁྱིམ་སློབ་གྲྭ་བརྒྱུད་དྷི་ལི་མཐོ་སློབ་ནས་མཐར་ཕྱིན་རྗེས་བོད་གཞུང་འཆར་འགོད་ལས་ཁུངས་སུ་ཕྱག་ལས་གནང་ཞིང་། ད་ལྟ་མོན་ཁྲེ་རེལ་ལ་བཞུགས། ཁོང་ནི་གློག་ཀླད་ལ་མཁས་ཤིང་ད་ལྟ་གློག་བརྙན་བཟོ་བའི་མགོ་བཙུགས་འདུག། ད་ཐེངས་བཀའ་ཁྲིའི་སྐོར་གྱི་གློག་བརྙན་འདི་ནི། ཁོང་རང་གི་ཁོམ་སྐབས་ཀྱི་དུས་ཚོད་སྤྱད་ནས་མ་སྐུལ་དྭངས་བླངས་སྒོ་ནས་གནང་འདུག་པར་བསྔག་བརྗོད་དང་རྗེས་སུ་ཡི་རང་ཡོད།
བདེ་སྐྱིད་མཚོ་མོ་ནི་མོན་ཋེ་རེལ་དུ་འཚར་ཞིང་། བོད་དོན་ལ་སེམས་ཤུགས་ཆེ་ཞིང་ལས་འགུལ་ཆེ་ཆུང་ག་འདྲ་ཞིག་ཡིན་ནའང་རྟག་པར་མཉམ་ཞུགས་གནང་མཁན་ཞིག་དང་། བཀའ་བློན་ཁྲི་པའི་དྲ་གནས་ཀྱི་བཀོད་སྒྲིགས་གནང་མཁན་ཡང་ཡིན། མོ་དབྱིན་ཡིག་དང་ཧྥ་ཡིག་གཉིས་ལ་བྱང་ཆུབ་པ་མ་ཟད་ལྷ་སའི་སྐད་དང་། ཨམ་སྐད། རྒྱ་སྐད་ཀྱང་ལེགས་པོ་ཡོད་མཁན་གྱི་བོད་མོ་མཛངས་མ་ཀུན་གྱིས་མིག་དཔེ་བལྟ་འོས་པ་ཞིག་ཡིན། གློག་བརྙན་གཤམ་དུ་ཡོད།
ཁ་བརྡ་ནི་བོད་རིགས་གྲོགས་པོ་སྐོར་གཅིག་གིས་མཉམ་རུབ་ཀྱིས་བཏོན་པའི་གླེང་སྟེགས་ཤིག་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༨ གི་ཆུ་ཚོད་ ༢༠ སྐར་མ་ ༤༦
བཀྲ་ཤིས་དབང་རྒྱལ་དང་བདེ་སྐྱིད་འཚོ་མོ་གཉིས་སོགས་ལ་ཐུགས་རྗེ་ཆེ་ཞུ།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༩ གི་ཆུ་ཚོད་ ༩ སྐར་མ་ ༣༧
thank you new generation. very good.
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༩ གི་ཆུ་ཚོད་ ༡༦ སྐར་མ་ ༣༩
བརྙན་ཡག་པོ་ཞིག་པོ་བཟོ་གནང་འདུག་། ཐུགས་རྗེ་ཆེ་། འོན་ཀྱང་ཁ་བྱང་གི་ཐད་ལ་བསམ་ཚུལ་ཞིག་ཞུ་འདོད་བྱུང་།
གཅིག་། kalon Tripa ཟེར་ན་དབྱིན་ཡིག་མིན་པས་དབྱིན་ཇི་བ་ཞིག་གིས་ལྟས་ན་ནང་དོན་ཅི་ཡང་མེད་། ཁྱབ་ཡང་ཞེ་དྲ་ཆུང་། བོད་ཡིག་ཐོག་བཀའ་བློན་ཁྲི་བ་ཞེས་བ་དང་། དབྱིན་ཡིག་ཐོག་Prime Ministerཞེས་འབྲི་དགོས་བ་འདྲ་བོ་ཞིག་མཐོང་།
གཉིས་། ང་ཚོའི་བོད་སྐད་བཤད་སྐབས་བོད་སྐད་གང་གཙང་གཙང་དང་། དབྱིན་སྐད་བཤད་སྐབས་དབྱིན་སྐད་གང་གཙང་གཙང་གནང་ན་རང་ཉིད་ཀྱི་ཕ་སྐད་དེ་རྒྱུན་རང་པོར་གསོན་ཐུབ་རྒྱུར་ཕན་པར་སེམས་།
བརྙན་དེ་རང་ཉིད་ཀྱི་འབྲེལ་ཡོད་ཚང་མར་ཕར་གཏོང་བྱེད་གི་ཡིན། བརྙན་བཟོ་བ་དག་སླར་ཡང་ཐུགས་རྗེ་ཆེ་ཞུས་།