རྔ་བ་རྒྱལ་ཁམས་པ
———-
སྤྱི་ལོ༣༥༤་༤༣༠
སེ་གྲི་ཨོ་སྒ་སི་གྲེན་མཆོག་ནི། གནའ་བོའི་རོམ་རྒྱལ་ཁམས་ཀྱི་མངའ་ཐང་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་ཤིག་ཏུ་བྱོན་པའི་མཚན་ཉིད་པ་ཞིག་ཡིན་ལ། ཁོང་གི་ལྟ་སྤྱོད་ལས་རོམ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་རིག་གཞུང་སྣ་ཚོགས་ཤིག་སྐྱེ་འཕེལ་གྱི་སྣེ་འདྲེན་བྱས་ཡོད། དམ་པ་དེ་ཉིད་ཀྱི་ཡབ་ནི་ལྷ་སྐུ་བསྟེན་གསོལ་བྱེད་མཁན་ཞིག་དང་། ཡུམ་ནི་ཡུ་ཤིའི་ཆོས་ལ་དད་པ་བྱེད་མཁན་ཞིག་རེད། ཁོང་རང་ལོ་བཅུ་བདུན་སྐབས་སློབ་སྦྱོང་ལ་ཞུགས་ཤིང་། སློབ་གྲར་བཞུགས་རྒྱུན་རིང་ཡུ་ཤིའི་ཆོས་པ་དང་། ཏ་ཟིག་གི་ལུང་བསྟན་པ་མ་ནེ་སིའི་ཆོས་བརྒྱུད། སྐུ་འདྲ་བསྟེན་གསོལ་བྱེད་མཁན་བཅས་ཀྱི་ཆོས་སྤྱོད་ཐད། དགག་སྒྲུབ་ཚ་ནན་བཏང་སྟེ་ངོས་ལེན་བྱས་མེད་ཁར། བག་མེད་སྨྱོན་པ་ལྟ་བུའི་ཆགས་སྤྱོད་ལ་ཞུགས་པའི་ལོ་རྒྱུས། རང་རྣམ་༼མཐོལ་བཤགས༽ཞེས་པའི་ནང་གསལ་བོར་བཀོད་འདུག
བོད་ཀྱི་ཆོས་རིག་གི་ཕྱག་དཔེ་གང་མང་ཞིག་གི་ཞལ་བཤུས་ལས་ཁུངས་འདི་དང་འབྲེལ་བ་གནང་ན་ཕྱག་སོན་ཡོང་ཐུབ་ཀི་འདུག
ལས་ཁུངས་འདི་ཉིག་ཡོར་གྲོང་ཁྱེར་དུ་ཡོད་ཅིང་། ལ་རྩེ་དཔེ་མཛོད་ཁང་གི་ཐག་ཉེ་ཐག་ཉེ་ཞིག་ཏུ་ཡོད། རུའུ་སྦིན་འགྲེམ་སྟོན་ཁང་གིས་ཀྱང་ཁྱེད་ལ་ལམ་རྒྱུས་གནང་ཐུབ་བསམས། http://www.tbrc.org/kb/tbrc-dl.xq;jsessionid=C30FB640CA6DA6250F5E4D077D6585E3
ལས་འབྲས་ཀྱི་སྐོར་ནས་རང་གི་རྨོངས་འཆར་འགའ་ཡི་གེར་བསྡེབས་པ།
རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
དེང་རབས་ཤེས་ཡོན་ཟེར་བ་འདི་སྦྱང་གིན་སྦྱང་གིན་ངེད་ལ་ཚོར་སྣང་འདི་འདྲ་ཞིག་སླེབས་ཡོང་གི་འདུག
དཔལ་འབྱོར་གྱི་འཁྲུག་ཆ་དོད་ཅིང་ཆབ་སྲིད་ཀྱི་རྣོ་ངར་ཆེ་བའི་དེ་རིང་སང་ཉིན་གྱི་སྤྱི་ཚོགས་འདིར། དཔལ་འབྱོར་ཉོ་ཚོང་དང་ཁེ་ལས་ཀྱི་འཁོར་རྒྱུག་ཆེ་དྲགས་པ་རེད་ལབ་ནའང་འདྲ། ཆབ་སྲིད་དབང་འཛིན་གྱི་ལམ་ལུགས་སྤུས་དག་ཞིག་མེད་པ་རེད་ལབ་ནའང་འདྲ། ཡང་ན་། འགྲོ་བ་མི་རྣམས་ཀྱིས་སོ་སོའི་འཚོ་སྡོད་ཀྱི་མངོན་འདོད་སྒྲུབ་སྟངས་དང་འཚོ་སྡོད་ལ་བློ་ཁ་ཕྱོགས་སྟངས་ནོར་བ་རེད་ལབ་ནའང་འདྲ། གང་ལྟར་། སྤྱི་ཚོགས་ཞི་བདེ་མེད་པ་དང་མི་ཚེ་ལྷིང་འཇགས་མེད་པ། བཟང་སྤྱོད་ཀྱི་རིན་ཐང་དམའ་བ། ད་དུང་། དྲང་བདེན་དང་ལྷག་བསམ། གཞན་ཕན་ཟེར་བ་སོགས་ཀྱང་བྱ་བའི་གལ་དང་གནད་ལ་ཐུག་ཡོང་དུས་། དེ་དག་གི་ནུས་བ་ནི་ཆུང་ནས་ཆུང་དུ་དང་། དམའ་ནས་དམའ་རུ། ཉམ་ཆུང་བ་ནས་ནུས་བ་མེད་པ་ཆགས་ཀྱི་འདུག དེས་ག་ལ་ཚད། དཔལ་འབྱོར་གྱི་རླབས་རྒྱུན་དྲག་པོ་འདིས། མི་སྒེར་བ་ཕན་ཚུན་གྱི་ཡིད་ཆེས་བརླགས། ནང་མི་ཕན་ཚུན་གྱི་མཛའ་བརྩེ་བཤིག
རྒྱལ་ཁབ་ཉམ་ཆུང་རྣམས་ཀྱི་གཉའ་ནས་མནན། ཡུལ་མི་དབུལ་བོ་རྣམས་གཡོག་ལ་བསྒྱུར། འདི་ལྟར་བསམ་ཡོང་དུས།
དེ་ལས་མང་བ་། “ལས་འབྲས་ཀྱི་སྐོར་ནས་རང་གི་རྨོངས་འཆར་འགའ་ཡི་གེར་བསྡེབས་པ།” »
བོད་པ་ཚང་མར་འགན་དེ་ཡོད།
་་་་་་༢༠༡༡ལོའི་བཀའ་བློན་ཁྲི་པ་ག་འདྲ་ཞིག་གདམ་པའི་འགན་དེའི་ཆ་ཤས་བོད་པ་ཚང་མར་ཡོད།
འབྲོག་རུ་ཆོས་གྲགས་ཀྱིས།
༢༠༡༡ ལོའི་བཀའ་ཁྲི་དེ་མི་ག་འདྲ་ཞིག་གདམ་མིན་གྱི་འགན་དེའི་ཆ་ཤས་བོད་པ་ཚར་མར་ཡོད་སྟབས། ཚང་མས་འདི་ལ་འགན་འཁུར་དགོས་པ་མ་ཟད། འཚོལ་ཞིབ་དང་དཔྱད་བསྡུར་ཡང་གང་མང་མང་བྱ་དགོས་པར་འདོད།
ང་རང་བོད་པ་ཞིག་ཡིན་པའི་ཆ་ནས ༢༠༡༡ ལོའི་བཀའ་བློན་ཁྲི་པ་ག་འདྲ་ཞིག་གདམ་མིན་གྱི་སྐོར་ནས་སྐད་ཆ་ཞིག་མི་བཤད་རང་བཤད་དང༌། བསམ་བློ་ཞིག་མི་གཏོང་རང་གཏོང་ཆགས་སོང༌། ངས་དེའི་སྐོར་ལ་བསམ་བློ་བཏང་བཏང་བའི་མཐའ་མར་དྲི་བ་ཞིག་གིས་ང་ལ་ཡང་བསྐོར་བསྐྱར་བསྐོར་རྒྱག་གི་འདུག ༢༠༡༡ ལོའི་བཀའ་བློན་ཁྲི་པ་སུ་ཞིག་ཡིན་ཡང་དེས་བོད་ཕྱི་ནང་གཉིས་ཐབས་བརྒྱ་ཇུས་སྟོང་གིས་ལྷན་འཛོམས་ཀྱི་ཉིན་མོ་ཞིག་བསྐྲུན་མི་ཐུབ་ཀྱང༌། ཕྱི་ལོགས་ན་ཡོད་པའི་བོད་ཀྱི་སྤྱི་ཚོགས་འདི་བོད་སྐད་ཡིག་གི་ཕ་ཡུལ་ལྟ་བུ་ཞིག་ཏུ་བསྒྱུར་རྒྱུ་དང་བཙན་བྱོལ་གྱི་གནས་བབ་སྲ་བརྟན། དུས་དང་བསྟུན་ནས་ཡར་རྒྱས་དང་གསར་བཏོད་ཀྱི་ལས་ལ་འབད་བརྩོན་བྱ་ཐུབ་མཁན་ཞིག་ངེས་པར་དུ་ཡིན་དགོས་ཞེས་པའི་དྲི་བ་འདི་རེད། ད་དུང་དྲི་བ་འདིས་ང་ལ་བོད་མིའི་སྐྱིད་སྡུག་གི་གཏམ་རྒྱུད་བཤད་བྱུང༌། གཞིས་བྱེས་ལྷན་འཛོམས་ཀྱི་རེ་སྨོན་སོགས་མང་བོ་མང་བོ་ཞིག་བཤད་བྱུང༌།
ཟླ་ངོགས་ཀྱི་འཇིག་རྟེན།
ཟླ་བ་གཞོན་ནུ།
བརྩེ་བ་འོད་ཀྱིས་འཕྲོ་བའི་ཟླ་ངོགས་ཀྱི་ལྡུམ་རྭ།།
སེམས་པ་ཕྱག་གིས་འགྱོགས་པའི་ན་གཞོན་གྱི་བརྩེ་འདང༌།།
བྱད་བཞིན་འཛུམ་དུ་འཁྱིལ་བའི་ཕྱུགས་ཆུང་གི་འཇོ་སྒེག།
འདོད་ལྡན་མིག་དབང་འཕྲོག་པའི་གཞི་མ་རུ་བསྟབས་འདུག།
མུ་ཏིག་ཚོམ་བུར་འཐོར་བའི་ཨ་སྔོན་གྱི་དབྱིངས་རིམ།།
བརྩེ་བ་སྤྱན་ནས་འཛུམ་པའི་དགའ་མ་ཡི་ལང་ཚོ།།
ཆེ་ཆེར་བཞད་ཅིང་འཚེར་བའི་སྐར་ཆེན་གྱི་མིག་ཞགས།།
དུང་བ་སྙིང་ལ་འཇོ་བའི་སེམས་སོང་གི་རེ་སྨོན།།