ཕྱི་ཟླ་ ༥ ཚེས་ ༣༡ ཉིན་རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ལྟེ་གནས་ International Agency for Research on Cancer (IARC) ཀྱི་གསོ་རིག་མཁས་དབང་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་དོན་ལྟར་ན།
དེ་ལས་མང་བ་། “ལག་འཁྱེར་ཁ་པར་གྱིས་ཀླད་པའི་འབྲས་ནད་(ཀན་སར་)སློང་སྲིད།” »
ཕྱི་ཟླ་ ༥ ཚེས་ ༣༡ ཉིན་རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ལྟེ་གནས་ International Agency for Research on Cancer (IARC) ཀྱི་གསོ་རིག་མཁས་དབང་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་དོན་ལྟར་ན།
དེ་ལས་མང་བ་། “ལག་འཁྱེར་ཁ་པར་གྱིས་ཀླད་པའི་འབྲས་ནད་(ཀན་སར་)སློང་སྲིད།” »
ཀླུ་སྨྱོན།
ཨ་རིའི་ནང་པ་སྐོར་ཞིག་ལ་འཆི་བའི་སྐོར་འཆད་ཁྲིད་བྱས་པའི་ཟིན་བྲིས།
སྐྱེ་འཆི་གཉིས་ནི་ཆུ་དང་ཟམ་པ་འདྲ། །འགྲོ་བ་ཐམས་ཅད་འདི་གཉིས་བརྒྱུད་དགོས་འདུག །
འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ཀྱིས་མེད་པ་ནས་ཡོད་པ། ཡོད་པ་ནས་རྙིང་པ། རྙིང་པ་ནས་མེད་པ་ཆགས་དགོས་པའི་གོ་རིམ་འདི་བརྒྱུད་དགོས་པ་ནང་བཞིན། འགྲོ་བ་མིའི་རིགས་སོགས་ས་སྟེང་གི་སྲོག་ཆགས་སུ་ཡིན་ཡང་མ་སྐྱེས་པ་ནས་སྐྱེས་པ། སྐྱེས་པ་ནས་གནས་པ། གནས་པ་ནས་རྒས་པ་དང་ན་བ། རྒས་པ་དང་ན་བ་ནས་འཆི་བའི་གོ་རིམ་འདི་མ་བརྒྱུད་པར་སྡོད་ས་ཡོད་པ་མ་རེད།
གངས་དཀར་རྒྱལ་སྲས།
དང་ཐོག་ངས་ཁྱོད་རང་མཐོང་དུས། ཁྱོད་རང་ཁྱི་ཕྲུག་མང་པོ་ཞིག་དང་ལྷན་དུ་སྡེ་བ་འདི་དང་ཐག་རིང་ས་ཞིག་ན་འདུག ངས་ཁྱོད་ལ་གཟན་ཅུང་ཙམ་རེ་སྤྲད་པ་ལ་བསྟེན་ནས་ཁྱོད་ཀྱིས་ང་ངོ་ཤེས་ཤིང། གང་ནས་མཐོང་ཡང་ངོ་ཤེས་མདོག་གིས་རྒྱུག་ཡོང་ཞིང། རྣམ་འགྱུར་སྙིང་རྗེ་བོ་སྣ་ཚོགས་བསྟན་ཡོང་བ་ལ་བསྟེན་ནས་ང་ཡང་ཁྱོད་ལ་་བརྩེ་བ་ཆགས། དེའི་རྐྱེན་གྱིས། ངའི་སེམས་ལ་ཁྱོད་རང་ཁྱི་ཕྲུག་བློ་གཏད་ཅན་ཞིག་རེད་བསམ་ཏེ་ཁྱོད་རང་གཏན་དུ་ཉར་དགོས་བསམ་ནས་བརྩེ་བ་ལྷད་མེད་ཅིག་གི་སྣེ་མོ་ཁྱོད་ལ་གཏད་པ་ཁྱོད་ཀྱིས་དྲན་སོས་སམ། དེ་ནས་བཟུང།
དོལ་སྨྱོན།
དགེ་ལེགས་ཕུན་ཚོགས་སྟོང་གིས་བསྐྲུན་པའི་གང་ཁྱོད་ཨ་མདོ་ཞོ་འཕོང་ནས། །
འདུན་པ་ཤེས་བྱའི་གནས་ལ་གཏད་དེ་མཁས་པའི་འབྱུང་གནས་ཆེན་པོ་སྟེ། །
ཆོས་ཀྱི་བསྟི་གནས་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་དགའ་བའི་ཚལ་ཆེན་དུ། །
འཕེལ་སྒྲིབ་བྲལ་བའི་ཁྱོད་ཀྱི་རྣམ་དཔྱོད་ཤེས་བྱའི་མཁའ་ལ་འཕུར་མགོ་བརྩམས། །
དེ་ཚེ་ཁྱོད་ཀྱི་རྣམ་དཔྱོད་མེ་དབལ་ཧི་མ་ལ་ཡི་རྩེ་ནས་མཆེད། །
དེ་ཚེ་ཁྱོད་ཀྱི་ལུང་རིགས་འབྲུག་སྒྲས་མ་ཕམ་གཡུ་མཚོ་གཏིང་ནས་དཀྲུགས། །
དེ་ཚེ་ཁྱོད་ཀྱི་ཐོལ་བྱུང་སྤྱོད་པས་མཁས་དགུའི་སྙིང་ལ་ཚེར་མ་བཙུགས། །
དེ་ཚེ་ཁྱོད་ཀྱི་ཚོར་འདུ་སྐྱེན་པོས་བླ་བྲང་དགོན་པར་འཕོ་འགྱུར་ཐེབས། །
རས་པ།
སུ་ཞིག་གིས་“སྟོང་པ་ཉིད་”དང་“ཆབ་སྲིད་”ཀྱི་གོ་དོན་ཐད་མཚུངས་གསལ་གྱི་འགྲེལ་བཤད་བྱེད་ཐུབ་ཀྱི་རེད། དེ་ནི་ཆབ་སྲིད་བསམ་བློའི་ཚད་གཞི་བྱེའུའི་ཀླད་པ་ཙམ་ལས་མེད་པའི་“འཁྲབ་དོ་འདྲ་ཆགས་”རེ་གཉིས་ཀྱི་བྱེད་སྟངས་ཡིན་ངེས་ཤིང་། “ལག་པ་མཆིན་བཅིངས་”ཀྱིས་འདུག་པར་དགའ་བའི་མི་རྣམས་ཀྱི་ནང་དུ་ཆབ་སྲིད་ནི་རྟོག་པ་མཐོ་བའི་མི་ཁོ་ནའི་སེམས་ཀྱི་ཚད་གཞིར་རུང་བར་རློམ་སེམས་བྱས་ཏེ་རང་ཉིད་ཀྱི་སྒལ་ཚིགས་དྲང་བོར་རྫུས་ཤིང་། རང་མགོ་མཐོན་པོ་བྱེད་པ་རེད། དོན་དངོས་བཤད་ན་ཆབ་སྲིད་ནི་རིག་གནས་ཤིག་ཡིན་ཞིང་། རིག་གནས་ནི་མི་རྣམས་ཀྱིས་ལས་དོན་སྒྲུབ་བྱེད་ཀྱི་ལག་ཆ་ཞིག་སྟེ། 《ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པར་“ཤེས་བྱའི་ཡུལ་ནི་མུན་ཁུང་གི་གསེར་དང་འདྲ་ལ་ཤེས་བྱེད་རིག་གནས་ནི་མུན་པ་བསལ་པའི་སྒྲོན་མེ་དང་ཆོས་མཚུངས་པས་ན་་།” ཞེས་གསལ་བཤད་གནང་ཡོད། འོན་ཀྱང་། གནས་ལུགས་འདི་ཚིག་མགོ་རེ་གཉིས་སྐྱོར་ནས་ཐམས་ཅད་ཁོངས་སུ་ཆུད་མདོག་སྟོན་པ་རྣམས་ཀྱིས་ཤེས་ཐབས་མེད་པ་རེད།
བཞི།
བོད། ལྷ་ཀླུ་གཉན་གསུམ།
ཕྱི་དྲོ་ཆུ་ཚོད་ལྔ་བ་ཡོལ་ནས་ང་རང་མཛའ་མོའི་མ་རྒན་གྱི་ཁང་བའི་སྒོ་འགྲམ་དུ་སླེབས་ཀྱི་ཡོད། ག་ལེར་སྐེས་འཛེགས་དུ་འབུད་ཞོར། རྒྱབ་ཁུག་ནང་གི་ལྡེ་མིག་ཕྱིར་ཐོན་ནས་སྒོ་ཕྱེ་མ་ཐག ནང་ནས་མཛའ་མོས་ཁོང་ཚོའི་སྐད་ཀྱི་སྟེང་ནས་སུ་སླེབས་སོང་ཞེས་དྲིས་ན། བུ་མོ་ཐར་མ་མཚོས་ཨ་ཕ། ཨ་ཕ་ཟེར་ནས་འབོད་ངེས་ཡིན། ངས་ཀྱང་པ་ཁོ། པ་ཁོ་ཟེར་བཞིན་རང་གིས་མིག་ཤེལ་འཕུད་ཀྱིན་རྡོ་སྐེས་སྟེང་དུ་ཡར་འཛེགས་དེ་སོང་ན། སྐེས་འཛེགས་ཀྱི་འགོ་ན། བུ་མོའི་ལག་པ་གཉིས་ཀ་ཚུར་ང་ལ་བསྲིངས་དེ་བསྡད་ཡོད།
ལྷ་སྡེ་གནམ་ལོ་ཡག་དང་འབྲོག་མྱི་སྟག་ལྷ་རྒྱལ།
སྔོན་གླེང་།
“ཕྱི་ཚེས་ ༢༧ ཉིན་གྱི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཉིན་གཉིས་པའི་སྟེང་། བཙན་བྱོལ་བོད་གཞུང་གི་ཚབ་ཏུ། ‘ བོད་མིའི་སྒྲིག་འཛུགས’ དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཚབ་ཏུ། ‘བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག’ ཅེས་གཏན་འབེབས་གནང་སོང”ཞེས<<བོད་ཀྱི་དུས་བབ་དྲ་རྒྱའི>>སྟེང་དུ་ཕྱི་ལོ ༢༠༡༡ལོའི་ཟླ ༥ཚེས ༢༨ཉིན་བཀོད་འདུག འོ་ན། ཨིན་ཇིའི་ནང་གི “Central Tibetan Administration”ཞེས་པའི་ཚིག་འདིར་འགྱུར་བ་ཡོད་དམ་མེད། ད་དུང་གསལ་ཁ་ཐོན་མི་འདུག
གསར་འགྱུར་འདི་མཐོང་མ་ཐག་བོད་ནང་གི་མི་གྲངས་ཉི་ཤུ་ལྷག་ལ་བརྡ་འཕྲིན་གྱི་ལམ་ནས་བསམ་ཚུལ་དྲིས་པ་ཡིན་ཞིང་། དེའི་ཁྲོད་ཀྱི་མི་བཅོ་ལྔས་རང་སྲོག་རང་གིས་བཅད་པ་ཞིག་ལ་ངོས་འཛིན་དང་བློ་ཕམ་ཚད་མེད་ཡོད་པའི་རྣམ་འགྱུར་བསྟན་པ་དང་མཉམ་དུ་པེ་ཅིན་སྲིད་གཞུང་གིས་བཙན་བཟུང་ནས་ད་བར་དུ། རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་གི་རང་སྐྱོང་ཟེར་བ་དེ་བོད་ཁུལ་ཡོངས་ལ་ཡོད་བཞིན་པ་རེད།
དེ་ལས་མང་བ་། ““བོད་མིའི་སྒྲིག་འཛུགས”ལས་འཕྲོས་པའི་བསམ་གཞིགས་ཐ་ཐུན།” »
འབའ་སྲས།
ཕ་ཡུལ་ཤོར་ནས་གཞན་ཡུལ་ཁྱིམ་དུ་བྱས།།
རང་བཙན་བཞག་ནས་དབུ་མའི་ལམ་ལ་ཞུགས།།
དབུ་མའི་ལམ་གྱི་སྣེ་ཐག་ཆད་ལ་ཉེ།།
ད་ནི་ང་ཚོས་ལམ་ཁ་ཅི་ཞིག་འདེམ།།
རྒྱ་ནག་དམར་པོའི་སྲིད་དབང་བོད་ལ་བཙུགས།།
བཙན་བྱོལ་བོད་གཞུང་རྡ་རམ་ས་ལར་ཆགས།།
འདི་གཉིས་བར་ན་དབུ་མའི་ལམ་ཞིག་ཡོད།།
དབུ་མའི་ལམ་དུ་རྐང་པ་ཇི་ལྟར་སྤོ།།
ལྷོ་ཕྱོགས་ཉི་ཟླ།
མཛངས་མ་དག་ནི་མཛེས་མ་མ་ཡིན་ཀྱང་།།
ཕོ་གསར་ཁ་ཤས་སེམས་ལ་རིན་ཐང་ཡོད།།
རང་དབང་ཡོད་པའི་ས་མཐའི་ཡུལ་ལུང་འདིར།།
བུད་མེད་ཐམས་ཅད་མཛངས་མར་མཆིས་ན་འདོད།།
མཛངས་མའི་རིགས་ལ་བདག་པོ་མང་བས་ན།།
མཛེས་མའི་རིན་ཐང་སྟོང་ལ་ཉེ་བའི་ཁད།།
སྤྱི་ཚོགས་མགོ་སྟོང་འདི་ཡི་གྲུ་ཟུར་ན།།
ཕོ་མོའི་རིན་ཐང་འགྲན་རྩོད་ཆེ་བར་འོང།།
རིག་འཛིན།
གཞན་ཡུལ་འགྲིམ་པའི་སྤུན་ཟླ།།
ཁ་བའི་ལྗོངས་ལ་ལོག་འགྲོ།།
གཞིས་བཞུགས་བོད་རིགས་སྤུན་ཟླས།།
གཡུལ་སའི་ཁྲོད་ལ་སྒུག་ཡོད།།
རང་ཡུལ་བྲལ་བའི་བོད་ཕྲུག།།
རང་ཡུལ་ཕྱོགས་ལ་ལོག་འགྲོ།།
མདོ་དབུས་ཁམས་གསུམ་སྤུན་ཟླས།།
ང་ཚོ་དྲན་ནས་སྒུག་ཡོད།།
ཚེ་རིང་བསམ་འགྲུབ།
ངའི་ཡོད་ཚད་ཀྱི་ཡོད་ཚད་མཇུག་ལྡོག་སོང་བ་ངས་ད་དུང་ཡང་ཧ་གོ་མི་འདུག གཅིག་བྱས་ན་ང་རང་ལྟ་བ་མཁྲེགས་པོ་ཞིག་དང་ཡང་ན་ཀླད་རྙིང་མཁྲེགས་བཟུང་པ་ཞིག་ཡིན་སྲིད།
གང་ ལྟར་བོད་གཞུང་དགའ་ལྡན་ཕོ་བྲང་མཇུག་རྫོགས་པ་ནས་བཟུང་ངས་བོད་རང་བཙན་ཡིན་སྐབས་ ཀྱི་རྒྱལ་ཁབ་ཀྱི་མིང་དང་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་གཞུང་ཐམ་དང་རྒྱལ་གླུ་ དེ་ཚོ་རེ་རེ་བཞིན་རང་ཉིད་ཀྱི་མིག་མདུན་ནས་ཡལ་འགྲོ་བ་དེ་མཐོང་དུས་ཕངས་སེམས་ དང་དངངས་སྐྲག་གཅིག་ཅར་དུ་སྐྱེས་ནས་རྒྱ་དམར་གྱི་བེད་སྤྱོད་གཏོང་བཞིན་པའི་ མིང་ཚིག་དང་བོད་ནང་གི་ལུས་སྲོག་བ ློས་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་དེ་ཚོ་རེ་རེ་བཞིན་རང་ཉིད་ མིག་མདུན་དུ་འཁོརཡོང་བ་མ་ཟད།
མེ་མདའི་ཁ་ནས་བཞག་པའི་(གྲོས་མཐུན་དོན་ཚན ༡༧ )ལ་མིང་རྟགས་བཀོད་པ་དང་(བོད་ཞི་བས་བཅིངས་འགྲོལ་)ཟེར་བ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་སྔ་སྣུར་དུ་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་ཟེར་བའི་གསར་འགོད་པས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཀྲུའུ་ཝེ་ཆོན་ལགས་སུ་བཅར་འདྲི་དོན་ཚན་དྲུག་ཞུས་འདུག དེ་རུ་འགལ་འདུ་དང་ཧམ་བཤད་ཆར་ལྟར་བབས་འདུག་པས། འདི་ག་བོད་གཞུང་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་དང་དྲ་ངོས་རྩོམ་སྒྲིག་པ་གཅིག་ལྕོགས་ལྕགས་ལོ་ཚང་བློ་བཟང་ཆོས་འབྱོར་གྱིས་སྐབས་དེའི་བསྒྱུར་དུ་མེད་པའི་བྱུང་རབས་ཐད་བཙན་བྱོལ་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ལགས་སུ་བཅར་འདྲི་ཞུས་ཡོད།
དེ་ལས་མང་བ་། “མེ་མདའི་ཁ་ཡི་དོན་ཚན་བཅུ་བདུན། སྐྱོ་ལ་རིང་པོའི་མི་ལོ་དྲུག་བཅུ།” »
གངས་རི་སྐྱབས།
ཡིད་དུ་མི་ཤོང་བ་ནི་བཙན་བྱོལ་བོད་གཞུང་གི་མཚན་བྱང་བསྒྱུར་བཅོས་གནང་བ་འདི་རེད། འདི་བསྒྱུར་བ་ཙམ་གྱིས་ང་ཚོ་གཉིད་ཐུམ་རེ་ལེན་བྱེད་ཅིག་ཏུ་འགྲོ་ན་ཐང་མོད། གཟི་འོད་རྣམ་པར་འཕྲོ་ཞིང་དཔང་མཐོ་བའི་བོད་མི་རིགས་ཀྱི་ལོ་རྒྱུས་ལ་གཏོར་བརླག་ཚབས་ཆེན་བཟོས་པ་ཞིག་ཏུ་མཐོང་། ང་ཚོའི་ཆེད་དུ་མྱི་སྲོག་བློས་གཏོང་སྒོས་དམར་གསོད་གཏོང་དུ་བཅུགས་ཟིན་པ། ད་ལྟ་གཏོང་བཞིན་པ། མ་འོངས་གཏོང་དུ་འཇུག་པར་དཔའ་མི་ཞིམ་པའི་བོད་གཞིས་ལུས་པ་དག་ལ་ངོ་གནོང་དགོས་པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཚེ་སྲོག་དོར་བར་ཕངས་སེམས་སྐྱེས་པ། ཡུན་རིང་དྲ་བའི་བརྒྱུད་ལམ་ནས་འདྲིས་གཤིབ་ཆེ་བའི་གཞིས་ལུས་ཤེས་ཡོན་པ་ཚོའི་རྩེད་མཚར་ཀུ་རེ་ལའང་ཁ་སང་དེ་རིང་ལན་མ་རྙེད་པར་བསྡད་ཡོད།
བོད། ལྷ་ཀླུ་གཉན་གསུམ།
གསུམ།
བྱ་ཤ་སྤྱི་རྒྱ་ཉི་ཤུ་ནས་སུམ་བཅུའི་བར་དུ་སྣུམ་ནང་དུ་བསྲེག་དགོས་དུས། ངས་དེ་ལ་ག་དུས་ཡིན་ཡང་གཟབ་དུ་བལྟ་བཞིན་མ་བསྲེག་ན། ང་རང་གི་ཁ་ངོ་དང་ལག་པ་སོགས་ལ་སྣུམ་ཚའི་ཐིགས་པ་རེ་ཡང་རྒྱགས་ངེས་ཡིན་སྙམ་ནས་དུས་ཚོད་གཅིག་ལྷག་གི་རིང་དེར་སེམས་ལྷོད་དུ་མེད་པར་བྱ་ཤ་དེ་དག་ཐེ་ལན་ཀྲའི་ལུགས་ལྟར་བསྲེག་མཁན་ང་རང་གཅིག་བུའི་འགན་དུ་གྱུར་ཡོད་པ་ཡིན། ཕྱོགས་གཅིག་ནས་དེ་སྔོན་ང་རང་ལས་ཀ་འདིར་སླེབས་ནས་ཡུན་རིང་མ་སོང་བའི་སྐབས་ཤིག་ལ་ང་རང་ལ་ཁ་ལག་དེ་འདྲ་ཞིག་ཡོད་པ་ཉིད་ནས་བཟོ་ཤེས་ཀྱི་ཡོད་དམ་ཞེས་ལན་དུ་ངས་ཀྱང་རང་གིས་ཤེས་པ་དེ་བཤད་པ་ལྟར་ཐེངས་གཅིག་བཟོས་པ་ནས། དེ་ནི་སྤྱི་ཐབ་དེ་ཡི་ནང་གི་ཟ་མ་གལ་ཆེན་དུ་གྱུར་ནས་ང་རང་གིས་དུས་རྒྱུན་མི་བཟོ་ཐབས་མེད་དུ་ཆགས་པ་རེད།
གཙང་བུ།
རང་དབང་ཆེད་དུ་རང་ནུས་ཡོད་ཚོད་སྤྱོད། །
རང་བཙན་ཆེད་དུ་རང་སྲོག་གཏར་མར་བཞག །
རང་སྣང་བསྟུན་ནས་རང་རྩོམ་སྣ་ཚོགས་སྤེལ། །
རང་གི་ཐོབ་ཐང་སྤྱོད་པའི་བཀྲ་རྒྱལ་ལགས། །
རང་གཞན་བརྗེ་བར་ནུས་པའི་བྱང་སེམས་མིན། །
རང་བདེ་གཅིག་པུར་འཁོར་བའི་ཀླད་མེད་མིན། །
རང་གི་དོན་དུ་གང་ཡང་བྱེད་ནུས་པའི། །
རང་ཅག་བོད་མའི་ནང་གི་ཕོ་རྒོད་ཅིག །
ཀླུ་སྨྱོན།
སྲིད་ཞིའི་མཛེས་སྡུག་དྭངས་མའི་སྲོག་གི་མཁར། །
གངས་ཅན་རི་བོའི་འདབས་སུ་བཞེངས་པའི་གྲོགས། །
དབྱངས་ཅན་དགའ་མ་མདང་གི་རྨི་ལམ་ནང་། །
མཇལ་བའི་གཏམ་དེ་སྙིང་སྡུག་ཁྱེད་ལ་སྦྲོན། །
ཟ་ཟིའི་རིག་པ་ལུ་གུ་རྒྱུད་ཀྱི་ཀློང་། །
བག་ཆགས་འོ་མའི་མཚོ་ཆེན་འཕྱུར་བའི་རླབས། །
སྲིད་པའི་ལྷ་ཆེན་གང་གི་ཁང་བཟང་རྩེར། །
གསེར་འོད་འབར་བའི་ཏོག་གི་རྗེས་སུ་བསྙེགས། །
འཇའ་འོད་མེ་ཏོག་གདན་དུ་བཏིངས་པའི་གཞིར། །
རབ་དཀར་ཟླ་བ་གཞོན་ནུའི་མལ་སྟན་སྟེང་། །
ལང་ཚོའི་མཛེས་སྡུག་ལྷོད་ཀྱིས་འཁྱིལ་བ་སྟེ། །
འདི་ཀོ་འཕགས་མ་ཁྱེད་ཀྱི་སྐུ་ལུས་སོ། །
གསར་འགྱུར་འདི་ལྟར་ན། ལེགས་ཉེས་གང་ལྟར་ཡང་། ལོ་རྒྱུས་ཀྱི་དོན་སྙིང་ངོ་མ་དེར་སླར་ཡང་ང་ཚོས་ངོས་ལེན་གསལ་བོ་ཞིག་མ་བྱས་པར་འགྲོ་གི་ཡོད་པ་འདྲ། གང་ཡིན་ཅེ་ན། གསར་འགྱུར་གྱི་ཁ བྱང་འདི་བདེན་པ་མ་རེད་ཟེར་མཁན་མང་པོ་ཡོད་སྲིད་པས་ཡིན།ད་ལོའི་བཙན་བྱོལ་བོད་མིའི་འོས་བསྡུའི་རྗེས་ནས་གསར་འགྱུར་གྱི་ཁ་བྱང་རིང་ཐུང་སྣ་ཚོགས་ཤིག་མཐོང་ལ། ང་ལ་མཚོན་ན་དེ་དག་གི་ནང་ནས་དགའ་སྡུག་དང་བདེན་རྫུན་གྱི་དབྱེ་བ་ཕྱེ་མ་ཐུབ་པར་ལྷག་པ་ནི་ཁ་བྱང་འདི་ཡིན།
—— འགར་ཚེ་རྒྱལ།
རྟེན་ཅིང་འབྲེལ་བ་ནི་ཆོས་དང་འཇིག་རྟེན་གཉིས་ཀྱི་ངོས་ཐད་ནས་ངེས་པ་དོན་གྱིས་དགོས་པ་ཞིག་རེད་མོད། འོན་ཀྱང་མི་ཞིག་ཡིན་ཕྱིན་རང་ཉིད་གཞན་སུའི་ལད་རྗེས་སུ་འབྲང་ཆོག་ཆོག་མིན་པའི་རང་ཚུགས་བརྟན་པོ་ཐུབ་པའི་རང་རྟོན་གྱི་བསམ་བློ་ཞིག་ཅིས་ཀྱང་དགོས་ངེས།
—— སྔོན་འགྲོའི་གཏམ་དུ།
ཅི་སྟེ་འུ་ཚོ་མི་རབས་གསར་པ་ནི་སྤྱི་ཚོགས་ཆུང་ཆུང་འདིའི་ཁྲོད་ཡག་སྡུག་ཅི་ཞིག་ཡོད་ན་མ་གསང་མ་སྦས་པར་ཕན་ཚན་ལ་བསམ་བློ་བརྗེ་རེས་དང་རིག་པ་སྐོར་བསྡུར་བྱེད་མཁན་གྱི་དུས་མཉམ་མི་རབས་ཤིག་ཡིན་པའི་འདུ་ཤེས་བཟུང་ནས་ཁོ་བོ་རང་སྣང་གི་བསམ་བྱ་འགའ་ལབ་གླེང་བྱེད་ཀྱི་ཡིན་མོད། འོན་ཏང་སུ་ཞིག་གི་ངོས་ཐད་ནས་ཅི་གང་ལ་མི་གཏོགས་པའི་བླུན་པོ་གནག་རྫིའི་འཆོལ་གཏམ་དང་། སུ་གང་ལ་མི་ཐེ་བའི་སྨྱོན་པའི་ལབ་བརྡོལ། ཚིག་གནད་ལ་མི་ཕོག་པའི་དགྲ་བོའི་རྒོལ་གཏམ་གང་དུ་ངོས་བཟུང་ཆོག
དེང་སྐབས་འུ་ཅག་མི་རབས་རྗེས་མའམ་ན་གཞོན་གསར་པའི་ནང་མང་པོ་ཞིག་ནས་དམིགས་ཡུལ་ཞིག་རྙེད་སོང་བ་དང༌།
༼ རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ལས་འཕྲོས་པའི་བསམ་ཚུལ།༽
ཁག་དང་པོ།
ཤར་ཕྱོགས་ཁུག་རྟ།
༧གོང་ས་ཆེན་པོར་ངོ་བསྟོད་ཙམ་གྱི་ཚོགས་ཆེན་ཐེངས་གཉིས་པ་དེ་རྒྱལ་ཁའི་ངང་མཇུག་རྫོགས་སོང་ཟེར། ཁོ་བོ་ཚོགས་ཆེན་དུ་ཞུགས་སྐལ་ཐོབ་པ་དང་། ཚོགས་འདུའི་གྲོས་གཞི་ལ་རྒྱུས་མངའ་མི་ཉུང་ཙམ་བྱུང་བས་ཚོགས་ཆེན་ཐེངས་གཉིས་པའི་སྔ་ཕྱིའི་གནས་ཚུལ་ལ་རྒྱུས་ཡོད་ཆེ་ཤོས་ཀྱི་གྲས་ཡིན། ཚོགས་ཆེན་འདི་དང་འབྲེལ་བའི་གསུང་འཕྲིན་རིན་པོ་ཆེ་ཐོག་མར་ཕེབས་དུས་ནས་ང་རང་ལ་མཚོན་ན། བསྐྱར་བཅོས་ཀྱི་དུས་ཡུན་ནི་དུས་ཚོད་ངེས་ཅན་དགོས་པར་སེམས་མཁན་གྱི་གྲས་ཡིན་ལ། ༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེར་གསལ་བའི་མི་མང་གི་གནས་ཚད་སྨིན་པར་ངོས་འཛིན་གནང་བར་གོ་བ་མ་ལོན་པ་ནི་ད་དུང་ཡང་ནག་ཁུངས་རང་ཡིན།
ལྷོ་ཕྱོགས་ཉི་ཟླ།
སྐད་དང་ཡི་གེ་སྲུང་སྐྱོབ་ང་ཚོ་དགོས།།
བོད་སྐད་གཙང་མ་བཤད་དགོས་རང་ཉིད་འགན།།
རང་གི་སྐད་ཡིག་རང་གིས་ཆེ་འཇོག་དགོས།།
འདི་དག་ཐུགས་ལ་འཛིན་དགོས་བོད་པ་ཚང་།།
བོད་མི་རང་གི་ཆ་ལུགས་གོམ་གཤིས་སོགས།།
གཞན་དུ་མ་བསྒྱུར་མགོ་ནག་བོད་པ་ཚོ།།
ང་དང་ཁྱེད་ཀྱི་བར་གྱི་འགྲན་སེམས་མིན།།
འདི་དག་ཐུགས་ལ་འཛིན་དགོས་བོད་པ་ཚང་།།