སྙན་བཟང་གཡུང་དྲུང་ཚེ་རིང་།
ཏིན་ཏིན་(ཀྲིན་ཀྲིན)བོད་པ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་ནི་ཡུ་རོབ་རྒྱལ་ཁབ་བྷེལ་རྗམ་གྱི་ཧར་རྗེ་ཟེར་བ་ཞིག་གིས་བྲིས་ཤིང་། ༡༩༥༨ལོར་བྷེལ་རྗམ་དུ་དཔར་སྐྲུན་བྱས་པ་ཞིག་རེད། བརྙན་དེབ་འདི་དཔར་སྐྲུན་བྱས་ནས་ད་ལྟའི་བར་དེབ་གྲངས་ས་ཡ་མང་པོ་བཀྲམས་ཤིང་། དེབ་འདིའི་འགྱུར་ཡང་སྐད་ཡིག་སྣ་ཚོགས་ཀྱི་ནང་དུ་ཡོད་ཅིང་། ཡིན་ན་ཡང་། སྐུ་ཞབས་ཧར་རྗེ་ལགས་ཀྱིས་ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་གཅིག་པུ་བྲིས་ཏེ་སྙན་གྲགས་རྒྱས་པ་ཞིག་མིན་འདུག ཏིན་ཏིན་ཞེས་པའི་བྱིས་པ་ཆུང་ཆུང་ཞིག་དང་ཁྱི་དཀར་པོ་གཉིས་གཙོར་བཞེངས་ཀྱིས་ཏིན་ཏིན་ཟླ་བའི་ཐོག་ཏུ་ཕྱིན་པ། ཏིན་ཏིན་ཨ་མི་རི་ཀར་ཕྱིན་པ་སོགས་སྣ་ཚོགས་སུ་ཡོད་ཀྱང་། དེབ་འདིའི་རྩོམ་པ་པོ་སྐུ་ཞབས་ཧར་རྗེ་ལགས་ཀྱིས་ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་ནི་བརྙན་དེབ་གཞན་པ་ཁག་ལས་དམིགས་བསལ་བ་ཞིག་དང་། ང་རང་དགའ་སྣང་ཆེ་ཤོས་ཀྱི་བརྙན་དེབ་གཅིག་པུ་དེ་ཡིན་ཞེས་གསུངས། ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་བོད་ཅེས་པའི་ཐ་སྙད་འདི་ཡང་གསར་དུ་ཤེས་པར་གྱུར། ནུབ་ཕྱོགས་པ་ཚོས་བོད་ཟེར་ནའང་འདྲ། ཧི་མ་ལ་ཡའི་རི་རྒྱུད་དུ་མི་རྒོད་ཟེར་བའི་སེམས་ཅན་འཇིགས་སྣང་ཙན་ཞིག་ཡོད་པ་ལ་མཚར་སྣང་སྐྱེས་པའི་ལོ་རྒྱུས་བྱུང་ཡོད་པ་འདྲ། ཕྱིས་སུ་ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་རྒྱ་ནག་གི་སྐད་དུ་བསྒྱུར་པ་དང་། སྐབས་དེར་དེབ་མིང་བཟོ་བཅོས་ཀྱིས་ཏིན་ཏིན་ཀྲུང་གོའི་བོད་དུ་ཕྱིན་པ་ཞེས་པའི་དེབ་མིང་གསར་པ་ཞིག་ཀྱང་བཏགས་འདུག
དེ་ལས་མང་བ་། “ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་གླེང་བ།” »