ནུབ་བྱང་བོད་མིའི་རིག་གནས་ཚོགས་པས་གོ་སྒྲིག་གནང་བའི་བཀའ་ཁྲིའི་བགྲོ་གླེང་ཞེས་པའི་སྐོར་ལ་མཆན་ ༣ བཀོད་འདུག
མཆན་ཞོག
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན། མཆན་འབྲི་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས། ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་འགྲོ་བ་བཅས་དགོངས་འཇགས་ཞུ།
ཁ་བརྡ་ནི་བོད་རིགས་གྲོགས་པོ་སྐོར་གཅིག་གིས་མཉམ་རུབ་ཀྱིས་བཏོན་པའི་གླེང་སྟེགས་ཤིག་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༨ གི་ཆུ་ཚོད་ ༡༧ སྐར་མ་ ༤༦
བཀའ་ཁྲིའི་འོས་མི་གཅིག་གི་གསུང་བཤད་ནང་ལ། ང་ཚོའི་གི་་་་་་་་་ གསུང་མཁན་དེ་སུ་རེད།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༨ གི་ཆུ་ཚོད་ ༢༢ སྐར་མ་ ༠༤
གོང་གསལ་གློག་བརྙན་རྣམས་ལ་མགོ་ནས་མཇུག་བར་རོབ་ཙམ་ཞིག་བལྟས་པ་ཡིན་ཏེ། ང་ཚོའི་གི་གསུང་མཁན་དེ་སུ་ཡིན་པ་ཏན་ཏན་ཅིག་ངོས་ཟིན་མ་སོང། གཅིག་ནས་ཁོང་ཚོ་ཐམས་ཅད་བདག་འཛིན་གྱིས་བསླད་པའི་མི་བུ་རྐྱང་རྐྱང་ཡིན་པས་ཕལ་སྐད་ཀྱི་ལམ་ནས་ང་ཚོ་དང་ང་ཚོའི་ཞེས་ཡང་ཡང་གསུངས་སྲིད། གང་ལྟར་ཁོང་ཚོས་ང་ཚོ་ཞེས་པའི་སྒྲ་ཡི་འཇུག་གཞིའི་ང་དེ་བོད་སྤྱི་ལ་ཁྱབ་བསྡད་པ་ཞིག་ཡིན་ན་འགྲིག་སོང་བ་རེད། མདོར་ན་སྤྱིའི་ཆ་འདི་ལྟའི་ལས་འགུལ་གྱི་ལམ་ནས་བཀའ་ཁྲིའི་འོས་མི་འཚོལ་བ་ནི་བོད་རང་ལ་མཚོན་ན་ཕལ་ཆེར་སྔར་དང་མ་འདྲ་བའི་ལམ་སྲོལ་བཟང་པོ་མཐོང་སོང།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༩ གི་ཆུ་ཚོད་ ༤ སྐར་མ་ ༠༤
ང་ཚོའི་གི་་་་་་་ང་ཚོ་གི་སློབ་གྲ་་་་་་་ཁོ་རང་ཚོ་གི་བྱས་རེད་་་་་་ཁོ་གི་མིང་་་་་་་མོ་གི་ལབ་སོང་་་་་་་
དེ་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྱི་རྒྱལ་བའི་བོད་སྐད་རྒྱབ་སྟངས་ལ་དབྱིངས་བཞུགས་ནས་ལད་ཟློས་བྱེད་ཀྱི་ཡོད་ན་ཡང་འདྲ་ གང་ལྟར་ ཁོ་རང་ཚོའི་གི་་་་དང་ ང་རང་ཚོ་གི་་་་སོགས་ ཟེར་ཁན་ཕོ་མོ་རྒན་བྱིས་མཐོ་དམན་མང་པོ་ཞིག་ནས་འདི་ལྟར་བཤོད་སྲོལ་གོམས་གཤིས་ཞིག་དར་ཁྱབས་འགྲོ་བཞིན་འདུག་།
སུམ་ཅུ་པ་ལས་ གི་ཀྱི་གྱི་འི་ཡི་ལྔ་པོ་་་་་་་ སྦྱོར་ཚུལ:- ན་མ་ར་ལ=གྱི་ ད་བ་ས=ཀྱི་ ག་ང=གི་
འ་དང་མཐའ་མེད=འི་དང་ཡི་ ཞེས་གསུངས་པ་འདི་དག་ལ་བརྩི་མེད་རྡོག་རོལ་གཏོང་གིས་།