གཏམ་མཐའ་མ།
རྭ་འཕྲིན། ༼ ཨ་རི ༽
ཐེངས་འདིའི་ཨ་རིའི་སྲིད་འཛིན་སྐོར་གྱི་གསར་འགྱུར་དག་རྫུན་གཉིས་ཀས་གནམ་ས་བཀབ་དང་འགེབ་བཞིན་པའི་སྐབས་འདིར། ཁོ་བོས་ཀྱང་ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་འདེམས་སྐོར་ལ་མཐའ་མཇུག་གི་སྐད་ཆ་ཁ་ཤས་བཤད་འདོད་བྱུང་།
སྤྱིར་འོས་འདེམས་འདིའི་སྐོར་ལ་སྐད་ཆ་བཤད་དགོས་ན། དང་པོ་ “Q” ཚོགས་ཁག་ཟེར་བ་འདི་དང་། “ Deep State “ ཟེར་བ་འདི་གཉིས་ངེས་པར་དུ་ཤེས་དགོས་སྙམ། གང་ཡིན་ཞེ་ན། ངས་སྔོན་མ་ནས་བཤད་མྱོང་ཡོད། ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་འདེམས་ནི། སྲིད་འཛིན་ཊོམ་ཕི་མཆོག་དང་ཧོན་ལོག་རྒྱའོ་བྷེ་ཌིན་གཉིས་ཀའི་སུ་སྲིད་འཛིན་ལ་སྡོད་ཐུབ་མིན་གཅིག་པུ་ཙམ་མ་ཡིན་པར། འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དམངས་གཙོ། ཐ་ན་སྒེར་གྱི་བདེ་འཇགས་སོགས་ལ་དམ་པོར་འབྲེལ་བསྡད་ཡོད་པ་ཞིག་རེད། བོད་ཀྱི་གཏམ་དཔེ་ཞིག་ལ། རྒྱལ་པོའི་རྒྱལ་ས་མ་བདེ་ན། སྤྲང་པོའི་ཉལ་ས་མི་བདེ་ཞེས་པ་འདི་ལས་མ་མཆིས། མཐར་དེད་ན་གནད་དོན་འདིའི་རྒྱབ་ལྗོངས་ནི་་ “Q” ཚོགས་ཁག་དང་ “ Deep State “ གཏིང་རིམ་སྲིད་དབང་ཟེར་བ་འདི་གཉིས་དང་། བདེན་རྫུན་དང་དཀར་ནག་གི་གཡུལ་འགྱེད་ཅིག་རེད།
འོ་ན་”Q” ཚོགས་ཁག་ཟེར་བ་འདི་ཅི་ཞིག་རེད་ཅེ་ན། ལ་ལས་གང་ཟག་སྒེར་བ་ཞིག་རེད་ཟེར་མཁན་དང་། ཡང་ཁ་ཤས་ཀྱིས་གློག་ཀླད་ཅིག་ཡིན་པའི་བཤད་སྲོལ་འདྲ་མིན་སྣ་ཚོགས་མང་པོ་ཞིག་འདུག་མོད། ཁོ་བོས་བསམ་ན་ཨ་རིའི་ཆེས་མཐོའི་གསང་བའི་དམག་དོན་ཚོགས་ཁག་ཅིག་རེད་སྙམ། གལ་ཏེ་མི་སྒེར་བ་ཞིག་ལ་ནུས་པ་འདི་འདྲ་ཡོད་ན་སྲིད་འཛིན་ལ་ཁོ་རང་ལངས་ཏེ། ཨ་རི་དང་འཛམ་གླིང་གི་མི་མཐུན་ཕྱོགས་ཐམས་ཅད་ཕམ་པར་བརྒྱབ་ན་འགྲིག་མོད་དེ་མ་ཡིན་པ་གསལ་བོ་རེད། འོན་ཀྱང་མི་བུ་རྣམ་དཔྱོད་ཅན་ཉུང་ཤས་ཀྱིས་གྲུབ་པའི་ཚོགས་པ་ཞིག་ཡིན་ཤས་ཆེ། ཚོགས་ཁག་འདིའི་མིང་གཞན་ལ་” QAnon “ ཡང་ཟེར། གང་ལྟར་ཚོགས་པ་འདི་མཐའ་གཅིག་ཏུ་སྲིད་འཛིན་ཊོམ་ཕི་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལ། ཐ་ན་ཉིས་སྟོང་བཅུ་དྲུག་ལོར་ཊོམ་ཕི་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཡང་ཚོགས་པ་འདིས་རྒྱབ་སྐྱོར་བྱས་པ་ཉག་གཅིག་ལ་བརྟེན་ཏེ་བྱུང་བ་འདྲ། དེ་སྔ་ཚོགས་པ་འདིས་ནོར་བ་ཅི་ཡང་མེད་པའི་ཐོག་ནས་ཨ་རི་དང་འཛམ་བུ་གླིང་ལ་བྱུང་ཚར་བའི་དོན་རྐྱེན་མང་པོ་ཞིག་ལ་སྔོན་བརྡ་བརྒྱབ་ཟིན་ཡོད། མཐའ་མ་དེ་སྲིད་འཛིན་ཊོམ་ཕི་མཆོག་གི་Twitter དང་སྤྱི་ཚོགས་དྲ་ལམ་ཡོངས་རྫོགས་སྒོ་རྒྱག་རྒྱུ་ཡིན་པ་སོགས་དོན་ཚན་དྲུག་བཤད་པའང་དེ་བཞིན་དུ་བྱུང་ཟིན། གང་ལྟར་ད་སྐབས་ཚོགས་པ་འདི་དང་སྲིད་འཛིན་མཆོག་གི་གཙོས་རྒྱལ་གཅེས་ལྷག་བསམ་ཅན་གྱི་མི་བུ་མང་པོ་ཞིག་གི་སྤྱི་ཚོགས་དྲ་ལམ་ཚང་མ་བཀག་ཚར་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན་པ་དེ་རེད།
འོ་ན་ “ Deep State “ གཏིང་རིམ་སྲིད་དབང་ཟེར་བ་འདི་ཡང་ཅི་ཞིག་རེད་དམ། འདི་ནི་འཛམ་གླིང་གི་འབྱོར་ལྡན་ཁྱིམ་རྒྱུད་ཁག་ཅིག་དང་། རྒྱལ་ཁབ་སྒེར་གཅོད་པ་ཁ་ཤས་ལས་གྲུབ་པའི་དཔུང་སྡེ་ཞིག་རེད་སྙམ། འབྱོར་ལྡན་པ་རྣམས་ཀྱིས་ཁོང་ཚོར་གང་ཡོད་པ་དེས་འདོད་པ་མ་ཚིམས་པར། འཛམ་གླིང་ཡོངས་སམ་གོ་ལ་ཟླུམ་པོའི་སྲིད་འབྱོར་རིག་གསུམ་ཁོང་ཚོའི་དབང་འོག་གམ། སྟངས་འཛིན་གྱི་ར་བའི་ནང་བཅུག་འདོད་པ་དེ་རེད། སྒེར་གཅོད་པ་རྣམས་ཀྱིས་རང་གི་དབང་ཆ་དེ་བློས་མ་ཐོང་བར་ཐབས་བརྒྱ་ཇུས་སྟོང་བཀོལ་ཏེ། འབྱོར་ལྡན་པ་དེ་ཚོ་དང་ཁྱི་སྤྱང་ངན་འབྲེལ་གྱིས་མུ་མཐུད་དུ་ཁོང་ཚོའི་དབང་ཤུགས་འཛིན་ཐབས་བྱེད་ཀྱི་ཡོད་ལ། མདོར་ན་ཁོ་ཚོ་ནི་ཁེ་ཕན་དོན་དོན་གཉེར་བ་ཁག་ཅིག་རེད་ལ། དེ་ལ་རུལ་སུངས་ཀྱང་ཟེར།
སྤྱིར་སྲིད་དབང་ཟེར་བ་འདི་ཆུ་ཕྲན་ནང་བཞིན་ཡིན་དགོས་པར་བཤད་སྲོལ་ཞིག་ཡོད་ལ། དེ་ནི་ཤིན་ཏུ་བདེན་པར་སྣང་སྟེ། དཔེར་ན། ཆུ་མོ་ཞིག་བཞུར་རྒྱུན་མ་ཆད་པར་མུ་མཐུད་དུ་འགྲོ་ཐུབ་ན་ད་གཟོད་དྭངས་ཤིང་གཙང་བ་ཞིག་ཡོང་ཐུབ་ལ། ཆུ་མོ་དེ་ས་ཁུལ་གཅིག་ཁོ་ནར་གནས་ཏེ་ཡུན་རིང་པོ་འགོར་ན་ཆུ་རྙོག་དང་། བཙོག་ཆུར་གྱུར་འགྲོ་བ་ཆོས་ཉིད་ཡིན་པ་ལྟར། དཔོན་པོ་གཅིག་གོ་གནས་གཅིག་ནས་སྡོད་རྒྱུ་མང་དྲགས་ན་མང་ཆེ་བ་རུལ་སུངས་སུ་གྱུར་འགྲོ་བ་ཡང་དེ་མཚུངས་རེད། དེའི་ཕྱིར་ཨ་རིའི་རུལ་སུངས་པ་དག་ལ་ Washington Swamp ཡང་ཟེར། གང་ལྟར་དཔུང་སྡེ་འདིས། ཨ་རིའི་རང་དབང་དང་། དམངས་གཙོ། ཁྲིམས་སྲོལ་བཅས་ནི་ཁོང་ཚོའི་བཀག་རྡོ་ཡིན་པར་མཐོང་ནས། གཡོ་བྱུས་ཀྱི་དྲ་རྒྱ་ཨ་རིའི་ཕྱོགས་བཞི་མཚམས་བརྒྱད་ལ་བཀྲམ་ཞིང། དམངས་གཙོ་ཚོགས་པ་གཙོ་བྱས་ཏེ། ཆེས་མཐོའི་ཁྲིམས་དཔོན་དང་། གྲོས་ཚོགས་གོང་འོག་གི་མཐོ་རིམ་མི་སྣ་མང་པོ་ཁོང་ཚོའི་དབང་འོག་ཏུ་བསྡུས་ཟིན་པ། སྐབས་འདིའི་སྲིད་འཛིན་འོས་འདེམས་ཀྱི་བརྒྱུད་རིམ་ཁྲོད་མིག་མཐོང་ལག་ཟིན་ཆགས་ཡོད།
“Q” ཚོགས་ཁག་དང་གཏིང་རིམ་སྲིད་དབང་གཉིས་ཀྱི་གཡུལ་འགྱེད་འདི་ཧ་ཅང་གི་གསང་བ་ཞིག་ཡིན་པ་མ་ཟད། རྒྱ་ཆེ་ལ་གཏིང་ཟབ་པའི་རྐྱེན་གྱིས་ང་ཚོས་དཀར་ནག་གི་དབྱེ་བ་བཀར་དུས་ཤིན་ཏུ་གཟབ་དགོས་པ་མ་ཟད། ཕྱི་ཚུལ་གྱི་རྣམ་འགྱུར་ཅི་རིགས་ལ་བརྟེན་ནས་སྡོམ་ཚིག་འཇོག་རྐྱང་བྱེད་ཐུབ་པ་ཞིག་གཏན་ནས་མིན་པར་འདོད། གཡུལ་འགྱེད་འདི་དོན་དངོས་སུ་ལོ་མང་པོའི་སྔོན་ནས་མགོ་བརྩམས་པ་ཞིག་རེད་ལ། ད་སྐབས་ནི་ཆེས་མཐའ་མཇུག་གི་རྒྱལ་ཕམ་དང་ཤི་གསོན་འཐབ་འཛིང་གི་རིམ་པར་སླེབས་ཡོད། འཐབ་འཛིང་འདི་ཨ་རིའི་ནང་ཁུལ་གཅིག་པུ་མ་ཡིན་པར། ཡུ་རོབ་ཀྱིས་གཙོ་བྱས་ཏེ་རྒྱལ་ཁབ་མང་པོ་ལ་འབྲེལ་བ་ཆགས་པས། དེ་རིང་ཁ་སང་ཡུ་རོབ་ཕྱོགས་ནས་མཐོ་རིམ་མང་པོས་གློ་བུར་དུ་གཅིག་རྗེས་གཉིས་མཐུད་ཀྱིས་རྩ་དགོངས་ཞུ་དོན་ཡང་འདི་དང་འབྲེལ་བ་ཟབ་མོ་ཡོད་པ་གསལ་བོ་རེད། ད་དུང་རྒྱལ་ས་ཝ་ཞིན་ཊོན་ལ་དམག་དཔུང་ཁྲི་གཉིས་ལྷག་སླེབས་པ་དེ། ཕྱི་ཚུལ་ལ་བདེ་འཇགས་ཀྱི་ཆེད་དུ་ཡིན་ཞེས་བཤད་ཀྱིན་ཡོད་མོད། དོན་གྱིས་རུལ་སུངས་པ་ཚང་མ་དུས་གཅིག་ཏུ་འཛིན་བཟུང་བྱ་རྒྱུའི་ཆེད་མ་ཡིན་པའི་ངེས་པ་མི་འདུག་སྙམ།
མཐའ་དོན། ཁོ་བོས་བསམ་པར། ཆེས་མཐའ་མཇུག་གི་གཡུལ་འགྱེད་འདི་ཐུང་ན་བདུན་ཕྲག་རེ་འགའ་དང་། རིང་ན་ཟླ་གསུམ་ནས་བཞི་ཡས་མས་འགོར་སྲིད་པས། སྤྱི་ཟླ་དང་པོའི་ཚེས་ཉི་ཤུའི་ཉིན་ཨ་རིའི་སྲིད་འཛིན་སུ་ཆགས་ཡོད་མེད་དེ་གལ་ཆེན་པོ་མ་རེད་བསམ། གང་ཡིན་ཞེ་ན་“Q” ཚོགས་ཁག་དང་གཏིང་རིམ་སྲིད་དབང་གཉིས་ཀྱི་གཡུལ་འགྱེད་དེ་ག་དུས་མཇུག་སྒྲིལ་ན། དེ་དུས་མ་གཏོགས་ཐག་གཅོད་དང་གྲུབ་འབྲས་ཐོབ་ཁག་པོ་རེད། གང་ལྟར་ང་ཚོའི་ཐད་ནས་རང་རང་གིས་གང་ནུས་ཀྱིས་བདེན་པ་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱ་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་ལ། དེ་དང་མཉམ་དུ་སོ་སོའི་བདེ་འཇགས་ལ་གཟབ་རྒྱུ་གལ་ཆེ། མཇུག་མཐར། རྗེས་ཕྱོགས་རང་དབང་གི་འཁོར་ཡུག་གསར་པ་ཞིག་ནས་མཇལ་བའི་རེ་བ་དང་སྨོན་མདུན་ཡོད། བདེན་པ་ཉིད་རྒྱལ་གྱུར་ཅིག ཨ་རི་རྒྱལ་ལོ།། བོད་རྒྱལ་ལོ།།
༢༠༢༡-༡-༡༦ ནམ་གུང་ཆུ་ཚོད་དང་པོར་མལ་ཁྲིའི་ཐོག་བྲིས་པ་དགེའོ།།
January 16th, 2021 at 3:43 pm
ཨ་རིའི་སྲིད་འཛིན་སྐོར་ལ་ཆེད་རྕོམ་ཞིག་བྲིས་འདུག་པ་ལེགས་ཀྱང་དོན་དངོས་ཇི་ཆགས་རིམ་པས་
ཡོང་རྒྱུ་ལགས་ན་བལྟ་ཆོག་།
January 16th, 2021 at 8:53 pm
QAnon ནི་དབྱིན་ཡིག་དུ་ Far-right conspiracy theory འབོད་ཅིང་། རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་ཟེར་བ་ལྟར་རང་ཉིད་མ་གཏོགས་གཞན་པ་ཡོད་ཚད་དགྲར་སེམས་དེ་། དགྲ་དེ་ནི་མཐོ་ས་སྲིད་གཞུང་དང་། དམའ་ས་སྤྲང་བོའི་ནང་ན་ཡོད་པ་འདོད་་ནས་ཉིན་མཚན་མེད་པར་ལུས་སེམས་གཉིས་སུ་བདེ་བ་ནམ་ཡང་མེད་པའི་བམས་བློ་ཚོགས་པ་ཞིག་རེད་། ཚོགས་པ་དེའི་རྗེས་འཇུག་བ་ནི་གནས་ལུགས་དང་དགེ་སྡིག་གི་དབྱེ་བ་མི་ཤེས་བའི་རྨོངས་བ་ཚོ་ཡིན་ལ་། ཚོགས་པ་དེའི་ཚོགས་མི་མང་ཆེ་བWhite supremacist རེད་། དེའི་ཚོགས་གཙོ་ཁྲོ་ཐུང་རེད་། ཁོ་དང་ཁོའི་ཚོགས་པས་དུས་རྒྱུན་དུ་སྤྱི་ཚོགས་སུ་རྫུན་བཤད་པ་དང་། མགོ་སྐོར་བཏང་བ། ནང་ཁུལ་དཀྲུགས་པ་། དྲག་སྤྱོད་སྤེལ་བ་རེད།
January 16th, 2021 at 8:54 pm
ཇི་ཙམ་བཤད་ཀྱང་སྟོང་པ་རེད། འདི་ལོ་ལས་ལྷག་པའི་ཨ་རིའི་འོས་འདེམས་བྱེད་ཕྱོགས་ཀྱི་ལས་ཀ་སྲུང་སྐྱོབས་ཆེ་བ་ཞིག་དེ་སྔར་བྱུང་མེད་ཟེར། ཉམས་ཞིབ་་པ་དག་གིས་བཤད་འདུག འདི་ནས་རྩིས་པའི་ལོ་བཞིའི་སྔོན་དུ་འཐོམ་བུ་རྒྱལ་བའི་སྐོར་ལ་སྐད་ཆ་གོ་རྒྱུ་མང་པོ་འདུག ཁོས་གཡོ་སྒྱུ་ཁྲམ་གསུམ་བྱས་ནས་ཁོ་རྒྱལ་བར་ཁྱབ་བསྒྲགས་བྱས་པ་རེད་ཟེར། ཏན་ཏན་ཡིན་སྲིད་མི་འདི་ལ་ངོ་ཚ་དང་ཁྲེལ་ཟེར་བ་དེ་རྩ་བ་ཉིད་ནས་མི་འདུག ཡིན་མིན་བསམ་བློ་བཏང་ན་ཤེས། ད་ཆ་ནི་འཐོམ་བུ་རང་ཉིད་གཅིག་པུར་ཁེར་རྐྱང་དུ་ལུས་ནས་་་་་ཕོ་རོག་དཀར་པོ་ཐོན་ནས། གང་འགྲོ་འདི་འགྲོ་མེད་པའི་དུས་ཚོད་ཤར་འདུག་ངོ་མ་སྙིང་མ་རྗེ། ད་དུང་ཁོ་ལ་ནག་ཉེས་གཉིས་པ་དེ་བཙུགས་པའི་ཐག་ཆོད་བྱུང་བ་ཡིན་ན། ཨ་རིའི་ལུགས་སྲོལ་ལ་སྲིད་འཛིན་ལས་བཤོལ་པ་རྣམས་ལ་ཟླ་ཕོགས་དང་སྲུང་སྐྱོབས་སོགའ་གཞུང་གིས་ཐོབ་ཐང་མང་པོ་ཞིག་སྤྲོད་སྲོལ་ཡོད་པ་དེ་ཡང་མཚམས་འཇོག་བྱེད་པ་དང། མ་ཟད་འཐོམ་བུ་ནམ་ཡང་ཨ་རིའི་གཞུང་གི་ལས་བྱེད་ལ་བསྐོ་མི་ཆོག་པའི་ཐ་ཚིག་སྒྲོགས་ཀྱི་རེད་ཟེར། ངོ་མ་ཁོ་དང་ཁོའི་རྗེས་འབྲེངས་རྨོངས་འཐོམ་དེ་ཚོས་འཛམ་གླིང་ལ་མངོན་ལོ་འཆར་སོང། ད་ནི་དྲ་རྒྱ་ཡོངས་རྫོགས་ནས་ཕུད་ནས་གོ་མེད་ཚོར་མེད་དུ་ལུས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་དྲ་རྒྱ་ཁག་ནས་འཐོམ་བུ་ལ་རྒྱབ་སྐྱོར་དང་ཨ་རི་ལ་སྨྲ་བརྗོད་རང་དབང་མི་འདུག ཐ་ན་རང་གི་སྲིད་འཛིན་ལའང་སྨྲ་བརྗོད་རང་དབང་མི་འདུག་ཟེར་ནས་འཐོམ་བུར་རྒྱབ་སྐྱོར་གྱི་སྐད་ཅོར་བརྒྱབ་ཀྱི་འདུག ཡ་མཚན་རེད། དེ་ཚོར་བསམ་ན་འདི་དག་ཏུའང་འཐོམ་བུར་རྒྱབ་སྐྱོར་གྱི་རྩོམ་ཡིག་མཆན་སོགས་འབྲི་བའང་དེ་ལྟར་ཡིན་སྲིད་པ་རེད།
January 17th, 2021 at 4:02 am
མི་ཞིག་གིས་མི་ཞིག་གི་སྐད་ཆ་རློམ་མ་ཐུབ་པར་གཡག་ཅིག་ལ་སྐད་ཆ་དྲིས། དེ་ནས་གླིང་རྒན་ཞིག་ལ་སྐད་ཆ་དྲིས། དེ་ནས་ཁྲོམ་རྒན་ཞིག་ལ་སྐད་ཆ་དྲིས། དེ་ནས་དེ་ཡིད་ཆེས་གཙང་མ་བརྙེད་སོང་ཞེས་ཀི་བཏབས།
January 17th, 2021 at 6:55 pm
མ་ཤེས་ཤེས་མདོག་བྱེད་པོ་ལས་སྡུག་པ་ཞིག་གང་ན་ཡོད?
ལྷག་བསམ་མ་ཡོད་ཡོད་མདོག་སྟོན་མཁན་ལས་སྡུག་པ་ཞིག་གང་ན་ཡོད།
མང་གཙོའི་བཅའ་ཁྲིམས་མི་ཤེས་སྲུང་ཁུལ་བྱེད་མཁན་ལས་སྡུག་པ་ཞིག་གང་ན་ཡོད?
ཀླུགས་རྟགས་ཚ་བའི་མི་མང་ལས་སྡུག་པ་ཞིག་གང་ན་ཡོད?
ཁོང་ཚོས།
རང་གི་རང་དབང་འཕྲོག་པ་ཡང་མ་ཚོར།
རང་གི་སྨྲ་ལྕེ་བཅད་པ་ཡང་མ་ཤེས།
རང་གི་ཉན་རྣ་འོན་པ་ཡང་མ་ཤེས།
བླུན་པོ་ཚོ་དང་སྐད་ཆ་རིམ་པ་ཅན།
ནང་དོན་ཅན།
ཕན་པ་ཅན།
གང་ཡང་ཤོད་ཚུལ་མེད།
རྒྱུ་མཚན་ནི།
ཁོང་ཚོ་ནི།
ཉིན་སྲིབ་གང་ན་ཡོད་པ་མི་ཤེས་མཁན།
དཀར་ནག་གང་གི་ཆོས་ཉིད་མི་ཤེས་མཁན།
ཅི་ཡང་མི་ཤེས་མཁན།
ཅི་ཡང་སྙོར་རྒྱུ་མེད་པའི་ཁེར་རྐྱང་བ།
ཕུགས་བསམ་མི་དགོས་ཤུལ་ཆད་པ།
དཔེར་ན་གོང་གི་མཆན་པ་ཚོ་ལྟ་བུའོ།
མང་གཙོ་ནི་ཤེས་རབ་ཅན་ཚོའི་ལོངས་སྤྱོད་ལས་སྐྱེ་ཐོབ་ཀྱི་བདག་དབང་ཞིག་མིན་པ་ཡང་ཤེས་སོང་།
རྒྱལ་ཞེན་དང་ལྷག་བསམ་མེན་ན་མང་གཙོ་ནི་སྨྱོན་པའི་ལག་པར་རལ་གྲི་ཡིན་པ་ཡང་ཤེས་སོང་།
མི་གཞི་ལ་དྲང་ཚུགས་མེད་ན་མང་གཙོ་ནི་ལྐོག་ཟན་རུལ་སུངས་ཀྱི་ཁ་ལྟོ་སྒྲུབ་བྱེད་ཞིག་ཡིན་པ་ཡང་ཤེས་སོང་།
དགྱ་ནག། ཨི་རན། རཱཤེས་ཡ་ལྟ་བུ། འབངས་མི་ཡོད་ཚད་ཀྱི་དགྲ་པོར་གྱུར་བའི་རྒྱལ་ཁབ་འགའ་ཤས་ལས་གཞན་པ། ཨ་རི་ནི་ཁྲརུམྥ་རྒྱལ་པོས་བདག་ཏུ་བཟུང་བ་ལ་དགའ་བསུ་ཞུ།
རྒྱུ་མཚན་ཡོད་དེ།
ཡུལ་གྲུ་ཀུན་ལ། དམར་ཤོག་པའི་སྡུག་སྤྱོད་མྱོང་བཞིན་པས་སོ།
ང་ཚོ་ནི་དམར་པོའི་རང་ལུགས་ལས་ཐར་བ་རྐྱང་རྐྱང་ཡིན་པས་སོ།
གང་ལྟར་ཨ་རི་རྒྱལ་ཡོང་། ཀླད་པ་བཀོལ་ནས་རྒྱལ་སྲིད། དཔུང་པ་ངོམ་ནས་རྒྱལ་སྲིད། དྲང་བདེན་སྲུང་ནས་རྒྱལ་སྲིད། རྩེས་བས་བཅིང་ནས་རྒྱལ་སྲིད།
མཐའ་དོན།
རྭ་འཕྲིན། ཅི་ཕྱིར་?
འདི་ནི་ཁྱོད་ཀྱི་གཏམ་མཐའ་མི་ཡིན་དགོས?
ཁྱོད་འདི་ཚོ་ལ་སྐྲག་གམ།
In the hands of big tech,
In the hands of DC swamp,
In the hands of demrats.
དེ་ལྟར་ན་ཡང་།
བདེན་པ་དང་བདེ་བ་ནི་སྨོན་ལམ་གྱིས་མི་འགྲུབ།
ལུས་ངག་ཡིད་གསུམ་གྱི་སྒྲུབ་བྱ་ཞིག་ཡིན་པས།
སྨྲ་བ་ལ་སྨྲ་ཚོད་ཡོད་མི་ཉན།
བདེན་པའི་རླབས་སྒྲ་ནི་སྔར་ལས།
མཐོ་ཞིང་བརྗིད་དགོས།
ངའི་སྨྲ་ལྕེ་ལ་མདུན་ནག་རྒྱག་མ་ཐུབ།
ངའི་འཁོར་ཡུག་ན།
ངས་བདེན་པ་བཤད་བཞིན་འཚོས་ཡོད།
ཡིག་ནོར་ཡོད་ན་དགོངས་དག།
སྐྱར་ཞིབ་བྱེད་སྙིང་མ་བྲོ།
January 17th, 2021 at 7:43 pm
སྡིག་ཡིག་ནོར་བས།
དེ་ལས་སྡིག་པ་ཞིག་གང་ན་ཡོད། ཧ་ཧ་ཧ།།
January 17th, 2021 at 8:15 pm
ཡིག་ནོར་མི་གཙོ་ནང་དོན་གཙོ། ཡོན་ཏན་མི་གཙོ་རྣམ་དཔྱོད་གཙོ། གནམ་རྒན་མ་ཅི་སྐྱོན། གཏམ་མཐའ་མ་ཟེར་དོན་ནི་གཡུལ་འགྱེད་འདི་མཇུག་སྒྲིལ་ལ་ཉེ་བས་སོ།
January 18th, 2021 at 11:28 am
ཨ་ཡོ་ཤུ། ཡང་མཆན་བུ་འདེབས་སར་གཡག་རྒན་རེ་འོངས་ནས་ལྕི་བ་ཡག་ཆོད་བཏང་ནས་བུད་སོང་ཟིག
January 19th, 2021 at 8:51 am
ཁྱི་རྒྱག་ན་གནམ་གྱི་སྐར་མ་རང་རེད། ང་ཚོ་བོད་པ་ཟེར་བ་འདི་ད་ངོ་མས་ངོ་མེད་པས་མི་རིགས་ཟིག་རེད།ད་དུང་འབྱོར་ལྡན་ཟེར་བ་ལ་ལྟོས་ན་རྒྱ་ནག་གི་གླད་པ་རང་རེད་འདུག འ་ཁ་ཁ།