རྔ་བ་རྒྱལ་ཁམས་པ།
————
སྤྱི་ལོ་སྔོན། ༤༦༩-༣༩༩
ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མེས་པོར་གྲགས་པ། སྐུ་ཞབས་ས་ཁུར་ཁྲེ་སི་མཆོག་ནི། སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་དྲུག་ཅུ་རེ་གྲངས་ནང་། དགུ་རིག་གི་གྲོང་ཁྱེར་ཨ་ཐེན་སིར་ཕེབས་པ་ཞིག་ཡིན། ཁོང་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་སྨྲ་མཁན་ཐོག་མ་དེ་མིན་ནའང་། རང་གི་བཟང་ངན་དབྱེ་འབྱེད་ཀྱི་བསམ་བློའི་ལྟ་བ་དང་། འདོད་ཆུང་ཆོག་ཤེས། དྲང་བདེན་བག་ཡོད་སོགས་དམིགས་བསལ་སྐུ་ཡོན་གྱི་ཁྱད་པར་ལས། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མཁས་པ་རིམ་ཕེབས་ཀྱི་དབུས་ན། ༼ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མེས་པོ༽དང་། ༼ཨ་ཐེན་སིའི་མཁས་པའི་ཁྱུ་མཆོག༽ཅེས་ཐུན་མོང་མ་ཡིན་པའི་སྙན་གྲགས་ཀྱི་ས་ཁོངས་ཤིག་ཁེར་འཛིན་བྱས་འདུག ཁོང་རྒྱུན་པར་ཞབས་རྗེན་དུ་ཕེབས་པ་ལས་ཞབས་ཕྱགས་ཡེ་མི་བནབས་ཤིང་། ཟས་གོས་ཀྱང་ངན་ངོན་ཙམ་ལས་རྒྱས་སྤྲོས་ཆེན་པོ་དེ་འདྲར་ཐུགས་མི་དགྱེས། ནམ་རྒྱུན་ཉི་འོག་ཏུ་བཞུགས་ནས་དོན་གནད་མཐའ་དག་གཞན་དང་མཉམ་པོར་བཀའ་གྲོས་བགྲོ་གླེང་འདྲ་མཛད།
ཕྱི་རྒྱལ་དུ་ཡོད་པའི་བོད་མིས་བོད་ནང་དཔལ་འབྱོར་རོགས་སྐྱོར་གོ་སྐབས་དང་འོས་འགན།
kalsanglodeo
གཞིས་ལུས་བོད་མི་མང་ཆེ་བ་དང་བྱེ་བྲག་ཏུ་གྲོང་གསེབ་ཁག་ཏུ་ཡོད་པའི་བོད་མི་ཚོ་ལ་དཔལ་འབྱོར་ཐོག་འཕྲད་པའི་དཀའ་ངལ་དེ་སེལ་བར།
ཕྱི་རྒྱལ་དུ་ཡོད་པའི་བོད་མྀའི་སྤྱི་ཚོགས་ནང་གི་སྒེར་མིའམ་ཚོགས་པ་ཁག་ལ་དམིགས་བསལ་གྱི་གོ་སྐབས་དང་འོས་འགན་འདྲ་མིན་ག་རེ་ཡོད་པ་རེད།
སྤྱིར་བཏང་ཕྱོགས་གཉིས་ཀྱི་སྟེང་ནས་གོ་སྐབས་དང་འོས་འགན་ཡོད་སྙམ། སློབ་གསོ་སྟེ་སྤྱི་ཚོགས་ཀྱི་འགྲོས་དང་བཏུན་ནས་ཡར་རྒྱས་ཀྱི་ལམ་ལ་ཞུགས་དགོས་ན་སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་མེད་དུ་མི་རུང་པ་ཞིག་རེད། ཕྱིའི་ལོ་ ༡༩༥༩ ལོར་ང་ཚཽས་གངས་ཅན་བོད་ཀྱི་རང་དབང་ཡོངས་སུ་ཤོར་ནས་ཕྱི་ལོ་ ༡༩༧༨ བར་གཞིས་ལུས་བོད་མི་མང་གིས་རྒྱ་དམར་གཞུང་གིས་སྡུག་རྩུབ་འོག་ཆེས་སྐྱོ་བའི་འཚོ་བར་རོལ། སྐབས་དེའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱ་རྒྱུ་ཕར་བཞག་བོད་སྐད་ཙམ་ཡང་བཤད་མི་ཆོག་པའི་ཡ་ང་བའི་གནས་ཚུལ་མང་པོ་བྱུང་ཡོད། ཕྱི་ལོ་ ༡༩༨༠ ལོ་ནས་རྒྱ་ནག་གི་སྲིད་བྱུས་གུ་ཡངས་ཅུང་ཙམ་སོང་བ་དང་ཆབས་ཅིག་པཎ་ཆེན་རིན་པོ་ཆེ་མཆོག་གཙོ་བོས་གཞིས་ལུས་ཁྲོད་ཀྱི་མཁས་པ་དག་གིས་དབུ་ཁྲིད་དེ་བོད་ཀྱི་མཐུན་མོང་མིན་པའི་ཆོས་དང་རིག་གཞུང་སོགས་ལ་མཛད་རྗེས་མི་དམན་པ་བཞག་མོད། འོན་ཀྱང་རྒྱ་དམར་གྱི་སྟངས་འཛིན་འོག བོད་རིགས་གཞོན་སྐྱེས་མང་པོ་གསོ་སྐྱོང་བྱས་པ་དག་ལ་སློབ་གསོ་ཕྱོགས་ཀྱི་ལས་ཀ་ཙམ་ལས་དམག་སྲིད་དང་དཔལ་འབྱོར་ལས་རིགས་ཀྱི་ཁོངས་སུ་ཞུགས་ཐུབ་མེད། བོད་རིགས་གཞོན་སྐྱེས་ཁག་ལ་དེང་དུས་དང་མཐུན་པའི་ཆབ་དཔལ་དམག་དོན་བཅས་ཀྱི་གོ་སྐབས་རྒྱ་གཞུང་ནས་ནམ་ཡིན་ཡང་བཀག་ཡོད། ཕྱི་ལོ་༡༩༨༩ ལོ་པཎ་ཆེན་རིན་པོ་ཆེར་སྐུ་བཤེགས་པ་ནས་བཟུང་རྒྱ་གཞུང་གིས་ཅུང་གུ་ཡངས་པའི་མི་རིགས་སྲིད་བྱུས་དེའང་རིམ་གྱིས་མེད་པར་བཟོས། དེང་སང་སློབ་གྲྭ་ཁག་གི་བོད་ཡིག་སྡེ་ཚན་དག་མིང་ཙམ་ལས་ལྷག་མེད། དུས་རབས་ཉི་ཤུ་བའི་དུས་མགོར་སྐྱེས་པའི་མཁས་དབང་ཁག་རྫོགས་ཉེ་ལ། དུས་རབས་ཉི་ཤུ་བའི་དུས་མཇུག་ཏུ་སྐྱེས་པའི་རྗེས་རབས་པ་དག ཡུན་གྱིས་ར་མིན་ལུག་མིན་གྱི་དཔེར་ལྟར་རང་གི་རིག་གཞུང་ཡང་མ་ཤེས་མི་རིགས་གཞན་གྱི་རིགས་གཞུང་ཡང་མི་ཤེས་པའི་དུས་ཞིག་སླེབས་པར་སྔོན་འགོགསགྲ་བསྒྲིགས་བྱ་བར་རང་དབང་ལུང་པར་བཞུགས་པའི་རང་རིགས་བོད་མི་ཡོངས་ལ་འགན་དང་གོ་སྐབས་གང་མང་ཡོད།
དེ་ལས་མང་བ་། “ཕྱི་རྒྱལ་དུ་ཡོད་པའི་བོད་མིས་བོད་ནང་དཔལ་འབྱོར་རོགས་སྐྱོར་གོ་སྐབས་དང་འོས་འགན།” »