སྟོན་མཇུག་གི་ཕ་ཡུལ།
ཚེ་རིང་།
རྨི་ལམ་འདྲ་བའི་ངའི་བྱིས་དུས་ཀྱི་རྐང་རྗེས་དེ་དག
ཁྱོད་ཀྱིས་ད་དུང་ཉར་ཡོད་དམ
ཁྱོད་ཀྱི་དཀྱེལ་ཡངས་ཀྱི་ཕྱི་ཐག་འདིས
ངའི་སེམས་ལ་ནོངས་འགྱོད་དུ་མ་ཞིག་གི་ན་ཟུག་བཞག་སོང
ང་རང ཁྱོད་ཀྱི་དྲོད་འཇམ་ཐུ་འོག་ནས་གྱེས་ཏེ
མི་ལོ་དུ་མ་འདས་ཀྱང
ངས་ཁྱོད་ཀྱིས་བསླབ་པའི་ཕ་སྐད་ད་དུང་བརྗེད་མེད
དགེ་ཆོས་བཀླགས་པ།
རེབ་ཐོག་མདའ།
—–མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསུང་རྩོམ་འགའ་བཀླགས་པའི་ཚོར་སྣང་།
རྨོངས་པའི་མུན་པ་སེལ་བའི་སྒྲོན་མེ་ཅིག །
བྱང་ཕྱོགས་བོད་ཀྱི་སྡེ་ལ་བསྒྲོན་ན་་ཡང་།།
རྒྱང་མཇལ་མིག་ཟུང་བོར་བའི་ཀླད་མེད་འགས།།
དཀར་བོ་འོད་ལ་རིན་ཐང་མེད་འདི་སྐྱོ།།
རིག་པ་འབྱུང་བའི་གྲོང་དུ་གྲགས་པ་ཡི།།
ལྷོ་རྒྱུད་རྨ་ཀླུང་རིང་མོའི་ཕ་རོལ་ནས།།
བོད་ཀྱི་ལོ་རྒྱུས་སྙིང་བསྡུས་ཀུན་གསལ་མེ་ལོང་།
ཆབ་མདོ་ངག་ཕུན།
སྔོན་གླེང་ཐུང་ངུ་།
དེ་ཡང་གངས་རི་ར་བས་སྐོར་བའི་ཞིང་ཁམས། ཞེས་ཡོངས་སུ་གྲགས་པའི་གནས་མཆོག་འདི་ཉིད་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཤེས་རིག་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་ན། སྔོན་གྱི་ལོ་རྒྱུས་སྨྲ་པ་ཚོས་”བོད་ཀྱི་ཡུལ་འདི་ནི་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་། ལུང་དང་རིགས་པས་གནོད་པ་མེད་”ཅེས་སྡོམ་ཚིག་འདི་ལས་བོད་མི་རིགས་འདི་ག་དུས་བྱུང་བ་ཞིག་ཡིན་པ་རུབ་ཙམ་ཞིག་རྟོགས་ཐུབ་ཀྱི་འདུག་སྙམ།
དེ་ལས་མང་བ་། “བོད་ཀྱི་ལོ་རྒྱུས་སྙིང་བསྡུས་ཀུན་གསལ་མེ་ལོང་།” »