སྙན་བཟང་གཡུང་དྲུང་ཚེ་རིང་།
———-
‘‘བོད་རང་དབང་རང་བཙན་ཡིན། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་’’ཞེས་པ་འདི་ནི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་འབོད་སྒྲ་རེད། འབོད་སྒྲ་འདི་ནི་བོད་མདོ་དབུས་ཁམས་གསུམ་དུ་ལོ་ནས་ལོར་བསྟུད། ཟླ་ནས་ཟླར་བསྟུད་ནས་གྲགས་པའི་ཚིག་ཅིག་རེད། རྒྱ་གཞུང་གིས་འབོད་སྒྲ་འདི་རྩ་ཆད་དུ་གཏོང་ཆེད་བོད་མི་མང་པོ་ཞིག་དམར་གསོད་བྱས། བཙོན་དུ་བཅུག་ནའང་། འབོད་སྒྲ་འདི་བོད་ཀྱི་གནམ་སྔོན་པོ་དང་ས་དོག་མོའི་སྟེང་དུ་ཆད་མ་མྱོང་། འབོད་སྒྲ་འདི་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད། ཟླ་གཅིག་གི་གོང་དུ། འབོད་སྒྲ་འདི་མེ་དམར་པོའི་དཀྱིལ་ནས་གྲགས་ཤིང་། མེ་ལྕེའི་གསེང་ནས་གློ་བུར་དུ་འབར་འགོ་ཚུགས་པ་རེད།
ཡིག་ནོར་དང་ཨུ་ཚུགས།
ཨ་རིག་དགེ་མཐོང་།
སྤྱིར་བཏང་བོད་ཕྱི་ནང་གི་དྲ་ཚིགས་ཀུན་ཏུ་ཡིག་ནོར་གྱི་འཚང་ཁ་ཆེ་ཞིང་། གཏགས་ནོར་གྱི་གཅིན་པ་བཞུར་མཁན་མང་ལ། དེ་བས་ཀྱང་དོན་ནོར་གྱི་སྐྱག་པ་གཏོང་མཁན་ཚོ་སྡུག དྲ་ བར་ཞུགས་པའི་ཉམས་མྱོང་ཡོད་ཚེ་ཡིག་ནོར་ནི་མ་ཤེས་པར་ཁ་ལག་པའི་བར་ནས་ཤོར་འགྲོ་ ལ། མཛུབ་མོས་མཐེབ་གཞུང་སྟེང་གི་ཡི་གེའི་གཟུགས་རིས་ལ་གནོན་སྐབས་འཆོར་བ་དང་། ཡིད་གཟབ་ནན་མེད་པའི་སྒོ་ནས་ཀྱང་རང་བཞིན་གྱིས་ཤོར་འགྲོ། ཡིག་ནོར་འདི་ཆེ་ས་ནས་བཤད་ན་མི་རིགས་ཀྱི་ཚེ་སྲོག་ལ་རྨ་ཁ་བཟོས་པ་རེད། ཆུང་ས་ནས་གླེང་ན་མགོ་དཔོན་པོ་དང་བླ་སྤྲུལ། དགེ་རྒན་བཅས་ཀྱི་ལག་ན་རྒྱུན་འབྱམས་སུ་ཕྱིན་པའི་འགྲོ་སྟངས་ཤིག་ཀྱང་རེད། བར་ནས་བཤད་ན་ཡིག་ནོར་ཤོར་ན་དོན་ནོར་འབྱུང་སྲིད། དེ་ལྟར་ན་གོ་བརྡ་མི་འཕྲོད་པས་གཟབ་རྒྱུ་གལ་ཆེ།
བོད་པ་ཚོ། བསམ་བློ་ཞིབ་ཚགས་པོ་ཞིག་གཏོང་བའི་དུས་ཤིག་ལ་འཁེལ་ཡོད།
བོད། ལྷ་ཀླུ་གཉན་གསུམ།
བོད་པ་ཚོ། དེང་སང་ནངས་ཀ་འདིར་བོད་ནང་གི་མེ་ལྕེ་ལས་མཆེད་པའི་འབོད་སྒྲ་དེ་དག་ལས་གཉིད་དཀྲོགས་པའི་རྔ་ཆེན་ཞིག་བརྡུངས་ནས་ཡོང་དུས།བོད་ཡུལ་ནས་མཆེད་པའི་མེ་ལྕེ་དེ་དག་ལས་བོད་མི་གང་ན་སུ་ཡོད་པ་དག་གི་སེམས་ཁམས་བདེ་བོ་མེད་པའི་ཚད་དུ་བཏང་ནས།རང་ཉིད་བོད་མི་ཞིག་ཡིན་བསམ་པར་འདོད་མཁན་གྱི་བོད་མི་སུ་ཞིག་གི་ངོས་ནས་བཤད་ན། དེང་དུས་ཀྱི་སྐབས་འདི་ནི་བོད་མི་ཞིག་གི་རང་ཉིད་ཀྱི་བོད་མིའི་འགན་འཁྲི་འཁུར་བའི་དུས་སུ་སླེབས་པར་ཡང་དང་བསྐྱར་དུ་བསམ་གཞིགས་བྱེད་ཀྱིན་དུས་པའི་དུས་ཀྱི་ཁྲོད་ཀྱི་རང་ཉིད་ཡང་བོད་མི་ཞིག་གི་དངོས་ནས་ག་རེ་བྱེད་དགོས་མིན་གྱི་སྐོར་ནས་བསམ་བློ་བཏང་བ་ཡིན།བསམ་བློ་ཅི་ཙམ་བཏང་ན་ཡང་། རང་དབང་ཆེད་དུ་ཤི་བ་ནི་ཐབས་ཤེས་ཤིག་གཏན་ནས་མིན་པའི་ངེས་པ་ཟབ་དུ་སོང་།
དེ་ལས་མང་བ་། “བོད་པ་ཚོ། བསམ་བློ་ཞིབ་ཚགས་པོ་ཞིག་གཏོང་བའི་དུས་ཤིག་ལ་འཁེལ་ཡོད།” »