སྐལ་བཟང་ཉི་མ། ཤེས་རབ་དགའ་ཚལ་གླིང་།
གཅིག
ཆུང་ཆུང་བྱིས་པའི་དུས་སུ། ཁྱིམ་གྱི་ཀོ་ཐུམ་ཅན་གྱི་རླུང་འཕྲིན་ཚི་སྟུག་མ་དེ་ལས། རྔ་བ་ན་ཚོང་བ་མང་གི་ཞེས་འོར་དང་ཡང་གིས་གྲགས་ཡོང་བ་དེ་ནི། ངའི་རྣ་ལམ་དུ་རྔ་བ་ཟེར་བ་ཞིག་འཁྱེར་ནས་ཡོང་མཁན་གྱི་དབྱར་ཐོག་མའི་འབྲུག་སྒྲ་ཡིན་ཞིང་། ངའི་སེམས་སུ་རྔ་བ་ཟེར་བ་ཞིག་འཇགས་སུ་འཇུག་མཁན་གྱི་སྒྲ་དབྱངས་ཆེས་ཐོག་མའང་དེ་ཡིན་མོད། དེ་ནི་ཨ་ཁུ་སྨན་བླའི་ཁ་ཤགས་ཀྱི་དགོད་བྲོ་བའི་ཚིག་གི་རོལ་རྩེད་དང་ངག་གི་འགྱུར་ཁུག་ལས་ཐོས་པ་ཡིན་པས། སྐབས་དེར་ངའི་རྣ་ལམ་དུ་རྔ་བ་ཟེར་བ་ནི་དགོད་སྤྱད་ཅིག་ལས་ཅི་ཡང་མིན་ལ། ངའི་སེམས་ནའང་རྔ་བ་ཟེར་བ་དེར་གོ་བ་ཅི་ཡང་མེད།
རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་བཙོན་འཇུག་བྱས་འདུག
རྔ་བ་ཚེ་སྐྱིད་ཀྱིས་མཚམས་སྤྱོར་བྱས།
སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། བོད་ཨ་མདོ་རྔ་བའི་ཡུལ་ནས་འཁྲུངསཤིང་། ཁོང་རྔ་བ་ཀིརྟིའི་དགོན་ཆེན་ནས་ནང་བའི་གཞུང་ཆེན་ཁག་ལ་སློབ་སྦྱོང་གཏིང་ཟབ་དང་མཐུལ་ཕྱིན་པ་མཛད་འདུག་ལ། ད་དུང་ཁོང་གིས་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ། ཕྱག་ལས་ཀྱང་གང་མང་ཞིག་མིག་མཐོང་ལག་འཛིན་གྱི་གནང་འདུག དེ་རྗེས། རྒྱ་གར་དང་བལ་ཡུལ། རྒྱ་ནག་སོགས་ཀྱིས་མཚོན་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་འགྲུལ་བཞུད་དང་འབྲེལ་ནས་ཉམས་ཞིབ་དོན་འབྲས་སྨིན་པ་མཛད། ལྷག་པར་དུ། ༡༩༩༨ ལོར་རྔ་བ་ཀིརྟི་དགོན་ཆེན་གྱིས་གཙོས་རྔ་བའི་དགོན་ཁག་བཞི་བཅུ་ལྷག་ཅིག་ལ།
དེ་ལས་མང་བ་། “རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་བཙོན་འཇུག་བྱས་འདུག” »
རང་ཉིད་མེ་ལ་སྒྲོན་མཁན་ཁྱོད།
(ཕ་ཡུལ་དུ་ཁ་པར་ཐེངས་ཤིག་བཏང་རྗེས་བྲིས།)
སྦྲ་ཪིགས་ཐོགས་མེད།
སུ་ལའང་ཡོད་ཆོག་པའི་མཛེས་སྡུག་གི་རྨི་ལམ་དེའི་ཕྱིར་དུ།
ཡང་ན། སུ་ལའང་ཡོད་དགོས་པའི་རང་དབང་གི་འབོད་སྒྲ་དེའི་ཆེད་དུ།
སྨག་ནག་པའི་ཕ་ཡུལ་གྱི་རི་སུལ་དེ་ནས།
ཁྱོད་ཀྱིས་རང་ཉིད་མར་མེ་རྐོང་བུ་ཞིག་གི་ཚུལ་དུ་བསྒྲོན།
ཁྱོད་ཀྱིེས་རང་ཉིད་ཚག་སྒྲ་རྐང་ཞིག་གི་ཟོལ་དུ་སྤར།
གསར་གཏོད་ཅན་གྱི་མི་ལ་ཚང་དགོས་པའི་ཁྱད་ཆོས་བཅུ་གཉིས།
མཁོ་སྤྲོད་པ་རྨོག་རུ་བསྟན་པ།
༡༽རང་སྟོབས་རང་སྤེལ་གྱི་བློ་སྟོབས་ཡོད་པ་དང་།ཤེས་བྱ་ཡོན་ཏན་སྦྱངས་བརྩོན་ཆེ་བ།ཧུར་ཐག་གིས་ཡར་རྒྱས་ཡོང་རེ་བྱེད་པ།
༢༽གོ་བ་གཏིང་ཟབ་ལེན་རྒྱུར་ཚོར་ཤུགས་ཆེ་བ་དང་།ཁོར་ཡུག་ལ་མྱོང་ཚོར་ཆེན་པོ་ཡོད་པ།
༣༽སྐབས་བསྟུན་བསྒྱུར་བཅོས་གཏོང་ཕོིད་པའི་རང་གཤིས་ཡོད་པ་དང་།བསམ་བློ་གཏོང་རྒྱ་ཆེ་ཞིང་།གཅིག་ཤེས་ཀུན་གྲོལ་བྱེད་མཁས་པ།
དེ་ལས་མང་བ་། “གསར་གཏོད་ཅན་གྱི་མི་ལ་ཚང་དགོས་པའི་ཁྱད་ཆོས་བཅུ་གཉིས།” »
གནམ་འོག་གི་བདེན་པ་སྲུང་བའི་དཔའ་རྒོད་ཚོ།
མདའ་མོ་ཚང་རྨོག་རུ་བསྟན་པ།༼རྒྱལ་ས་ལྡི་ལི་ནས།༽
༡ ༽བདེན་པ་བོར་བའི་མུན་ནག་ཚོ་ཇི་ལྟར་རྔམ་མཐུག་ནའང་།སང་ཉིན་གྱི་སྐྱ་རེངས་ནི་ གནམ་འོག་གི་སྒྲོན་མེ་ཚུལ་དུ་ཡོད་པས།སྟོན་པ་ཤཱཀྱ་ཐུབ་པ་དང་།སྟོན་པ་ཏཱ་ལའི་ བླ་མ།གནམ་འོག་གི་བདེན་པའི་དྲང་སྲོང་མཁན་པོ།ཁྱེད་ཅག་གི་ཕེབས་ལམ་ན་འོད་མདངས་ ཀྱི་མེ་སྟག་མཆེད་པས།རེ་བས་ཁེངས་ཤིང་།ཡིད་ཆེས་ཀྱི་མྱོས་བའི་ང་ཚོས།མུན་ནག་གི་ ངོ་གདོང་སྟུག་པོ་ཞིག་རལ་ཕྱིར།རྨོངས་མུན་གྱི་འཇིག་རྟེན་སྐྱ་བོ་ཞིག་སངས་ཕྱིར།གནམ་སྔོན་པོ་དབང་དུ་བཞག་སྟེ།ལྷ་ ཆེན་པོར་གོང་བཀུར་བྱེད།
ཆོས་དཔོན་གྱི་ཆགས་སྤྱོད་དང་ཆོས་ཚོགས་ཀྱི་བཟོད་གསོལ།
དེ་རིང་ཁན་བྷི་ར་དུས་བབ་ཀྱིས་གནས་ཚུལ་སྤེལ་དོན་ལ། ཨ་སི་ཁྲི་ལི་ཡའི་ནང་གི་བོད་བརྒྱུད་ནང་ཆོས་ཚོགས་པས་ཚོགས་མི་ཞིག་གི་ནོར་འཁྲུལ་ཤོར་བ་ལ་བཟོད་གསོལ་ཞུས་འདུག དེ་ནི་བླ་མ་ཆོས་གྲགས་ལགས་རེད། བླ་མ་ཆོས་གྲགས་ལགས་ལ་ཉེ་སྔོན་ཞིག་ནས་སྐྱོན་བརྗོད་ཀྱི་གླེང་གཞི་མགོ་ཚུགས།
དེ་ལས་མང་བ་། “ཆོས་དཔོན་གྱི་ཆགས་སྤྱོད་དང་ཆོས་ཚོགས་ཀྱི་བཟོད་གསོལ།” »