སོ་རུ་ཚེ་རིང་།
ཁོ་བོའི་དྲ་གྲོགས་ལྷན་རྒྱས་དང་ལྷག་དོན་བརྩེ་བའི་བཟང་གྲོགས་དང་གཉེན་ཉེ། ཞེ་མཐུན་ཕོ་མོ་ཡོངས་ལ་བཤད་རྒྱུར། ཟླ་འགའི་སྔ་རོལ་དུ་བོད་དོན་རྒྱབ་སྐྱོར་བ་མཁས་དབང་(Elliot Sperling)ཨི་ལིའོ་ཊི་སི་སྤིར་ལིང་ལགས་ཀྱི་རྗེས་དྲན་མྱ་ངན་སྟེང་ཁོ་བོས་སྙན་ངག་ཅིག་གྱེར་འདོན་བྱེད་ཁུལ་བྱས་པ་དེ་ལ་བསྙད་དེ། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་ཞུ་མཁན་དང་ཀླུ་བྱམས་སོགས་དང་ལྟ་བ་གཅིག་ཚུལ་གྱིས་གླེང་ཕྱོགས་སྣ་ཚོགས་བཟོས་ནས་སྤྱི་ཚོགས་ནང་གང་བྱུང་དུ་གནོད་ཤུགས་ཟར་ཟུར་རིམ་པར་སྤྲད་དེ་གྲོགས་པོ་དང་གྲོགས་མོ། རང་དང་འགྲོགས་
ཀུན་མཁྱེན་བླ་མ་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོན་པོ་འགའ་ལ་དོགས་སེལ་དུ་ཕུལ་བ།
(ཨེ་མ་ཧོས་བརྒྱུད་གཏོང་བྱས།)
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།
ཉེ་ཆར་ཁོ་བོས་བྲིས་པའི་རྒྱ་ཡིག་གི་དཔེ་ཆ་ཤེས་རབ་སྒྲོན་མེའི་འོད་སྣང་ཞེས་པ་དེའི་ནང་དུ་བན་བོན་གྱི་ཁྱད་པར་ཅུང་ཟད་ཅིག་སྨྲས་པ་ལ་གང་ཟག་འགའ་རེས་བོན་གྱི་ཆོས་ལ་སྐུར་བ་བཏབ་ཡོད་པར་འདུག་སྙམ་དུ་དོགས་པ་ཟ་བ་ཡོད་མཆི་བས་དེ་དག་གི་དོགས་སེལ་དུ་བརྗོད་པ། ཐོག་མར་ཤེས་རབ་སྒྲོན་མེའི་འོད་སྣང་གི་གཞུང་ཚིག་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་སྟེ། དེ་ཉིད་ལས།
དེ་ལས་མང་བ་། “ཀུན་མཁྱེན་བླ་མ་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོན་པོ་འགའ་ལ་དོགས་སེལ་དུ་ཕུལ་བ།” »
ཨ་རིའི་བོད་ཀྱི་ན་གཞོན་ཨ་མ་ཞིག་གི་སྙིང་གཏམ།
—གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།
ངའི་མིང་ལ་རང་རིགས་སྐྱིད་ཟེར། ཕ་ཡུལ་ཨ་མདོ་རྔ་བ་ནས་ཡིན། མི་ལོ་ཉི་ཤུའི་རིང་ལ་བོད་ནང་ཞིང་འབྲོག་གི་འཚོ་བ་བསྐྱལ་བ་ཡིན། རྗེས་སུ་རྒྱ་གར་དུ་ཕྱིན་ཏེ་བོད་ཁྱིམ་སློབ་གྲྭར་སོང་ནས་སློབ་མཐར་ཕྱིན་རྗེས་མུ་མཐུད་དུ་ལོ་གཅིག་གི་རིང་ལ་གློག་ཀླད་སྦྱངས། ཕྱི་ལོ་2006་ལོར་ཨ་རིར་གནས་སྤར་ཏེ་མཐོ་སློབ་ཏུ་སློབ་སྦྱོང་བྱས་པ་དང་།
ཡིད་སྐྱོའི་གནས་ཚུལ།
ཡོང་ཁུངས། གཡུང་དྲུང་བོན་གྱི་དྲ་རྒྱ
དེ་རིང་ཕྱི་ལོ་༢༠༡༧ཟླ་༩ཚེས་༡༤ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་འདི་བཞིན་རྒྱ་ཆེའི་དད་འབངས་ཡོངས་ལ་མ་ཞུ་ཐབས་མེད་ལགས་ན། དེ་ལུགས་དད་ལྡན་རྣམས་ནས་ཀྱང་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་བརྩོན་ཞུ་གལ་ཆེ་བ་དང་།
༼རྒྱ་བོད་ཚིག་མཛོད་༽ཐོན་རིམ་གཉིས་པ་ནའང་ཡིག་ནོར་འདུག གསུམ་པ་ཞིག་དགོས་པའི་རེ་སྐུལ་ཞུ་ཡིག
—པ་སངས་དོན་འགྲུབ།
དག་ཡིག་དང་ཚིག་མཛོད་ཀྱི་ཁྱད་ཆོས་གཙོ་བོ་ནི། ཡི་གེ་མ་ནོར་བ་དང་འགྲེལ་བཤད་མ་ནོར་བ་དགོས་པ་དེ་རེད། དེ་ནི་ཚིག་དོན་གང་ཞིག་འགྲིག་དང་མི་འགྲིག་གི་ཚད་འཇལ་བྱེད་དུ་བེད་སྤྱོད་བྱེད་པའི་དབང་གིས་རེད། དག་ཡིག་ལ་ཁ་མི་གྲག་པའི་དགེ་རྒན་ཞེས་བརྗོད་སྲོལ་ཀྱང་ཡོད། དེ་ཡང་མ་ནོར་བ་ཞིག་དང་ལམ་སྟོན་ཡང་དག་ཅིག་གནང་མཁན་དུ་ཆ་བཞག་པའི་ངོས་འཛིན་བྱེད་སྟངས་རེད།
གཞུང་འབྲེལ་མཛད་སྒོ་ཁག་གི་བཞུགས་གྲལ་གདན་ཐོབ་གསར་པ།
ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
བོད་མིའི་སྒྲིག་འཛུགས་ཀྱི་འཆར་འཕར་གཞུང་འབྲེལ་མཛད་སྒོ་ཁག་གི་བཞུགས་གྲལ་གདན་ཐོབ་རྩ་འཛིན་གསར་པའི་ཐོག་འགྲེལ་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༡ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤེལ་བའི་རྩ་འཛིན་བཀོད་ཁྱབ་ནང་དོན་ལྟར། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གསལ་བཤད་གནང་དོན། སྤྱིར་ཚང་མས་མཁྱེན་གསལ་རེད། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཀའ་ཤག་སྐབས་ ༡༤ བཀའ་བློན་ཁྲི་པ་དམ་འབུལ་སྐབས་
དེ་ལས་མང་བ་། “གཞུང་འབྲེལ་མཛད་སྒོ་ཁག་གི་བཞུགས་གྲལ་གདན་ཐོབ་གསར་པ།” »
བཙན་བྱོལ་སྤྱི་ཚོགས་ཀྱིས་མ་ཀློག་ཐུ་མེད་ཀྱི་གསལ་བསྒྲགས།
ཡིག་འབྲི་བ། འདྲེ་གླེན་པ།
མདོ་སྨད་གླིང་དང་འདྲེ་གླེན་པ།
སྔོན་འགྲོ །
དེ་རིང་ནི་སྤྱི་ཟླ་དྲུག་6པའི་ཚེས་22 ཡིན། ཞོགས་པ་ཨོ་གླིང་གི་དུས་ཚོད་བརྒྱད་དང་སྐར་མ་བཅུ་བདུན་8:17am གྱི་སྟེང་དུ་ང་རང་མདོ་སྨད་གླིང་ཞེས་པའི་མི་གྲངས་བཞི་བརྒྱ་ཡས་མས་གྲུབ་པའི་ཚོགས་པ་དེའི་ནང་དུ་འཛུལ་བ་ཡིན། འདི་ནི་ང་རང་མདོ་སྨད་གླིང་གི་སྐད་ཚོམ་ལ་འཛུལ་བ་ཐེངས་གསུམ་པ་ཡིན།
དེ་ལས་མང་བ་། “བཙན་བྱོལ་སྤྱི་ཚོགས་ཀྱིས་མ་ཀློག་ཐུ་མེད་ཀྱི་གསལ་བསྒྲགས།” »
དོལ་པོ་གསོ་རིག་ཀུན་ཕན་སྨན་རྩིས་ཁང་དང་འབྲེལ་བའི་གཏམ་ཐུང་ངུ་།
ཨེམ་རྗེ་རྣམ་རྒྱལ།
དོལ་པོ་གསོ་རིག་ཀུན་ཕན་སྨན་རྩིས་ཁང་དང་འབྲེལ་བའི་གཏམ་ཐུང་ངུ་།
དོལ་པོ་གསོ་རིག་ཀུན་ཕན་སྨན་རྩིས་ཁང་ནི། སྐྱེ་འགྲོ་རྣམས་ཀྱི་ལུས་གནས་བདེ་ཐང་ཡོང་སླད་དང་། མ་བུ་བདེ་སྲུང་། ཁོར་ཡུག་སྲུང་སྐྱོབ། གསོ་རིག་མི་ཉམས་གོང་འཕེལ་དང་། ཉམས་པ་གསོར་ཆུད་ཡོང་བ། དེ་བཞིན་འདི་ཕྱིར་བདེ་བའི་ལམ་བཟང་ལ་འཇུག་ཕྱིར་དོལ་པོ་ཨེམ་ཆི་རྣམ་རྒྱལ་རང་ཉིད་དང་དོལ་པོ་ཨེམ་ཆི་ཚོགས་པའི་ཚོགས་མི་ཡོངས་ཀྱིས་དཀའ་ངལ་འབད་བརྩོན་ལ་བརྟེན་ནས་བསྒྲུབས་པ་ཞིག་ཡིན། སྔར་སྲོལ་གསོ་རིག་གཞུང་ལུགས་ལ་མཁྱེན་རྒྱ་ཆེ་བའི་ལྷ་རྗེ་བགྲེས་སོང་འགའ་ཡོད་ཀྱང་མཐུན་རྐྱེན་དབེན་པས།
དེ་ལས་མང་བ་། “དོལ་པོ་གསོ་རིག་ཀུན་ཕན་སྨན་རྩིས་ཁང་དང་འབྲེལ་བའི་གཏམ་ཐུང་ངུ་།” »
རྩོམ་རིག་གསར་པའི་གནད་དོན་འགའ་ཞིག་གླེང་བ། (འོས་སྦྱོར།)
དོར་ཞི་གདོང་དྲུག་སྙེམས་བློ།
སྙན་ཚིག་རྩོམ་མཁན་མི་གྲངས་མི་ཉུང་བ་ཞིག་བྱུང་ཡོད། འོན་ཀྱང་
༡ རྩོམ་པ་པོ་མང་ཤོས་ཤིག་ནི་གསར་དུ་རྩོམ་རིག་གི་ལམ་དུ་གོམ་པ་སྤོས་པ་དང་།
༢ རྩོམ་རིག་གསར་པའི་རྩོམ་སྟངས་དང་ནང་དོན་གཉིས་ཀར་ཚོད་བརྟག་བྱེད་པ་ལས་རང་ལ་ངེས་སྲོལ་ཞིག་ཆགས་མེད་པ་དང་།
༣ བོད་རང་གི་ཐུན་མོང་དང་ཐུན་མོོང་མ་ཡིན་པའི་རིགས་པའི་གཞུང་ལུགས་ཕྱོགས་ལ་ལྟ་རྒྱ་ཆུང་བ་དང་།
དེ་ལས་མང་བ་། “རྩོམ་རིག་གསར་པའི་གནད་དོན་འགའ་ཞིག་གླེང་བ། (འོས་སྦྱོར།)” »
བོད་རྒྱ་ཆེའི་མང་ཚོགས་ལ་ཐུགས་སྣང་ཞུ་སྙན།
རྒྱལ་མཚན།
༄༅། །ཉེ་བའི་ཆར་ནས་བཙན་བྱོལ་སྤྱི་ཚོགས་ནང་རྐུབ་སྟེགས་དང་སྒེར་དོན་ཁོ་ན་ལས་བསམ་རྒྱུ་མེད་པའི་མི་སྣ་རེ་ཟུང་གིས། བོད་སྤྱི་པའི་གྲོས་ཚོགས་སྡིང་ཆ་བེད་སྤྱོད་ཀྱིས། ༧གོང་ས་མཆོག་གི་སྐུ་དྲིན་ཁ་ལ་ཁུར་ནས་རང་དོན་ཁོག་བཅུག་དང་། སྤྱི་དོན་ལག་ཕྱིས་བྱས་ནས། མང་ཚོགས་ཀྱི་མདུན་ལ་དད་པ་ཆེ་མདོག ལྷག་བསམ་ཆེ་མདོག་གི་རྣམ་འགྱུར་བསྟན་ནས། བོད་མིའི་ཆིག་སྒྲིལ་ལ་གནོད་གཞི་དང་། བོད་ཀྱི་གཞོན་རབས་པའི་བསམ་བློའི་རང་དབང་དང་། སྨྲ་བརྗོད་རང་དབང་། ཡང་དག་པའི་མང་གཙོའི་འཕེལ་རིམ་ལ་གནོད་པ་ཚབས་ཆེན་གཏོང་གི་ཡོད་པར་བརྟེན།
སྲིད་སྐྱོང་མཆོག་གིས་འོས་བསྡུ་སྒྲིག་གཞི་བསྐྱར་བཅོས་ཐད་བཀའ་ཤག་གི་དགོངས་ཕྱོགས་འགྲེལ་བརྗོད་གནང་།
ཐུབ་ཕུན་གྱི་ལན་དང་འབྲེལ་བའི་དྲ་ཐོག་དྲིས་ལན།
རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།།
གཅིག ༽
བརྩེ་བའི་དྲ་གྲོགས་རྣམ་པ། ཁམས་བཟང་། དོ་ནུབ་ངས་ཉེ་ཆར་དགེ་རྒན་ཐུབ་བསྟན་ཕུན་ཚོགས་དང་ང་གཉིས་བར་གྱི་གླེང་མོལ་དེ་ལས་འཕྲོས་པའི་དྲ་ཐོག་གི་དྲི་བ་དག་ལ་དཀྱུས་གཅིག་ཏུ་ལན་སྟབས་བདེ་ཞིག་འདེབས་རྒྱུ་ཡིན། ལན་འདི་ལོ་སར་སྔོན་ལ་ཕུལ་ཟིན་པ་བྱུང་ན་ཡག་པོ་འདུག གནམ་ལོ་གསར་པ་ཚེས་ལ་ཉེ་བས་ལོ་སར་རྗེས་ནས་ང་ཚོས་བརྗོད་གཞི་གཞན་འདྲ་མིན་ཐོག་བགྲོ་གླེང་ཡོང་གི་རེད། དེས་ན་སྔར་གྱི་གླེང་གཞི་དེ་མུ་མཐུད་འུར་མི་དགོས་པར་བསམ་ཡོད། འོན་ཀྱང་བྲེལ་བའི་དབང་གིས་ད་བར་ལྷག་སོང་།
དེ་ལས་མང་བ་། “ཐུབ་ཕུན་གྱི་ལན་དང་འབྲེལ་བའི་དྲ་ཐོག་དྲིས་ལན།” »
ཐུབ་ཕུན་གྱི་ལོག་བཤད་ལ་ལན་དུ་སྤྲིངས་པ།
རྫ་ཚེ་རིང་བཀྲ་ཤིས།
༡༽ ང་ལ་གསལ་བཤད་ཀྱི་འོས་འགན་ཡོད།
ཁར་རྩང་ངས་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དྲ་ལམ་ནས་རྒྱལ་སྤྱིའི་ཁྱོན་གྱི་སློབ་མ་ཚོར་གནང་བའི་དྲིས་ལན་ཕྲན་གྱིས་བོད་སྒྱུར་ཞུས་པ་དེ་ལ་ལོ་རྒྱུས་སྨྲ་བ་ཐུབ་བསྟན་ཕུན་ཚོགས་ཀྱིས་དོགས་སློང་བྱས་པ་ཞིག་མཐོང་བྱུང་། མཁྱེན་བརྩེ་རིན་པོ་ཆེ་དང་ཁོང་གི་གསུང་ལ་རྒྱུས་མེད་པ་དང་། བཀའ་སློབ་ཀྱི་མ་དཔེ་ལ་ཞིབ་དཔྱོད་ཀྱི་ཆ་རྐྱེན་མི་ལྡན་མཁན་ཚོའི་ཆེད་དུ་འདིར་གསལ་བཤད་ཅིག་བྱེད་རྒྱུ་ཡིན། རང་ཉིད་རྩོམ་དེ་སྒྱུར་མཁན་ཡིན་པའི་ཆ་ནས་སྐད་ཆ་ཉུང་ཉུང་ཞིག་བཤད་རྒྱུའི་འོས་འགན་ཡང་ཡོད་པ་རེད་ལ། སྤྱི་ཚོགས་དང་ཀུན་སྤྱོད་ལ་འགན་མི་ཁུར་བའི་མིའི་སྐད་ཆ་ལ་ཐེར་འདོན་བྱེད་པ་ནི་དགེ་བ་ཞིག་རེད།
ལན་འདེབས།
—ཤར་ཕྱོགས་ཁུག་རྟ།
༄༅། ། ཕྱི་སྲིད་མགྲིན་ཚབ་པ་ཝང་ཡིས་ལགས་ལ།
ད་ལྟ་རང་བོད་ཀྱི་དུས་བབ་གསར་ཁང་གི་དྲྭ་རྒྱའི་ནང་། ༼ཁ་སང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་(Wang Yi) ཡིས་སོག་ཡུལ་གྱི་ཕྱི་སྲིད་བློན་ཆེན་མུན་ཀ་ཨོར་གྷེལ་ (Tsend Munkh-Orgil) ལགས་སུ་ཁ་པར་བཏང་སྟེ། ཏཱ་ལའི་བླ་མ་གསང་བའི་སྒོ་ནས་སོག་ཡུལ་དུ་ཕེབས་བཅུག་པ་དེས་
ས་མཐའི་བོད་ཀྱི་ཨ་ཕ་ཞིག་གི་སེམས་གཏམ།
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།
ངའི་མིང་ལ་དོན་འགྲུབ་ཟེར། ཕ་ཡུལ་ཚ་ཁོ་ཁྲོ་ཆུ་ནས་ཡིན། དོ་ནུབ་ང་ལ་དུས་ཚོད་སྟོང་བ་ཡོད། ཆུང་མ་དང་ཕྲུ་གུ་གཉིས་ནང་ལ་མེད། ཁོང་ཚོ་ཆུང་མའི་ཕ་མའི་ནང་དུ་ཕྱིན་སོང་།དེ་བས་ དོ་ནུབ་ང་རང་གིས་བྱིས་པ་གསོ་སྐྱོང་བྱས་པའི་ཉམས་མྱོང་དང་བསམ་ཚུལ་ཅུང་བཤད་རྒྱུ་ཡིན།
ང་རང་ལོ་བཅུ་བདུན་བར་ཚ་སྐད་མ་གཏོགས་ཨ་མདོའི་སྐད་མི་ཤེས། ལོ་བཅུ་བདུན་སྟེང་དམུ་དགེ་དགོན་པར་གྲྭ་བ་བྱས་པ་ཡིན། དམུ་དགེ་དགོན་པ་ནས་བོད་ཡིག་སྦྱོང་ཞོར་དུ་ཨ་མདོའི་སྐད་ཤེས་སོང་།
བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་གཙོ་བོ་དེ་ཕ་མ་གཉིས་རེད།
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།
ངའི་མིང་ལ་དབྱངས་ཅན་མཚོ་ཟེར། ངའི་ཕ་ཡུལ་ཁམས་བྲག་མགོ་རེད། ང་ད་ལྟ་དབྱིན་ཇིའི་རྒྱལ་ས་ལོན་ཏྲོན་ལ་བསྡད་ཡོད། ངའི་བཟའ་ཟླ་ཨ་མདོ་ནས་རེད། ངེད་གཉིས་ལ་བུ་མོ་ལོ་བཞི་ལོན་པ་ཞིག་དང་བུ་ལོ་གཅིག་ལོན་པ་ཞིག་ཡོད། ཕྱི་བཞུགས་བོད་པའི་ཕ་མ་མང་པོས་ནང་ཁུལ་ལ་ཁ་བརྡ་བྱེད་སྐབས་ཧིན་སྐད་དང་བོད་སྐད་སྦྲགས། དབྱིན་སྐད་དང་བོད་སྐད་སྦྲགས་ནས་བོད་སྐད་གཙང་མ་བཤད་མཁན་ཉུང་ཉུང་ཡིན་པའི་སྣང་ཚུལ་འདི་སྔོན་མ་ཞིག་ནས་ཡོད། དེར་བརྟེན་ངའི་སེམས་ལ་རང་གི་མ་འོངས་པའི་ཁྱོ་ག་དང་བྱིས་པ་ལ་བོད་སྐད་གཙང་མ་བཤད་དགོས་པར་དྲན་མྱོང་།
དེ་ལས་མང་བ་། “བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་གཙོ་བོ་དེ་ཕ་མ་གཉིས་རེད།” »
ཀླུ་སྨྱོན་གྱི་གསལ་བཤད་ཚིག་གསུམ།
ཀླུ་སྨྱོན།
ཉིན་ཤས་སྔོན་གུས་པས་བྲིས་པའི་ “ཡང་གཅིག་བསྲེགས་སོང་། ང་ཚོ་ལྟད་མོ་བ་ཡིན་ནམ་”ཞེས་པའི་རྩོམ་ཡིག་དེར་མི་མང་པོས་ཚ་ཚ་འུར་འུར་གྱིས་བགྲོ་གླེང་བྱས་སོང་། དེ་དག་ལས་ལ་ལས་དྲང་ཕྱོགས་ནས་དང་ལེན་དང་ལ་ལས་ལྡོག་ཕྱོགས་ཀྱིས་སྡིག་དམོད་གནང་སོང་ལ། ཁྱད་པར་དུ་ཨུ་རུ་སུར་བཞུགས་པའི་བདག་གི་སྐད་འཕྲིན་གྲོགས་པོ་འོད་ལགས་ཀྱིས་དགག་ཡིག་ཅིག་བྲིས་འདུག་པར། ཐོག་མར་གྲོགས་པོ་འོད་ལགས་ཀྱིས་བདག་ལ་གཤམ་གྱི་རྩོམ་ཡིག་འདི་འདྲེན་པའི་ཁོང་གི་རྩོམ་ཡིག་དེ་བྲིས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན།
འོད་ལགས་
དགོངས་སེལ་ཞུ་ཡིག
བཀྲ་ཤིས་རྡོ་རྗེ།
“བསོད་ནམས་ཅན་གྱི་རྒྱན་ཤོག”གོ་སྒྲིག་ཚོགས་པའི་ངོས་ནས་དགོངས་སེལ་དང་སྦྲགས་གསལ་བྱེད་ཞུ་རྒྱུར།
ད་ལོ་སྤྱི་ཟླ་༡༡ པའི་ཚེས་འགོ་ཙམ་ནས་ངེད་སློབ་མ་ཁག་ཅིག་གི་སློབ་ཡོན་དང་འཚོ་བའི་མཐུན་འགྱུར་གྱི་ཆེད་དུ་བཙན་བྱོལ་སྤྱི་ཚོགས་ཡོངས་ལ་བཀྲམ་ཐུབ་པའི་རྒྱན་ཤོག་ཅིག་གོ་སྒྲིག་བྱས་ཏེ། ཞི་བདེ་གཟེངས་རྟགས་ཉིན་འགྲེམས་སྤེལ་བྱ་འཆར་བྱས་ནས་ལས་གཞི་ཞིག་སྤེལ་འགོ་ཚུགས་ནའང། སྟབས་མ་ལེགས་པ་ཞིག་ལ།
ཨ་རིའི་སྲིད་འཛིན་གསར་པའི་བུ་མོའི་གཏམ་བཤད།
ཡིག་སྒྱུར་བ། རྩི་ལྗང་ལོ།
“དེ་རིང་ངས་ཨ་རིའི་མི་མང་ཚོར། ངའི་ཨ་ཕ་ཁྱེད་རང་ཚོའི་རྒྱབ་ཏུ་ལངས་པ་ནས་བཟུང་། ཁྱེད་རང་ཚོས་ནམ་ཡང་སེམས་ཁྲལ་དང་དངངས་སྐྲག་དགོས་ཀྱི་མ་རེད་ཟེར་རྒྱུ་ཡིན། ཁོང་གིས་ག་དུས་ཡིན་རུང་། ཕྱོགས་ཡོངས་ནས་ཁྱེད་རང་ཚོའི་ཆེད་དུ་འཐབ་རྩོད་བྱེད་ཀྱི་རེད”ཅེས། ཨ་རིའི་སྲིད་འཛིན་གསར་པ་(Donald Trump) གྱི་བུ་མོ་(Ivanka) ཡིས་གཏམ་བཤད་བྱས་ཡོད་པ་རེད།
ཐུགས་རྗེ་ཆེ། ལོ་གཅིག་གི་སྔོན་དུ་ངའི་ཨ་ཕ་འོས་མིར་ལངས་རྒྱུའི་གསལ་བསྒྲགས་བྱས་པ་དང་། སྐབས་དེར་ངས་ང་རང་གི་ཨ་ཕ་ངོ་སྤྲོད་ཅིག་བྱས་པ་ཡིན།
པ་བའི་བསྟན་བཅོས་གནས་ལུགས་ཚིགས་དྲུག་མདའ་མོ།
རྩོམ་པ་བོ། ཟླ་བ་འོད་ཟེར། (འོས་སྦྱོར།)
༄༅། །དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལ་སྤྲིངས་པའི་པ་བའི་བསྟན་བཅོས་གནས་ལུགས་ཚིགས་དྲུག་མདའ་མོ་སྤྲད་པའི་མཆོག་དཀར་ཞེས་བྱ་བ།
ལུང་ཚིག་གཅིག་ཙམ་དྲངས་ནས་འཇིགས་འཇིགས་ཀྱི།།
རྣམ་འགྱུར་འཛིན་པའི་ངན་གོམས་རུལ་བ་དེ།།
ཐོས་མང་དཔྱོད་ལྡན་མདུན་དུ་འོས་མིན་པས།།
གཞུང་ལུགས་བརྒྱ་ཕྲག་མང་བོ་བསྡུར་བར་མཛོད།།