མུན་ནག
ཀླུ་སྨྱོན།
མུན་ནག
(ཐོལ་བྱུང་སྙན་ངག་འགའ)
མུན་ནག་ནང་།
སྙན་ངག་འབྲི་ཞོར་ཅི་ཞིག་ལ་ལྕེ་ལྡག་ཅིག་བྱས།
དེ་ནི་འཁྱག་པའི་གོང་བུ་ཞིག་རེད།
སྒྲོན་མེ་སྤར་ཏེ་བལྟས་པ་ན།
དེ་ནི་གནམ་ནས་ལྷུང་བའི་ཁ་བ་རྡོག་གཅིག་རེད།
ལེགས་བཤད་གསེར་ཕྲེང་དང་འབྲེལ་བའི་དོན་འགའ་གླེང་བ།
བྱ་མདོ་སྐལ་རྒྱམ།
རྗེ་བླ་མའི་གསུང་རྩོམ་ལེགས་བཤད་གསེར་ཕྲེང་དང་འབྲེལ་བའི་དོན་འགའ་གླེང་བ།
—-གྲོགས་པོ་ཞིག་དང་འཕྲོས་མོལ་བྱས་པའི་སྐད་ཆ་ཡི་གེར་བསྡེབས་པ།
གསེར་ཕྲེང་ནི་རྗེ་ཙོང་ཁ་བས་དགུང་ལོ་སོ་གཉིས་སྟེང་བརྩམས་པ་ཞིག་ཡིན་པས། ཁོང་གིས་བརྩམས་པའི་གཞུང་ཆེན་ཁག་གི་ནང་ནས་སྔ་གྲས་ཤིག་ཡིན། འདི་ལས་མངོན་རྟོགས་རྒྱན་གྱི་རྒྱ་འགྲེལ་ཉེར་གཅིག་གི་འདོད་པ་མི་འདྲ་བ་དང་། བོད་ཀྱི་མཁས་པས་བཤད་ཚུལ་མི་འདྲ་བ་རྣམས་སྐབས་སྐབས་སུ་བཀོད་ནས་འཐད་མི་འཐད་ཀྱིས་དགག་བཞག་རྒྱ་ཆེར་བྱས་ཡོད་པས། རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་པ་ཤེས་འདོད་ཀྱང་གཞུང་མང་བོ་ཀློག་མི་ཐུབ་མཁན་ཞིག་ཡིན་ནའང་ཧ་ལམ་འདི་ཁོ་ནས་མཐུས་པ་ལྟ་བུ་ཞིག་ཡིན།
དེ་ལས་མང་བ་། “ལེགས་བཤད་གསེར་ཕྲེང་དང་འབྲེལ་བའི་དོན་འགའ་གླེང་བ།” »