ཨེ་ཝྃ་རིག་པ།
ཐོག་མེད་ནས་འཁྱམ་པའི་རྣམ་ཤེས་ཕྲ་མོ།།
འགྱུར་མེད་ཀྱི་ལས་སྣང་དབང་བཙན་ཁྲོད་ན།།
བག་ཡང་ངང་རྒྱུ་བའི་ཁེར་རྐྱང་འཚོ་བ།།
བརྩོན་སེམས་དང་མི་འབྲལ་རིན་ཐང་ལྡན་ཡོད།།
གྲང་ངར་གྱི་སྡུག་སྣང་སྒྲོ་བཏགས་དངོས་རེད།།
ཕུན་ཚོགས་ཀྱི་བདེ་སྐྱིད་བསླུ་བྲིད་རང་རེད།།