༼༥༽
རྩེད་ཐང་གཡུལ་འགྱེད་ཐེངས་དང་པོ།
རྩེད་ཐང་ནི། བོད་ཀྱི་རྒྱལ་ས་གྲོང་ཁྱེར་ལྷ་ས་དང་ཁད་ཉེ་བ་སྣེ་གདོང་རྫོང་གི་དབུས་ཁུལ་ཡར་ཀླུང་གཙང་པོའི་ལྷོ་ངོས་ན་ཡོད་ཅིང་། ལྷོ་ཁ་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཞིག་ཀྱང་ཡིན་པས། དགྲ་བོ་རྒྱ་དམར་གྱིས་སྔ་ས་ནས་ལྷོ་ཁུལ་རྫོང་ཁག་ཡོངས་ཀྱི་ནང་ནས་གལ་ཆེའི་ས་གནས་ཤིག་ཏུ་ངོས་འཛིན་བྱས་ནས་རྩེ་ཐང་གྲོང་ཁྱེར་ནང་རྡོ་རྗེའི་ཁང་པ་ཟེར་བ་སོགས་ཁང་ཁྱིམ་འགའ་ཞིག་གི་ནང་དུ་རྒྱ་དམར་གྱི་དམག་དོན་ལས་ཁུངས་བཙུགས་ཡོད་པ་རེད།