ཤར་ཕྱོགས་ཁུག་རྟ།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་ནོེ་ཝེ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ ༢༢ འཁོར་བར་རྟེན་འབྲེལ་ཞུ་བ་ཆབས་གཅིག འཛམ་གླིང་ནང་སྙན་གྲགས་ལྡན་པའི་ནོ་ཝེ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་ནི་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་བྱུང་རབས་ནང་། བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་དོ་སྣང་དང་རྒྱབ་སྐྱོར་གྱི་གོམ་པ་དང་པོ་ལྟ་བུ་ཆགས་ཡོད། ༡༩༤༩ ནས་རྒྱ་ནག་དམར་ཕྱོགས་ཚོགས་པས་མི་སྤྱོད་ལས་འདས་པའི་དྲག་སྤྱོད་ཀྱིས་བོད་ཟ་རིམ་པར་ཟོས་པ་དང་། མདོ་སྟོད་སྨད་ཀྱི་བོད་ཀྱི་མཐའ་མཚམས་མི་མང་གིས་ཕྱི་ལོ ༡༩༥༩ བར་དམྱལ་བ་ཉིས་བརྩེགས་མངོན་སུམ་གྱི་སྡུག་བསྔལ་ཚད་ལས་འདས་པ་མྱངས་ཞིང་། རིམ་བསྟུད་བོད་ཡོངས་སུ་༡༩༥༩ དང་དེའི་རྗེས་༡༩༦༦ ནས་རིག་གསར་ལོ་བཅུའི་ནང་མི་གསོད་ཁྲག་སྦྱོར་གྱིས་གངས་ཅན་ལྗོངས་སུ་མིའི་བསམ་བློར་མི་འཁོར་བའི་སྡུག་རྩུབ་དྲག་སྤྱོད་ཁོ་ནས་གནམ་ས་སྦྲེལ་བར་བྱས་ཀྱང་རྒྱལ་སྤྱིའི་གསར་ལམ་ཁག་དང་མི་མང་གིས་དེ་ཙམ་ཤེས་རྟོགས་མ་བྱུང་།
དེ་ལས་མང་བ་། “ནོ་ཝེ་ཞི་བདེའི་དུས་དྲན་དང་འཛམ་གླིང་ནང་པའི་དབུ་ཁྲིད།” »