འདས་པའི་ལོ་ཤས་གོང་། ཨོ་ས་མ་ བྷིན་ལཱ་ཌིན་གྱི་ཕོ་ཉ་རེད་ཟེར་བའི་མིང་ཞིག་ ཨ་རིའི་གསང་བའི་ལས་ཁུངས་ལ་ཐོབ་ཡོད་པ་དང་། རིམ་གྱིས་མི་དེའི་མིང་ངོ་མ་རྙེད་པ་མ་ཟད། རྗེས་འདེད་བྱེད་སྐབས་ མཐའ་མ་དེར་ པ་ཀི་སི་ཐན་གྱི་ ཨི་སི་ལ་མ་བྷ་ཊ་ཞེས་པའི་གྲོང་ཁྱེར་གྱི་ཐག་ཉེ་སའི་ དམག་གྲོང་ཞིག་ཏུ་ ཨ་སྒོར་ས་ཡའི་རིན་ཐང་ཡོད་པའི་ཁང་པ་རྫིག་པོ་ཞིག་ཏུ་གནས་བཅས་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་རེད།
བརྩེ་འཕྲིན་ཡིད་ཀྱི་འབོད་སྒྲ།
བསམ་གླིང་ཚེ་རིང་ལྷ་མོ།
ཁྱེད་ཀྱི་མཚོ་ལྟར་ཟབ་པའི།།
བརྩེ་འཕྲིན་དབྱར་རྔའི་སྒྲ་ཡིས།།
ཁེར་རྐྱང་རྨ་བྱ་གཞོན་ནུའི།།
ཡིད་ཀྱི་དགའ་བ་རྒྱས་སོང།།
* * * *
ཁྱེད་ཀྱི་ལ་རྒྱའི་འཛུམ་མདངས།།
དཀར་གསལ་ཟླ་བ་འདྲ་བྱུང།།
མུན་པའི་ཐང་ལ་ལུས་པའི།།
བདག་སེམས་ལམ་སྣེ་གསལ་སོང།།
* * * *
ཁོང་ལ་ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་དེ་བོད་སྤྱི་དོན་རེད།
ཟླ་བ་ཆོས་འཛོམས།
ད་ལོའི་བཀའ་ཁྲིའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པའི་སྐུ་ཞབས་བློ་བཟང་སེང་གེ་ལ་འཚམས་འདྲི་བྱས་ཟིན་ལ།ང་ཚོ་ཚང་མས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པ་དེ་བོད་སྤྱི་བའི་དོན་རེད་ལ།ཐེངས་འདིའི་འོས་བསྡུ་ལ་ཁྱོད་ཡོངས་ནས་བལྟས་ན་ཡག་པོ་བྱུང་སོང་ཞེས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་གསུངས་སོང་།
ཟླ་༥་ཚེས་༡ཉིན་ཨ་རིའི་བྱང་ཁ་ལས་ཧྥོ་ནས་ཡའི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱལ་སྐྱོར་གནང་མཁན་ཁོང་གི་གྲོགས་པོ་ཚོགས་པ་དང་།བོད་ཀྱི་ཆེད་དུ་ལངས་མཁན་མི་བཞི་ཞེས་པ་གཉིས་ཀྱི་གོ་སྒྲིག་འོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་མགྲོན་འབོད་ཀྱིས་འོས་བསྡུའི་མཐའ་མའི་གྲུབ་འབྲས་དང་འབྲེལ་བའི་བོད་མི་བརྒྱ་སྐོར་ཞིག་འདུ་འཛོམས་གནང་སོང་།
དེ་ལས་མང་བ་། “ཁོང་ལ་ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་དེ་བོད་སྤྱི་དོན་རེད།” »
རྣམ་རྟོག་གི་འཇིག་རྟེན།
གཙུང་བུ།
རྣམ་རྟོག་མིག་ཤེལ་ནག་པོས་འདྲེན་བྱེད་དེ་བཀག་ཅིང༌། །
གྲོགས་ལ་ཞགས་གསུམ་འགྲོགས་པའི་འགྲོན་པོ་ཡི་འདུ་ཤེས། །
བཅོས་མའི་འཛུམ་དང་སྙིང་གཏམ་བཤད་ཁུལ་ལ་འབད་ཀྱང༌། །
ལྷད་མེད་བརྩེ་དུང་སྐྱེ་བའི་དུས་ཚོད་ཅིག་མི་འདུག །
རྣམ་རྟོག་རབ་རིབ་ངན་པས་མིག་དབང་དེ་བསྒྲིབས་ཅིང༌། །
ཡོད་ཚད་ངོ་བོར་ལོག་པའི་བག་ཆགས་རེ་འཇོག་བཞིན། །
མི་འདོད་བཙན་གྱིས་སྒྲིག་པའི་ཆོ་ཤུག་ལྟར་འདྲིས་ཀྱང༌། །
བཅོས་མིན་འཛུམ་དང་བདེ་སྐྱིད་རྒྱ་ཁབ་ལས་ཕྲ་བ། །
རྣམ་རྟོག་ད་དུ་ར་ཡིས་མིག་ཤེས་དེ་བསྒྲིབས་ཅིང༌། །
དྲི་བྲལ་གཡའ་དག་གྲོགས་བཟང་ཆོས་དུང་དེ་དཀར་པོར། །
ལན་བརྒྱར་བལྟས་ཀྱང་དཀར་གཙང་བཞིན་རས་ཀྱི་རང་མདོག །
འཇལ་སྐལ་དབེན་ཞིང་མགོ་བོ་མུན་ནག་ཏུ་ཚུད་ངེས། །
བྷན་ལ་ཏེན་བསད་འདུག
ད་ལྟ་རང་གི་གནས་ཚུལ་ལྟར་ན། ཨ་རིའི་དྲག་དམག་གིས་ཁ་ཆེ་ཨ་ལུ་ཁ་ཏྲ་འཇིིགས་སྐུལ་དྲག་སྤྱོད་པའི་གཏེ་དཔོན་བྷན་ལ་ཏེན་བསད་ཡིན་ཟེར། གནས་ཚུལ་དེའི་ཐད་ད་དུང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྐར་མ་ཁ་གོང་བརྗོད་དོན། འཛམ་གླིང་མི་དམངས་དང་ལྷག་དོན་ཨ་རིའི་སྤྱི་འབངས་མི་སེར་རྣམ་པ། ང་ཚོའི་མི་སེར་སྟོང་ཕྲག་ཁ་ཤས་དམར་གསོད་གཏོང་མཁན་ཨ་ལུ་ཁ་ཏྲ་འཇིིགས་སྐུལ་དྲག་སྤྱོད་པའི་གཏེ་དཔོན་ཡིན་ཟེར་མཁན་ང་ཚོའི་དགྲ་བོ་གཤེད་མ་བྷན་ལ་ཏེན་ཁོ་ང་ཚོའི་དྲག་དམག་གིས་པཱ་ཀི་སུ་ཐན་མཐའ་ཁུལ་ཞིག་ནས་ཁ་སང་སྤྱི་ཚེས་ ༡ ཉིན་བསད་ཚར་ཡིན་ལ་ཁོང་གི་རོ་ད་དུང་ང་ཚོའི་ལག་པར་ཡོད་པ་སོགས་གསར་ལམ་ཁག་ལ་ཐད་ཀར་བརྗོད་ཡོད།
༸གོང་ས་མཆོག་གིས་“སྲིད་དབང་གསོལ་བསྩལ་”གྱི་དགོངས་དོན་གླེང་བ། དང་པོ།
འཇིགས་མེད་ཚེ་རིང་།
བོད་གཞུང་བཙན་བྱོལ་དུ་མ་འོང་པའི་སྔ་རོལ་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་ལུགས་ལེགས་བཅོས་ཀྱི་དགོངས་བཞེད་གནང་ཡོད་པ་དང་། སྲིད་ལུགས་ལེགས་བཅོས་ཀྱི་ངོ་བོ་ནི་རྒྱ་དམར་གཞུང་གིས་བཤད་བཞིན་པའི་“དམངས་གཙོ་སྦུག་སྦུག་”དེ་ལྟ་བུ་མ་ཡིན་པར་འཛམ་པོའི་གླིང་སྤྱི་ཡོངས་ཀྱིས་མང་གཙོར་ངོས་འཛིན་བྱེད་ཐུབ་པའི་གཞི་རྩ་ཡོད་པ་དེ་འདྲ་རེད།
དེ་ལས་མང་བ་། “༸གོང་ས་མཆོག་གིས་“སྲིད་དབང་གསོལ་བསྩལ་”གྱི་དགོངས་དོན་གླེང་བ། དང་པོ།” »
རྔ་པ་ཀི་རྟི་དགོན་པའི་དགེ་འདུན་པའི་གྱེན་ལངས་ངོ་རྒོལ་ལ་གདུང་སེམས་མཉམ་སྐྱེད།
འདི་ག་ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་གཞོན་ནུ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གོ་སྒྲིག་འོག་མལ་ཌི་སིན་གནས་སྡོད་བོད་མི་ཚོས་ཕྱི་ཟླ་ ༤ ཚེས་ ༣༠ རེས་གཟའ་སྤེན་པའི་ཉིན་ཝི་སིན་ཀོན་སིན་མངའ་སྡེའི་གྲོས་ཚོགས་མདུན་དུ་ཉེ་ཆར་མདོ་སྨད་རྔ་པ་ཀི་རྟི་དགོན་པའི་དགེ་འདུན་པའི་གྱེན་ལངས་ངོ་རྒོལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་བྱས་ཤིང་། ཕྱི་ཟླ་ ༥ ཚེས་ ༡ ཉིན་རི་དྭགས་ཚལ་དགོན་པར་བོད་མི་སེར་སྐྱ་རྒན་གཞོན་རྣམས་འཛོམས་ཏེ་ཉེ་ཆར་རྔ་པ་ཁུལ་དུ་རང་སྲོག་གཅེས་འདོར་དང་བསད་རྨས་བྱུང་བ་རྣམས་ཀྱི་ཆེད་བསྔོ་བ་སྨོན་ལམ་དང་མ་ཎི་གསོག་འདོན་བྱས་འདུག
དེ་ལས་མང་བ་། “རྔ་པ་ཀི་རྟི་དགོན་པའི་དགེ་འདུན་པའི་གྱེན་ལངས་ངོ་རྒོལ་ལ་གདུང་སེམས་མཉམ་སྐྱེད།” »