སྤོབས་པ་མཐའ་ཡས།
དེ་རིང་རང་རེའིཁ་བརྡ་གླེང་སྟེགས་ཀྱི་རྩོམ་སྒྲིག་པས་བོད་མིའི་དད་མོས་མངོན་འདོད་དང་འགལ་བའི་གཏམ་བཤད་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་ཀྱི་རིགས་ལྟ་བུ་སྤེལ་ན་ཀློག་མཁན་མང་པོའི་སེམས་ཁམས་ལ་ཕོག་ཐུག་འགྲོ་བས་བསུབ་གང་ཐུབ་བྱ་རྒྱུ་ཡིན་ཚུལ་དང་ད་དུང་གཏམ་བཤད་གང་དང་གང་རིགས་བསུབ་དགོས་ཚུལ་ཤོད་དགོས་ཞེས་སྤེལ་འདུག རང་གི་སྤྱི་ཚོགས་འདིའི་ཕན་བདེའི་བཙས་སུ་འགྱུར་བ་གང་ཞིག་མཆིས་ཀྱང་དེ་དང་དེ་ནིརྗེས་སུ་ཡི་རང་གི་གནས་སུ་གྱུར་པ་ལགས་སྟབས་དེ་དེ་བཞིན་ནོ་ཞེས་ཞུ་བ་ལགས།
ང་ལྟ་བུར་མཚོན་ན་དྲྭ་སྟེགས་འདིར་བཀླགས་ན་ཆེས་མི་སྐྱིད་པ་ཞིག་ནི་མི་ལ་ལས་རང་ཉིད་ཀྱིས་དང་བ་སྟོན་མི་འདོད་པ་ཞིག་བྱུང་མ་ཐག་ཏུ་མངོན་ལྐོག་བརྒྱུད་གསུམ་ནས་ཤུགས་ལྡན་ཚོགས་མི་དང་རྒྱ་དམར་གྱི་གསང་ལས་པ་སོགས་ཀྱི་བསྙོན་འཛུགས་ཀྱིས་རབ་ན་བོད་མིའི་གྲལ་ནས་ཕུད་ཐབས་དང་དེ་མ་བྱུང་ན་ཡང་ཁ་བརྡ་གླེང་སྟེགས་ཀྱི་ནང་ནས་ཕུད་ཐབས་བྱེད་བཞིན་པ་དེ་རེད། བསམ་བློ་ལེགས་པོ་ཞིག་བཏང་ན་ཤུགས་ལྡན་ཚོགས་མི་དང་རྒྱ་དམར་གྱི་གསང་ལས་པ་ཡིན་པའི་དཔང་རྟགས་ཁུང་འཁྱོལ་ཞིག་མེད་ན་དེ་ལྟར་གླེང་རྒྱུ་ནི་ལས་སླ་པོ་ཞིག་མིན། གལ་ཏེ་རྩེད་མོ་བྱེད་བཞིན་ཡོད་ཟེར་ཡང་རྩེད་མོ་ལ་ཡང་མཚམས་དང་ཚད་ཅིག་ལོས་ཡོད། རྒྱ་དམར་གྱི་གསང་ལས་པ་དང་ཤུགས་ལྡན་ཚོགས་པ་གཉིས་ནི་རང་རེའི་སེམས་ནང་ན་ཆེས་མི་སྡུག་པའི་དངོས་པོ་གཉིས་ཡིན་སྟབས་ཁྱེད་ལ་མི་ཞིག་གིས་་དེ་ལྟར་བསྙོན་འཛུགས་བྱེད་ན་དེ་ཁྱེད་རང་གི་སེམས་ལ་གནོད་དམ་མི་གནོད།
སྐུ་སྒེར་ཡིག་ཚང་གི་གསལ་བཤད།
སྤྱི་ཟླ་བརྒྱད་པའི་ཚེས་༢༩ཉིན་སྐུ་སྒེར་ཡིག་ཚང་གིས་གསར་འགོད་གསལ་བཤད་ཤིག་སྤེལ་འདུག འདིའི་ནང་། གོང་ས་མཆོག་མོམ་སྦི་ཡི་སྨན་ཁང་ཞིག་ལ་བརྟག་དཔྱད་གནང་བར་ཕེབས། སྨན་པས་བརྗོད་དོན་ལ། སྐུ་ཐང་ཆད་པ་ལས་དེ་མིན་གྱི་ནད་ཅི་ཡང་མིན་འདུག་ཅེས་གསལ་བཤད་བྱས་འདུག ༧གོང་ས་༧མཆོག་སང་ཉིན་ཚེས་༣༠ཉིན་བོད་མི་ཀུན་དང་མཉམ་དུ་ཆུ་ཚོད་༡༢རིང་སྙུང་གནས་ལ་ཞུགས་ནས་བོད་མིའི་ཆེད་སྨོན་ལམ་དང་བསྔོ་བ་གནང་རྒྱུ་རེད་འདུག གསལ་བཤད་ཞིབ་ཕྲ་དབྱིན་ཡིག་ནང་འཁོད་པ་འདི་གཤམ་ལ་བཀོད་ཡོད།