འཇིགས་མེད་ནུབ་པ།
འདྲ་པར་འདི་ངེད་ཀྱི་ལག་ཏུ་ལོ་གཅིག་གི་གོང་ཙམ་ལ་འབྱོར། འདྲ་པར་འདི་ག་དུས་བླངས་བ་ངས་སེམས་སུ་གསལ་བོ་ཞིག་མི་དྲན་མོད་། ཚོད་དཔག་བྱས་ན་ཕྱི་ལོ་༡༩༨༥ལོའི་གཡས་གཡོན་ཞིག་རེད་དྲན། རྒྱུ་མཚན། འདྲ་པར་འདི་ལེན་དུས་ང་ཕལ་ཆེར་ལོ་ན་གསུམ་ལ་སོན་ཙམ་ཡིན་པ་འདྲ། ད་དུང་། འདྲ་པར་འདི་ལེན་དུས་ང་ཚོར་གྱོན་གོས་གསར་བ་རེ་གཡོགས་ཡོད་པར་བལྟས་ན། ཕལ་ཆེར་ལོ་གསར་གྱི་སྔ་ཕྱི་ཞིག་ལ་འཁེལ་ཡོད་པ་འདྲ།