དོན་ཡོད་ཞགས་པ།
གངས་ཅན་བོད་ལ་སྨྱུག་ཐོགས་མཁས་པ་མང་།།
མཁས་པ་མང་ཤོས་སྙན་ངག་མཁན་པོ་ཡིན།།
སྙན་ངག་སྣ་ཚོགས་གཙང་པོ་བཞུར་བཞུར་འབྲི།།
སྙན་ངག་དཔེ་དེབ་ག་ས་གང་དུ་རྒྱུགས།།
སེམས་ལ་གང་དྲན་ཡིག་ངོར་ཕབ་པ་ན།།
རང་གིས་རང་ལ་སྙན་ངག་མཁན་པོར་ལྟ།།
བཅར་འདྲི་བྱེད་མཁན། དཔལ་ལྡན་རྒྱལ།
དོན་ཡོད་ཞགས་པ།
གངས་ཅན་བོད་ལ་སྨྱུག་ཐོགས་མཁས་པ་མང་།།
མཁས་པ་མང་ཤོས་སྙན་ངག་མཁན་པོ་ཡིན།།
སྙན་ངག་སྣ་ཚོགས་གཙང་པོ་བཞུར་བཞུར་འབྲི།།
སྙན་ངག་དཔེ་དེབ་ག་ས་གང་དུ་རྒྱུགས།།
སེམས་ལ་གང་དྲན་ཡིག་ངོར་ཕབ་པ་ན།།
རང་གིས་རང་ལ་སྙན་ངག་མཁན་པོར་ལྟ།།
ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
བཙན་བྱོལ་བོད་མིའི་མང་གཙོའི་དུས་དྲན་ཐེངས་༥༤ པའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
དེ་རིང་ནི་བཙན་བྱོལ་བོད་མིིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན་ཉིན་མོ་ཡིན་པས། ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན།
དེ་ལས་མང་བ་། “མང་གཙོའི་དུས་དྲན་ཐེངས་༥༤ ཐོག་སྤྱི་ལྷན་གྱི་གསུང་བཤད།” »
འོས་སྦྱོར་བ། བསྟན་འཛིན་འཇམ་དཔལ།
དེ་རིང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་༥༤ འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་ལུགས་སུ་བསྒྱུར་གནང་མཛད་རྒྱུའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་དང་ཡང་དག་པའི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་
དེ་ལས་མང་བ་། “མང་གཙོའི་དུས་ཆེན་ཐེངས་༥༤ ཐོག་བཀའ་ཤག་གི་གསུང་བཤད།” »
ང་དུར་ཁྲོད།
བདག་གིས་སྤྱི་ལོ་ཉིས་སྟོང་བཅུ་ལོར་ཕྱི་བསྐྱོད་ལག་འཁྱེར་དེབ་སེར་པོ་ཐོ་འགོད་བྱས་པ་ཡིན། ཉིས་སྟོང་བཅུ་གཅིག་ལོའི་སྤྱི་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་སྦེང་ལོར་གཞིས་སྤྱི་ལས་ཁུངས་ནས་བདག་གི་དེབ་སེར་པོའི་ investigatory reportཞིབ་བཤེར་སྙན་ཞུ་ཞེས་བའི་ཡི་གེ་བསླེབས་པས་མྱུར་དུ་སྒོར་བརྒྱ་དང་ལྔ་བཅུ་གཞིས་གྲོང་གསུམ་པའི་ཇོ་མགུར་གྲགས་བརྒྱུད་ནས་ཕར་སྤེང་ལོར་ལ་བསྐུར་བ་ཡིན། དེ་ནས་ཟླ་འགའི་རྗེས་ལྡི་ལི་དོན་གཅོད་ཁང་དུ་ཁ་པར་བཏང་སྟེ་དེབ་སེར་པོ་བསླེབས་ཡོད་མེད་ཀྱི་སྐད་ཆ་དྲིས་པ་ཡིན། དོན་གཅོད་ཁང་ནས་ཁྱེད་ཀྱི་དེབ་སེར་པོའི་report བསླེབས་མི་འདུག་བྱས་ཙང་ཐབས་ཤེས་ཡོད་མ་རེད་གསུངས་བྱུང་།
དེ་ལས་མང་བ་། “དུས་ཚོད་རྫོགས་ལ་ཉེ་བའི་བདག་གི་ལག་འཁྱེར་སེར་པོོ།” »