བཀྲ་ཤིས་དོན་འགྲུབ།
འཁོར་བའི་གནས་འདི་འཁོར་བ་སུས་མི་ཤེས།།
འཁོར་འདས་གཉིས་ཀྱི་སྣོལ་མཚམས་མི་རྙེད་པས།།
འཁོར་བའི་འཕྲུལ་འཁོར་འཆི་བའི་ཟློས་གར་དེ།།
འཁོར་བདག་བུ་ཆུང་མགོ་ལ་བབས་སམ་ཅི།།
སེམས་ཀྱི་ལྷ་མོ་མི་མངོན་དབྱིངས་ན་བཞུགས།།
སེམས་ཀྱི་བྲན་མོ་མྱ་ངམ་ཐང་ན་འཁྱམས།།