གནས་ཚུལ་གཏོང་མཁན། ཚེ་བཀྲ།
ཁེ་སྔོན་མོན་གྷོ་འདོད་རྒུ་གླིང་དུ་རྒྱ་གར་བས་བོད་པའི་སློབ་ཕྲུག་བུ་མོ་ལ་བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། དེ་ཡང་གནས་ཚུལ་ཐོན་གསལ་ལྟར་ན། ཁེ་ཉིན་ཕྱི་དྲོ་ཆུ་ཚོད་ལྔ་ནས་དྲུག་གི་བར་དེར་མོན་གྷོ་ཊི་གཞིས་གྲོང་བཞི་བ་དང་ལྔ་བའི་བར་གྱི་ཐང་སྟོང་དུ། བོད་པའི་སློབ་ཕྲུག་བུ་མོ་གསུམ་གྱིས་སློབ་སྦྱོང་བྱེད་བཞིན་པའི་སྐབས་དེར། རྒྱ་གར་ཕོ་གསར་གསུམ་སླེབས་ཏེ་རེ་རེ་བྱས་ནས་འཇུས་ཏེ་བཙན་གཡེམ་བྱེད་རྩིས་བྱས་ཡོད་པ་དང་། བུ་མོ་གཅིག་གིས་སོ་བཏབ་པ་སོགས་ཕྱིར་ཡ་ལན་བྱས་ཏེ་རྒྱ་གར་ལག་ནས་ཐར་བ་དང་བྲོས་ནས་གཞིས་གྲོང་གསུམ་པར་ཕྱིན་ཏེ་བོད་མི་ཚོར་བརྡ་བརྒྱབ་ཡོད་པ་དང་།