བོད་ནང་གི་དྲ་གནས་ཞིག་ཐོག་བཀོད་པ་ལྟར་ན། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་རྨ་ལྷོ་སོག་རྫོང་གི་སློབ་མ་རྣམས་དང་རེབ་ཀོང་གི་སློབ་མ་སྐོར་ཅིག་བར་རྒྱབ་འདྲེ་ཤོར་འདུག དེ་ཡང་རྨ་ལྷོའི་སློབ་མ་ཚོས་ཇིང་ཀིར་རྒྱལ་པོའི་བརྒྱུད་པ་ཡིན་པའི་དཔའ་བཤད་དང་། རེབ་ཀོང་གི་སློབ་མ་ཚོས་སྲོང་བཙན་སྒམ་པོའི་བརྒྱུད་པ་ཡིན་པའི་དཔའ་གཏམ་བརྗོད་དེ་ཐུག་པ་ཞིག་ཡིན་འདུག མི་སྐོར་ཅིག་མགོ་བཅག་སྟེ་ཁྲག་དམར་འཛར་འཛར་བཞུར་གྱི་ཡོད་འདུག
བོད་ཀྱི་དུས་བབ་དྲ་རྒྱ་ལེགས་གྲུབ་བྱུང་བ།
སྤོབས་པ་མཐའ་ཡས། བོད་ཀྱི་དུས་བབ་དྲྭ་རྒྱ་གསར་པ་ལེགས་གྲུབ་བྱུང་བས་སྤྲོ་བ་བརྟས། དེ་ཡང་འདས་པའི་ཟླ་ཤས་རིང་དུས་བབ་དྲྭ་རྒྱ་ལ་གནས་ཚུལ་གསར་པ་བཀོད་པ་གང་ཡང་མ་མཐོང་བས་བློ་མ་བདེ་བ་ཞིག་ཀྱང་བྱུང༌། གང་ཡིན་ཞེ་ན། རང་རེའི་དེབ་ཕྲེང་དང་ཚགས་ཤོག་ཕལ་མོ་ཆེ་སྐུ་ཚེ་རིང་པོར་བཞུགས་ཐུབ་ཀྱི་མེད། འོན་ཀྱང་རང་ངོས་ནས་མ་ལག་རྡུམ་མའི་བུ་ཆུས་ཁྱེར་བ་བཞིན་ནང་གི་གདུང་བ་ཙམ་ལས་བྱ་ཐབསབྲལ་བཞིན་ཡོད་སྐབས་ཁ་བརྡ་དྲྭ་རྒྱའི་གླེང་སྟེགས་ལས་རིང་མིན་དུས་བབ་དྲྭ་རྒྱ་སྔར་ལས་འཐུས་ཚང་ཞིག་ཏུ་བསྒྱུར་ནས་སྒོ་འབྱེད་རྒྱུ་ཡིན་པ་ཐོས་པསདབུགས་དབྱུངས་ཐོབ། དེ་རིང་དུས་བབ་དྲྭ་རྒྱ་ལ་ལྟ་སྐབས་དངོས་གནས་སྔར་ལས་རྡབས་མང་པོས་བཀོད་པ་ལེགས་ཤིང་ཆ་རྐྱེན་ཕུན་སུམ་ཚོགས་པའི་དྲྭ་རྒྱ་ཞིག་ལེགས་གྲུབ་བྱུང་འདུག འདི་ཉིད་ལ་བརྟེན་ནས་མ་འོངས་པར་གནས་ཚུལ་གསལ་བསྒྲགས་དང༌། སྐད་ཡིག་རྒྱུན་འཛིན། བོད་མི་གོང་བུ་གཅིག་སྒྲིལ་བཅས་ལ་ཕན་ཐོགས་ཆེན་པོ་འབྱུང་རྒྱུ་ཡིན་པར་གདོན་མི་ཟ་བས་དགའ་བ་སྐྱེ་འོས་སུ་མཐོང༌། ཡིན་ན་ཡང་ཕྲན་བུ་གློག་ཀླད་ལ་ཤེས་རྒྱ་ཁབ་མིག་ལས་དོག་སྟབས་གནས་སྐབས་རིང་ཡིག་གཟུགས་ཕབ་ལེན་དང་ཀློག་རྒྱུའི་གོ་སྐབས་མ་བྱུང་ཡང་ངས་མུ་མཐུད་ནས་འབད་པ་བྱེད་ངེས།