གནས་ཚུལ་གཏོང་མཁན། བསྟན་འཇམ།
དེ་རིང་སྟེ་ཕྱི་ལོ་༢༠༡༥ ཕྱི་ཟླ་༤ ཚེས་༢༥ རེ་གཟའ་སྤེན་པའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ་བལ་ཡུལ་དུ་ས་ཡོམ་གྱི་ཤུགས་ཚད་༧༌༨ ཅན་ཞིག་བརྒྱབ་སྟེ། ཁང་ཁྱིམ་སོགས་ལ་གཏོར་སྐྱོན་ཆེན་པོ་ཐེབས་འདུག་པ་དང་། སྦིའི་སྦིའི་སིས་གཙོས་པའི་བརྒྱུད་ལམ་གཞན་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ད་ལྟའི་ཆར་མི་གྲངས་ཆིག་སྟོང་ལ་ཟིན་ཉེའི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་ཆིག་སྟོང་བདུན་བརྒྱ་ཙམ་ལ་རྨས་སྐྱོན་བྱུང་ཡོད་པར་ཚོད་དཔག་གིས་བརྗོད་ཀྱིན་འདུག
དེ་ལས་མང་བ་། “བལ་ཡུལ་དུ་ས་ཡོམ་གྱི་ཤུགས་ཚད་༧་༨ ཅན་བརྒྱབ་ཡོད་པ།” »