ཨ་རིའི་ཝི་སི་ཀོན་སིན་ས་གནས་སྤྱི་མཐུན་ཚོགས་པ་དང་གཞོན་ནུ་ཚོགས་པ་གཉིས་ནས་སྣེ་ཁྲིད་དེ་བཀའ་སྤྱི་དང་དབུས་གཞོན་ནུ་སོགས་ཀྱི་བཀའ་དགོངས་བཞིན་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་བྱ་ཆེད་ལོ་གསར་དགའ་སྟོན་གྱི་རྣམ་པ་གང་ཡང་མེད་པའི་སྒོ་ནས་ལོ་གསར་ཚེས་གཅིག་གི་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་རི་དྭགས་ཚལ་དགོན་པའི་ནང་མི་མང་བཞི་བརྒྱ་ལྷག་འདུ་འཛོམས་ཀྱིས་རྒྱུན་སྲོལ་རོལ་དབྱངས་དང་ཚོགས་གཙོ་ཁམས་ལུང་སྤྲུལ་སྐུ་མཆོག་གིས་སྤོས་ཀྱི་དུད་པའི་མཆོད་སྤྲིན་དང་བཅས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་དྲངས་ཏེ་བཞུགས་ཁྲིར་འཁོད་མཚམས། གཞོན་ནུ་ཚོགས་པས་གོ་སྒྲིག་བྱས་པའི་ཚོགས་རྫས་ལེགས་པར་བཀྲམས་རྗེས། དགེ་བཤེས་བཟོད་པ་བཞུགས་ཁྲིར་འཁོད་ཅིང་། དགེ་འདུན་པ་དང་མི་མང་ཡོངས་ནས་བླ་མ་མཆོད་པའི་ཆོ་ག་འདོན་བཞིན་ཚོགས་མཆོད་རྒྱ་ཆེན་པོ་ཞིག་ཕུལ། ཚོགས་མཆོད་གྲུབ་རྗེས་མི་མང་ཡོངས་འདུ་འཛོམས་ཀྱིས་དགོན་པའི་མཐའ་ནས་བསང་གསོལ་གཏོང་བཞིན་ལྷ་རྒྱལ་འཐེན་ཞིང་།
དེ་ལས་མང་བ་། “ཝི་སི་ཀོན་སིན་དུ་ཆུ་འབྲུག་གསར་བཞད་ཀྱི་བོད་དོན་ལས་འགུལ།” »